བརྙན་ཡིག་ལོ་ཙཱ་དང་འབྲེལ་བའི་གཏམ་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ།
གློག་བརྙན་གྱི་རིས་ཡིག་ལོ་ཙཱ་ནི་གློག་བརྙན་གྱི་དང་མའི་འཁྲབ་གཞུང་བསྒྱུར་བ་གཞིར་བཅས་པ་ཞིག་ཡིན་ལ། དེ་ནི་གློག་བརྙན་ལ་སྐད་སྦྱོར་བའི་སྔོན་འགྲོའང་ཡིན་པའོ། ། དེ་ལ་ བརྙན་ཡིག་ལོ་ཙཱ་ནི་རིག་གནས་ཕན་ཚུན་མཚམས་སྦྱོར་བྱེད་ཀྱི་ལག་ཐབས་སུ་ངེས་ལ། དེ་ལ་ཕན་ཡོན་གཉིས་དང་ལྡན་པ་སྟེ། གཅིག་ནི་གཟིགས་མོ་བས་གློག་བརྙན་འཕྲིན་གྱི་བྱུང་ རིམ་ངེས་པ་ལ་དགོས་འདོད་ཀུན་འབྱུང་གི་མཐུ་དང་འགྲོགས་ཤིང་། ཅིག་ཤོས་ནི་ཉན་ སྟབས་མི་བདེ་བའི་གཟིགས་མོ་བས་གློག་བརྙན་འཕྲིན་གྱི་ནང་དོན་བདེ་ལེགས་སུ་རྟོགས་ཐུབ་བོ། །
གོང་དུ་བསྟན་པ་ལྟར། བརྙན་ཡིག་ལོ་ཙཱའི་བྱ་བ་ལ་གཞི་འཛིན་སོ་སོ་བའི་དབང་གིས་ རིགས་ཀྱི་དབྱེ་བའང་མི་འདྲ་བ་སྣ་ཚོགས་སུ་དབྱེ་རུང་བར་བཤད་པ་ནང་བཞིན་དུ། བོད་བརྙན་ཚོགས་པའི་ཤིང་རྟ་པ་བཀྲ་ཕུན་མཆོག་གི《བརྙན་ཡིག་གི་རིགས་དབྱེ་སྟངས་དང་རྣམ་གཞག་ངོ་སྤྲོད》ཅེས་པར། བརྙན་ཡིག་སྤྱོད་སྟངས་ལ་བརྟེན་ནས། གཟུགས་རིས་བརྙན་ཡིག ནང་འཐུམ་བརྙན་ཡིག ཕྱི་ཡིག་བརྙན་ཡིག་གསུམ་དུ་ཕྱེས་ཏེ་རྣམ་གཞག་མདོ་ཙམ་ བསྟན་འདུག་ན་འདིར་བསྐྱར་ཟློས་ཀྱི་ངལ་བར་མི་བསྟེན་ཏོ། ། གཞན་ཡང་བརྙན་ཡིག་ལོ་ཙཱ ་ལ་མངོན་པའི་བརྙན་ཡིག་ལོ་ཙཱ་(显性电影字幕翻译)དང་གབ་པའི་བརྙན་ཡིག་ལོ་ ཙཱ(隐性电影字幕翻译)གཉིས་སུ་དབྱེ་བའི་ལུགས་སོགས་མང་དུ་མཐོང་ངོ་། །
གོང་དུ་བརྙན་ཡིག་ལོ་ཙཱ་ལ་ལག་རྩལ་གྱིས་བཅུན་འདུག་པ་ནི་གཙོ་ཆེར་ཡུལ་དུས་ཀྱི་ སྟངས་འཛིན་བགྱིས་འདུག་ཅེས་པ་ནང་བཞིན། འདིར་བསྟན་པའི་ཡུལ་ཞེས་པ་ནི་བརྙན་ ཡོལ་གྱི་ཆེ་ཆུང་དང་། བརྙན་ཡིག་གི་འབྲུའི་མང་ཉུང་དང་ཐིག་ཕྲེང་བཅས་ལ་གོ་རིགས་ ཤིང་། དེས་བརྙན་ཡིག་གི་འབྲུའི་མང་ཉུང་དང་ཆེ་ཆུང་གི་ཚད་ལ་སྟངས་འཛིན་བགྱིས་ཡོད ་ཅིང་། འདིར་བརྗོད་པའི་དུས་ཞེས་པ་ལ་གོ་བ་གཉིས་སུ་སྣང་སྟེ། གཅིག་ནི་གློག་བརྙན་ འཕྲིན་གྱི་སྒྲའམ་གཟུགས་རིས་ཀྱིས་རྒྱུན་བསྐྱངས་ཡུན་དང་། ཅིག་ཤོས་ནི་གཟིགས་མོ་པ་ལྷན ་རྒྱས་ཀྱིས་བརྙན་ཡིག་ཀློག་པའི་ཆ་སྙོམས་ཀྱི་དུས་ཡུན་ལ་བསྟན་པའོ།། དེ་ན་བརྙན་ཡིག་ལོ ་ཙཱར་འཇུག་མཁན་ཞིག་ཡིན་ཕྱིན། བསྒྱུར་བྱའི་བརྙན་ཡིག་སྒྱུར་བྱེད་ཀྱི་ཡི་གེར་ཇི་བཞིན་དུ ་བསྒྱུར་བ་ཙམ་གྱིས་འཐུས་པ་ནི་མ་ཡིན་པར། ངེས་ཅན་དུ་ཡུལ་དུས་ཀྱི་ཚད་ལ་གཞིགས་ཏེ ་འོས་ཤིང་འཚམ་པར་དམ་པ་མཐར་ཕྱིན་དུ་མཚོན་པ་ལ་གཟབ་པར་རིགས་སོ། །
བརྙན་ཡིག་ལོ་ཙཱ་ལ་དེ་ལྟའི་ཚད་བཀག་གིས་བཅུན་ཡོད་པས། དེས་ཐད་ཀར་བརྙན་ ཡིག་ལོ་ཙཱ་དོན་གཉེར་བྱེད་མཁན་ལ་རེ་བ་ནན་མོ་ཞིག་ཡོད་ཅིང་། བརྙན་ཡིག་ལོ་ཙཱ་བྱེད་ མཁན་གང་དེས་ཀྱང་དེ་ལྟའི་ཚད་ཡོད་པའི་བཀག་རྒྱ་ཞིག་གི་ཁྱབ་ཁོངས་ནས་བརྙན་ཡིག་ལེགས་པོར་ཕབ་སྒྱུར་བགྱི་བ་ལ་ལོ་ཙཱའི་བློ་སྦྱོང་མཐོ་ཙམ་ཡོད་དགོས་ཤིང་། དེ་ལ་འདིར་ རང་རེའི་བརྡ་སྤྲོད་པའི་བསྟན་བཅོས་རྣམས་སུ་ཚིག་སྡུད་ཀྱི་རྣམ་གཞག་མདོ་ཙམ་གང་འཚམ་ཞིག་བཀོད་འདུག་པ་དེ་ནི་ཏག་ཏག་བརྙན་ཡིག་ལོ་ཙཱའི་ཡུལ་གྱི་བཀག་རྒྱ་སེལ་བའི་ཐབས་ཀྱི་མཆོག་ཏུ་སེམས་ཏེ། བརྡ་སྤྲོད་དང་གཏན་ཚིགས་ལ་མི་འགལ་ཞིང་། དོན་ལ་གོལ་ ས་མ་བྱུང་ན་མིང་དང་ཚིག་བསྡུ་རུང་བར་བཞེད་ཅིང་། ཚིག་སྡུད་ཀྱིས་འབྲུ་ལྷག་མང་བོ་ ཞིག་བསྡུས་ཆོག་པས་དེ་ལ་དགེ་མཚན་བསམ་གྱིས་མི་ཁྱབ་པ་ཡོད་དོ། །
རང་རེ་ལ་བརྙན་ཡིག་ལོ་ཙཱ་མེད་པ་ནས་ཡོད་པར་གྱུར་བའི་གོ་རིམ་ནི་བོད་ཀྱི་ལོ་ཙཱའི་བྱ་གཞག་གི་རིག་པའི་རྣམ་གྲངས་ཀྱི་འཕེལ་རྒྱས་ཆེན་པོ་ཞིག་ཏུ་ངེས་ཤིང་། ད་ལྟའི་ཆར། བོད་ཀྱི་བརྙན་ཡིག་ལོ་ཙཱའི་འཕེལ་རྒྱས་ཀྱི་གོམ་ཁ་དལ་ལ་གྲུབ་འབྲས་ཀྱི་བམ་ཚད་སྲབ་ཏུ་སྣང་ཡང། དེ་ལ་འཕེལ་རྒྱས་ཀྱི་བར་སྟོང་རབ་ཏུ་ཆེ་བ་ནི་གདོན་མི་ཟའོ། ། ཀྱེ། རྙེད་པ་རྒྱན ་དུ་རློམ་པའི་ཁེ་འདོད་རིང་ལུགས་པ་དེའི་བརྟུལ་ཞུགས་མ་འཛིན་ལགས། དེ་ནི་བདག་ཅག ་བོད་བརྙན་པའི་སྣང་བརྙན་ག་ལ་ཡིན།
དེ་ལ་བརྙན་ཡིག་ལོ་ཙཱ་ནི་ལོ་ཙཱའི་ཡན་ལག་ཏུ་གྱུར་བའི་རིག་པའི་རྣམ་གྲངས་ཤིག་ཡིན་པའི་ཆ་ནས།བརྙན་ཡིག་ལོ་ཙཱར་འཇུག་མཁན་ཞིག་ཡིན་ཕྱིན། ཕྱོགས་གཅིག་ནས་ལོ་ཙཱའི་རིགས་ལམ་དཔྱོད་ལུགས་དང་། ལོ་ཙཱའི་བྱ་བའི་འཇུག་ངོགས། ལོ་ཙཱའི་བའི་རྨང་གཞིའི་ཆ་རྐྱེན་བཅས་ལ་བློ་སྦྱོང་ངེས་ཅན་ཞིག་ཡོད་དགོས་པར་མ་ཟད། ཕྱོགས་གཞན་ཞིག་ནས་རྒྱལ་ཁབ་ཕྱི་ནང་གི་བརྙན་ཡིག་ལོ་ཙཱའི་རིགས་ལམ་དཔྱོད་ལུགས་ཀྱི་རྣམ་གཞག་ལའང ་བློ་སྦྱོང་དང་ལྡན་ཞིང་། བརྙན་ཡིག་ལོ་ཙཱའི་ལག་ལེན་གྱི་བྱ་བར་དངོས་སུ་ཞུགས་ནས་གཞུང་ལུགས་དང་ལག་ལེན་ཟུང་དུ་འབྲེལ་བ་ལ་བྱང་དགོས་ལ་། དེ་ལྟ་ན་ད་གཟོད་ཕུལ་དུ་བྱུང་བའི་བརྩམས་ཆོས་མང་བོ་ལྟ་མཁན་དག་གི་དགའ་སྟོན་དུ་འདྲེན་ནུས་སོ།།༼མུ་འགོད༽
༢༠༡༤ལོའི་ཟླ༥ཚེས༢ཉིན་སློབ་གྲྭའི་དཔེ་མཛོད་ཁང་དུ་སྦྱར་བ་དགེའོ། །