logo

ཨ་རི་དང་ཀྲུང་གོའི་སློབ་མའི་བར་གྱི་ཁྱད་པར།

རྩོམ་པ་པོ།:གོར་མས་བསྒྱུར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-06-07 ཀློག་གྲངས།:

  ཨ་རིའི་དྲ་གྲོགས་ཤིག་གིས་ང་ལ་ཨ་རི་དང་ཀྲུང་གོའི་སློབ་མའི་བར་གྱི་མི་འདྲ་ས་གང་རེད་ཟེར། སྐབས་དེར་ངས་ཇི་ལྟར་ལན་འདེབས་དགོས་མིན་མ་ཤེས།ཡིན་ནའང།རྗེས་སུ་བསམ་གཞིགས་ཞིབ་མོར་བཏང་རྗེས། ཨ་རི་དང་ཀྲུང་གོའི་སློབ་མའི་བར་དུ་ཁྱད་པར་མང་དུ་འདུག་ལ། མ་མཐར་ཡང་ངའི་དྲན་འཛིན་གྱི་དབུས་སུ་ཟུར་སྣེ་མི་འདྲ་བ་བཅུ་ཐོན་ཡོང་།
  ༡  སློབ་ཆེན་ལ་རྒྱུགས་སྤྲོད་པ།
  ཨ་རིའི་སློབ་མ་རྣམས་ཀྱིས་སློབ་ཆེན་ལས་མཐར་ཕྱིན་ཆེད།སློབ་ཆེན་དུ་ཐོན་པ་ནས་བཟུང་ནན་ཏན་གྱིས་སློབ་སྦྱོང་ལ་མགོ་རྩོམ་པར་བྱེད།
  ཀྲུང་གོའི་སློབ་མ་རྣམས་ནི་དེ་ལས་ལྡོག་སྟེ། སློབ་ཆེན་ལ་རྒྱུགས་འཕྲོད་ཆེད་ཧུར་ཐག་གིས་སློབ་སྦྱོང་བྱེད་ལ། སློབ་ཆེན་དུ་ཐོན་རྗེས་སློབ་སྦྱོང་ལ་དོ་གལ་མི་བྱེད།
  མཆན། ཨ་རིའི་སློབ་ཆེན་ནི་ཡོང་བར་སླ་ཡང་འགྲོ་བར་དཀའ་བ་དང་ཀྲུང་གོའི་སློབ་ཆེན་ནི་ཡོང་བར་དཀའ་ཡང་འགྲོ་བར་སླ་བའོ། 
  ༢  དགེ་རྒན་ལ་དྲི་བ་འདོན་པ།
  སློབ་ཁྲིད་ཀྱིི་སྐབས་སུ། ཨ་རིའི་སློབ་མ་རྣམས་ཀྱིས་མི་ཤེས་ཤེས་མདོག་བྱེད་ཆེད་བསམ་བཞིན་དུ་དགེ་རྒན་ལ་དྲི་བ་འདོན་ལ། ཁོང་ཚོའི་ད་དུང་འདི་ལྟ་བུའི་མཁའ་དབུགས་ཀྱིས་ད་གཟོད་དགེ་རྒན་དང་ཉེ་བར་འབྲེལ་འདྲིས་བྱེད་ཐུབ་པར་འདོད།
ཀྲུང་གོའི་སློབ་མ་རྣམས་ནི་དེ་ལས་ལྡོག་སྟེ། མི་ཤེས་ཤེས་མདོག་བྱེད་ཆེད་དགེ་རྒན་ལ་དྲི་བ་འདོནཔར་མི་བྱ་ལ། ཁོང་ཚོའི་ད་དུང་འདི་ལྟར་སྲོང་བོར་གནས་བ་ནི་དགེ་རྒན་ལ་བརྩི་བཀུར་བྱེད་པར་འདོད།
  ༣  དྲིས་ལན་སེལ་ཐབས།
  གལ་ཏེ་དགེ་རྒན་གྱིས་ད་ལྟ་དུས་ཚོད་བཅུ་གཉིས་ཡིན་ལ། སྐར་མ་དང་སྐར་ཆའི་མདའ་རྟགས་གཉིས་ཏག་ཏག་གནས་གཅིག་ཏུ་འཁེལ་འདུག དེ་ན། དུས་ཚོད་ག་འདྲ་ཞིག་འགོར་རྗེས། སྐར་མ་དང་སྐར་ཆའི་མདའ་རྟགས་གཉིས་ཡང་བསྐྱར་གནས་གཅིག་ཏུ་འཁེལ་ངེས་ཞེས་དྲི་བ་འདི་ལྟ་བུ་ཞིག་བཏོན་ཚེ། དགེ་རྒན་གྱི་སྐད་སྒྲ་འཇགས་མ་ཐག  ཨ་རིའི་སློབ་མ་རྣམས་ཀྱི་རྣམ་འགྱུར་ནི་མ་གྲོས་གཅིག་མཐུན་གྱིས་ལག་མགོའི་དུས་ཚོད་ལ་བལྟས་ནས། དོན་དུ་སྤྱང་གྲུང་འཛོམས་པའི་གླེན་རྟགས་ལ་བརྟེན་ནས་སྐར་མ་དང་སྐར་ཆའི་མདའ་རྟགས་ནི་ནམ་ཞིག་ལ་ཡང་བསྐྱར་གནས་གཅིག་དུ་འཁེལ་བར་བལྟ་ངེས།  ཡང་དེར་ཡོད་པའི་ཀྲུང་གོའི་སློབ་མ་རྣམས་ཀྱིས་དེ་མ་ཐག་ཤོག་བུ་དང་མྱུ་གུ་ལེན་ངེས་ལ། མགོ་སྒུར་ནས་སྤྱི་འགྲོས་མང་པོ་ཞིག་བསྟར་རྗེས་དེ་ལ་བརྟེན་ནས་བརྩི་བར་བྱེད་ངེས།
  ༤   སློབ་གསོ་ཐེབས་ལུགས།
  ཨ་རིའི་སློབ་མ་རྣམས་ལ་སློབ་གསོ་ཐེབས་ལུགས་ནི་ལུག་འཚོ་བ་ལྟ་བུར་བློ་བདེ་བག་ཕེབས་སུ་སྣང་། དེ་རྐྱེན་གྱིས་ཁོང་ཚོའི་གྲས་ཀྱི་མང་ཤོས་ནི་མི་དྲན་དགུ་དྲན་བྱེད་པར་སྤྲོ་ལ་བསམ་པའི་འཆར་འགོད་ཡང་སྣ་མང་ཕུན་སུམ་ཚོགས། ཡིན་ཡང་ཀྲུང་གོའི་སློབ་མ་རྣམས་ལ་སློབ་གསོ་ཐེབས་ལུགས་ནི་བྱ་གག་གསོ་བ་ལྟ་བུར་དཀའ་སྡུག་ཆེ་བར་སྣང་ལ། ཁོང་ཚོ་ཆེས་སྐྲག་པ་ནི་དེབ་ངོས་ཀྱི་དྲི་ལན་ཁག་མིན་པར་ཀླད་པ་འཁོར་སྐྱོད་ཀྱི་འདྲི་ཚིག་དག་ཡིན། དེ་རྒྱུ་མཚན་ཡང་ཁོང་ཚོའི་ཀླད་པ་ནི་ཟུར་མང་བོར་འཁོར་སྐྱོད་བྱེད་དཀའ་བའི་རྐྱེན་ཡིན་ནོ།
  ༥   རྩིས་ཀྱི་རིག་པ།
     ཨ་རིའི་སློབ་མ་མང་པོར་རྩིས་ཀྱི་རིག་པ་མེད། དེ་བས་དུས་ཡུན་རིང་བོར་རྩིས་ཆས་ལ་མི་བརྟེན་ཐབས་མེད་དུ་གྱུར་ཡོད།
  ཀྲུང་གོའི་སློབ་མ་རྣམས་ནི་རྩིས་ཀྱི་མཁན་པོ་ཏག་ཏག་ཡིན་ལ་ཁོག་རྩིས་དང་ཁ་རྩིས་སོགས་ལ་ཐོགས་པ་མེད། གལ་ཏེ་ཀྲུང་གོའི་སློབ་མ་ཞིག་གིས་ཨ་རིའི་སློབ་མ་ཞིག་ལ། ང་ཚོའི་རྩིས་ཆས་བཀོལ་སྤྱོད་མ་བྱས་པར་གྲངས་ཀ་བཞི་ཅན་གྱི་བསྒྱུར་བཀོད་ལ་རྩིས་རྒྱག་ཞེས་ལབ་ཚེ། ཨ་རིའི་སློབ་མ་དེ་ཡིས་ཀྲུང་གོའི་སློབ་མ་དེར་ལྟ་བའི་མིག་མདངས་ནི། ངེས་པར་དུ་རྫུན་བཤད་པའི་རྩེད་ཆས་ཞིག་གི་སྣ་རིང་བོ་དེ་མཐོང་བ་དང་མཚུངས། 
  ༦  རྒྱུན་བཀོད་ཀྱི་དངུལ། 
  ཨ་རིའི་སློབ་མ་དག་གི་ཕ་མས་ངས་ཁྱེད་ལ་ངེས་པར་དུ་བརྡ་རྒྱག་པ་ཞིག་ནི། ཁྱེད་ཀྱི་ཟླ་འདིའི་རྒྱུན་བཀོལ་ཀྱི་མ་དངུལ་དག་སྔོན་གྱི་འཆར་གཞི་ལས་བརྒལ་འདུག་པས། རླངས་འཁོར་གྱི་འདུག་སྟེགས་ལ་གད་བརྡར་དང་། ཁྲུས་ཁང་ལ་གཙང་ཕྱགས་ཡང་ན་ལྡུམ་རྭའི་ནང་གི་རྩྭ་འབྲེག་པ་དང་། ངས་ཁྱེད་ལ་ཡང་བསྐྱར་མ་དངུལ་འགའ་སྟེར་ཞེས་རང་གི་བུ་ཕྲུག་ལ་བཤད། 
  ཀྲུང་གོའི་སློབ་མ་དག་གི་ཕ་མས་ཁྱེད་ཀྱིས་རྒྱུན་སྤྱོད་ཀྱི་མ་དངུལ་བཀོལ་ཚར་བ་ཡིན་ནམ།  ཚར་སོང་ཚེ་རང་ཉིད་དཔེ་ཁང་དུ་སོང་ནས་ཆ་སྒམ་ནས་སྒོར་འགའ་འཁྱེར་སོང་ཞེས་རང་གི་བུ་ཕྲུག་ལ་བཤད།
  ༧  ཡུལ་སྐོར།
  ཨ་རིའི་སློབ་མ་དག་གིས་རང་གི་ཕ་མར་ངས་མ་དངུལ་གསོགས་ནས་འགྲུབ་འདུག   ད་ནི་ཡུལ་སྐོར་ལ་འགྲོ་རྒྱུ་ཡིན་ཟེར།
  ཀྲུང་གོའི་སློབ་མ་དག་གིས་རང་གི་ཕ་མར་ང་རང་ཡུལ་སྐོར་ལ་འགྲོ་རྒྱུ་ཡིན། ང་ལ་མ་དངུལ་གནང་རོགས་ཟེར། 
  ༨  དགའ་རོགས།
  ཨ་རིའི་སློབ་མ་དག་གིས་དགའ་རོགས་ཁྱིམ་དུ་འཁྲིད་ཡོང་ནས། ཁེངས་ཉམས་དང་བཅས་ཏེ་འདི་ངའི་དགའ་རོགས་ཡིན་ཟེར།
ཀྲུང་གོའི་སློབ་མ་དག་གིས་ཁྲོས་ཉམས་དང་བཅས། རང་གི་ཟྭ་བརྒྱབ་ཡོད་པའི་ཉིན་ཐོ་འབྲི་དེབ་ལག་ཏུ་ཐོགས་པའི་ཕ་མའི་མདུན་དུ།  སྒྲོབ་ཉམས་ཀྱིས་ངས་དགའ་རོགས་བཙལ་མྱོང་མེད་ཟེར།
  ༩   རྩེད་ཆས་གསར་བ།
  ཨ་རིའི་སློབ་མ་དག་རང་ཉིད་ངོམས་པར་དགའ་ལ། ལྟོས་དང་། རྩེད་ཆས་འདི་ནི་ང་རང་ཉིད་ཀྱིས་བསྒྲིགས་པ་ཡིན་ཟེར།
  ཀྲུང་གོའི་སློབ་མ་དག་ནི་རང་གི་ཡབ་མེས་དག་ངོམས་པར་དགའ་ལ ། ལྟོས་དང་།  འདི་ནི་ངའི་ཨ་ཕའི་ང་ལ་ཉོས་བའི་རྩེད་ཆས་ཡིན་ཟེར།  
  ༡༠  རང་ཉིད་ཀྱི་འགན་དུ་ལེན་པ། 
  ཨ་རིའི་སློབ་མའི་ཕ་མ་དག་གིས་ཁོང་ཚོར་སྙིང་ཉེ་ལགས།  ཁྱེད་རང་ད་ནི་གསར་བུར་འགྱུར་ཟིན་པས། རང་ཉིད་ཀྱི་དོན་དག་རང་ཉིད་ཀྱིས་འགན་ལེན་དགོས། རྒྱུན་དུ་ང་ཚོར་བློ་འདྲི་བྱ་མི་དགོས་ཟེར། 
  ཀྲུང་གོའི་སློབ་མའི་ཕ་མ་དག་གིས་ཁོང་ཚོར་གཤེ་གཤེ་གཏོང་རྒྱུར་གནའ་ཤི་བོ། གཤོག་པ་རྒྱས་དང་ནི་ཨེ་རེད་། ངའི་སྐད་ཆ་ད་དུང་རྣར་རྒྱབ་ཀྱི་ལྷགས་པར་འཇོག་པ་ལ།   ངས་ཁྱེད་ལ་བཤད།  ཁྱེད་རང་མཚར་ལོངས་བྱུང་ནས་ཁ་སྤུ་སྐྱེས་ཡོད་རུང་།  ངའི་བུ་ཕྲུག་ཡིན་པས། ད་དུང་ངའི་སྐད་ཆར་ཉན་དགོས་ཟེར།

 
 


འབྲེལ་ཡོད་འོས་སྦྱོར།