ལོ17ཅན་གྱི་པདྨ་བདེ་འཛོམས་ལ་ཡུལ་ཤུལ་གྱི་མཛེས་མ་དང་པོའི་མཚན་བཟང་ཐོབ།
རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-07-09
ཀློག་གྲངས།:
ཡུལ་ཤུལ་ཁུལ་གྱོན་གོས་འཁྲབ་སྟོན་གྱི་ཡུལ་དངོས།
ལོ་ན17ཅན་གྱི་བུ་མོ་པདྨ་བདེ་འཛོམས་གྱོན་གོས་འཁྲབ་སྟོན་གྱི་ཡུལ་དངོས་སུ།
ཉེ་ལམ། ཡུལ་ཤུལ་ཁུལ་གྱོན་གོས་འཁྲབ་སྟོན་གྱི་འགྲན་བསྡུར་དེ་བདེ་བླག་ངང་མཇུག་སྒྲིལ་ཞིང་། འགྲན་བསྡུར་གྱི་ཉིན་མོར་དེར་ཁོ་ཚོས་བོད་ལྭ་དང་མགོ་རྒྱན། ལུས་རྒྱན་སོགས་རྒྱན་ཆས་གང་ལེགས་སྤྲས་ཏེ་འགྲན་བསྡུར་གྱི་གར་སྟེགས་སུ་བུད་དེ་འཁྲབ་སྟོན་གནང་མཐར། ཁམས་པའི་ཕོ་རྒོད་དང་ཁམས་པའི་མེ་ཏོག་ཅེས་པའི་ལེགས་འདེམ་མཇུག་འབྲས་དེ་ཉེ་ཆར་ཁྱབ་བསྒྲགས་བྱས་ལ། ཡུལ་ཤུལ་གྱི་མཛེས་མ་དང་པོའི་མཚན་བཟང་དེ་འགྲན་ཞུགས་ཨང33པ་སྟེ་ཡུལ་ཤུལ་ནང་ཆེན་རྫོང་ནས་ཡོང་བའི་ལོ་ན17ཅན་གྱི་བུ་མོ་པདྨ་བདེ་འཛོམས་ལ་ཐོབ་པ་རེད།
ཁམས་པའི་མེ་ཏོག་ཅེས་པའི་ཨང་དང་པོ་ཐོབ་མཁན།
ཁམས་པའི་ཕོ་རྒོད་ཅེས་པའི་ཨང་དང་པོ་ཐོབ་མཁན།
འབྲེལ་ཡོད་འོས་སྦྱོར།