འཇང་ཡུལ་ས་ཐམ་དུ་ལྗོངས་རྒྱུར་བསྐྱོད་པའི་མཐོང་ཐོས།
རྩོམ་པ་པོ།:ཨ་སྐྱབས་རྒྱལ་སྲས་ཚང་།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-02-19
ཀློག་གྲངས།:
འཇང་ངམ་ལྗང་གི་ཡུལ་དུ་ལྗོངས་རྒྱུར་བསྐྱོད་པའི་མིག་ལམ་དུ་བརྒྱུད་འོང་བ་ནི་རྩི་ཤིང་ནགས་ཚལ་དང་མེ་ཏོག་སྣ་བརྒྱ། ཡུལ་བའི་ཞིང་ཁ་ཚང་མ་ལྗང་ལྡེམ་ལྡེམ་དུ་མཆིས་པས་ལྗང་ངམ་འཇང་ཐོགས་ཚུལ་ཡང་དེ་འདྲ་མིན་ནམ་བསམ། འཇང་ཡུལ་དུ་འཇང་པའི་མི་རིགས་གནས་པ་དང་། འཇང་བ་རྣམས་ལ་རིང་གི་སྐད་དང་ཡི་གེ་ཆོས་ལུགས་ཡོད། བཅིངས་འགྲོལ་རྗེས་སུ་འཇང་པ་ཕལ་ཆེར་སློབ་གྲྭར་འགྲོ་རྒྱུ་དགའ་མོས་ཡོད་པས། ད་ལྟའི་མི་རིགས་མང་བོ་ལས་འཇང་བའི་ཤེས་རིག་ཆུ་ཚད་ཨང་མཐོན་པོར་སོན་འདུག་ཟེར། ས་ཐམ་གྱི་རྒྱ་སྲང་གྲུ་བཞིའི(四方街)སྲང་ལམ་རྡོ་གཅལ་བཏིང་བས་གྲལ་དག་པ། གཡས་གཡོན་གྱི་ཁང་བ་ཚང་མ་མི་རིགས་ཀྱི་ཁྱད་ཆོས་མ་འགྱུར་བས་བཟོ་ལྟ་ཆེ་བ། གང་སར་ཆུ་མོ་ཤག་ཤག་ཏུ་འབབ་པས་རང་བྱུང་གི་ཡུལ་ལྗོངས་ལྟ་བུ་ཞིག་འཆར་འོང་། ཚོང་བ་དང་ཟ་ཁང་འཛིན་མི། མི་རིགས་སྒྱུ་རྩལ་གྱི་ཐོན་རྫས་ལས་སྣོན་བྱེད་མི་ཕལ་ཆེ་བ་འཇང་མི་རེད། མཚན་མོར་འཇང་བ་དང་མགྲོན་པོ་རྣམས་རང་འགུལ་གྱིས་སྲང་ལམ་དུ་འདུས་ནས་སྐོར་བྲོ་ཨ་ཧཱ་པ་ལ་འཆམ་རྒྱུ་དགའ་མོ་བྱེད་ཀྱིན་འདུག སྒྱུ་རྩལ་ཆ་ནས་ཞོན་ཁུ་རོལ་དབྱངས་སྒྱུ་རྩལ་ཞེས་རྒྱལ་ཁབ་ཕྱི་ནང་ལ་སྐད་གྲགས་ཡོད་པ་དེ་མཚན་མོ་རེ་རེ་བཞིན་ཞོན་ཁུ་རང་གིས་མགོ་བཙུགས་ནས་མགྲོན་པོ་རྣམས་ཀྱི་སྙན་ལམ་དུ་འབུལ་ངེས་ཡིན། གནའ་བོའི་ཡུལ་གྲོང་རྒྱ་སྲང་གྲུ་བཞི་ནི་མང་ཚོགས་ཀྱི་ཁང་བ་རྐྱང་རྐྱང་ཡིན་ལ། ཁོང་ཚོའི་ཁང་བ་རྒྱ་སྲང་ཕྱོགས་སུ་འཁོར་བ་རྣམས་ཚོང་ཁང་དང་ཟ་ཁང་ཡིན་ཡང་ནང་ལོགས་ཐམས་ཅད་གྲལ་དག་ཅིང་ཞབས་ཕྱི་བཟང་བའི་མགྲོན་ཁང་ཡིན། ས་དེ་ནི་དབྱར་དགུན་ཆེན་པོ་མེད་པར་ནམ་ཟླ་བསིལ་དྲོད་རན་པ། ཆར་ཆུ་དུས་སུ་འབབ་ཅིང་ལོ་ཏོག་བཟང་བ། མི་རིགས་དེ་དག་ཀྱང་ཆོས་ལ་དད་ཅིང་ཡ་རབས་ཞི་དུལ་དུ་གནས་པའོ།། ས་དེ་ན་ཁ་བ་སྐད་གྲགས་ཅན་ས་ཐམ་ཁ་བ(玉龙雪山)དང་གནས་རི་གྲགས་ཅན་འཇང་རི་སྨུག་པོ(文峰山)གཉིས་ཡོད། ས་ཐམ་ཁ་བའི་རི་རྩེ་ན་བོད་ཀྱི་གྲོང་སྡེ་གཉིས་ཡོད་ཅིང་ལྷ་ཁང་གཅིག་བཞེངས་བཞིན་ཡོད།
འཇང་བ་རྣམས་ཀྱི་ཆོས་ལུགས་དང་རིག་གནས་ནི་གནའ་བོའི་གདོད་མའི་བོན་ཆོས་དར་བ། ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་མཁན་སྟོན་པ་ཞེས་པས་ཤ་ཁྲག་གི་མཆོད་སྦྱིན་གྱི་ལྷ་གསོལ་བ། འདྲེ་འདུལ་བ། མོ་ལུང་རྩིས་གསུམ་བྱེད་ཀྱིན་འདུག ཁོ་ཚོའི་མགོ་ལ་རིགས་ལྔའི་དབུ་ཞྭ། ལུས་ལ་གོས་ཆེན་གྱི་ཤམ་ལྭ་གོན་ཅིང་། ཁོག་སྟོད་དུ་ཕུར་བ་ཡོད་པ་སྐེ་ལ་ཕྲེང་བ་རིང་བོ་དཔྱངས་པ་ཞིག་འདུག ཁོང་ཚོའི་ཆོས་ལུགས་ལ་སྟོན་པའི(东巴教)ཆོས་ལུགས་དང་། ཆོས་ལུགས་སྤེལ་མཁན་ནམ་ཆོས་ལུགས་དེའི་བདག་པོ་ལ་ཨ་མེས(阿咪)ཞེས་འབོད། ཡིན་རྒྱུ་ནི་གནའ་རབས་བོན་ཆོས་དང་། དེའི་སྟོན་པ་གཤེན་རབས་ཡིན་པ་ལ་ཁོང་ཚོའི་འཇང་བོའི་སྲོལ་དུ་ཕན་ཚུན་གཅེས་མིང་གི་འབོད་དུས་མིང་མཐའི་ཡི་གེ་ལ་ཨ་སྦྱོར་བ་ཡིན་པས། སྟོན་པ་གཤེན་རབས་མེས་པོས་ཡི་གེ་མཐའ་ཡི་མེས་དེ་ལ་ཨ་སྦྱར་ནས་ཨ་མེས་ཞེས་འབོད་པ་ཡིན་ནོ་སྙམ། དེ་བཞིན་དུ་སྟོན་པའི་རིག་གནས་ཀྱང་ཡི་གེ་འདྲ་གཟུགས་ཅན་ཞིག་ཡིན་ལ། ཕལ་ཆེ་བ་སྲོག་ཆགས་ཀྱི་དབྱིབས་ཅན་རྟ་ནོར་ལུག་གསུམ་མང་བོ་ཡོད་པ་ཞིག ཁོང་ཚོས་ཀྱང་གཞི་བདག་གསོལ་བ་ལས་གཞི་བདག་ནི་གླིང་གེ་སར་རྒྱལ་བོའི་བློན་གླིང་གི་དཔའ་རྟུལ་སུམ་ཅུའི་ནང་ཚན་འཇང་ཕྲུག་གཡུ་ལྷ་ཐོག་འགྱུར་ཡིན་ནོ།། ལྷ་གསོལ་བ་དང་བསང་གཏོང་ལུགས་སོགས་བོད་པ་དང་འདྲ་བོ་འདུག མིན་རྒྱལ་རབས་ཀྱི་སྐབས་སུ་འཇང་རྒྱལ་བོས་སྟོབས་ཤུགས་ཇེ་ཆེར་ཕྱིན་པ་དང་། བོད་ཀྱི་ས་ཆ་མང་བོར་བདག་གིར་མཛད་ཅིང་། ཀརྨ་པ་ལ་བརྟེན་ནས་འདི་ཕྱོགས་སུ་ཀརྨ་བའིདགོན་སྡེ་བཅུ་གསུམ་བཏབ་པར་གྲགས་ལ། དེ་ནས་འཇང་བ་རྣམས་ཀྱིས་ནང་བསྟན་ཆོས་ལུགས་དང་སྟོན་པའི་ཆོས་ལུགས་གཉིས་ཀར་དད་པ་བྱས་པའོ།།
1.ལོ་རྒྱུས་ཀྱི་ཕྱིར་དྲན།
བཙན་པོའི་རྒྱལ་རབས་ཀྱི་སྐབས་སུ་གནའ་རབས་ཏུང་ཧོང་གཏེར་ཡིག་ཏུ། དགུན་བཙན་པོ་འཇང་ཡུལ་དུ་གཤེག་སྟེ། འཇང་ཕབ་པར་ལོ་ཅིག ཅེས་འཇང་ཡུལ་བཙན་པོའི་འོག་ཏུ་བསྡུས་པའི་ཡིག་ཆ་གསལ་དག་ཐོན་པ་དང་། སྤྱི་ལོ663ལོར་ཆོས་རྒྱལ་སྲོང་བཙན་ནས་ལྗང་དང་ཏ་ལིས་ཕྱོགས་ལ་དམག་དྲངས་པ་དང་། སྤྱི་ལོ670ཐུ་བྷོད་ནས་རྒྱལ་ཐང་མོའུ་ཀོ(木高)དང་ལྗང་མཐའ་ཆུ(塔城)བར་གྱི་འབྲི་ཆུར(金沙江)ཡ་དཀྲིས་ལྕགས་ཟམ་བཙུགས་པ་རྒྱའི་ཡིག་ཚང་དུ་གསལ་ལ། ད་ལྟའང་ལྕགས་ཟམ་བཙུགས་ཤུལ་གསལ་བོར་ཡོད། སྤྱི་ལོ794ལོའི་ཟླ་དང་བོར་ནན་ཀྲའོ་རྒྱལ་བོ་ཡུས་མོའུ་སོན་ནས་ཐང་རྒྱལ་བོར་མགོ་བཏགས་ནས་རྗེའུ་སྟེང་ལ་འཇབ་རྒོལ་བྱས་ཏེ་ཡ་དཀྲིས་ལྕགས་ཟམ་གཏོར། ལྕགས་ཟམ་ཤར་ཕྱོགས་ཀྱི་བོད་རྫོང་བཅུ་དྲུག་དང་རྒྱལ་བོ་ལྔ་འཛིན་བཟུང་བྱས་ཏེ་འབངས་མི་ཁྲི་བཅུ་ལྷག་མགོ་བཏགས་བྱས། སྤྱི་ལོ795ལོའི་ཟླ་བདུན་པར་སླར་ཡང་ཐུ་བྷོད་ཕྱོགས་སུ་དམག་དྲངས་ཏེ་དེང་གི་བདེ་ཆེན་རྫོང་དང་ཞྭ་ནག ཀོང་ཇོ་རྭ་བ། ཉི་ཤར། ཨོ་རྒྱན་བཅས་བླངས། སྐབས་འདི་དག་ལ་བོད་དང་འཇང་། ནན་ཀྲའོ་རྒྱལ་ཁབ་བར་འཐབ་འཛིང་དང་མཐུན་ལམ་སོགས་གང་རུང་བྱས་པའི་མཚོན་བྱེད་དུ་བོད་ཀྱི་བཙན་པོས་འཇང་བཟའ་ཞིག་བླངས་པས་སྲས་ཞིག་འཁྲུངས་པ་ལྗང་ཚ་ལྷ་དབོན་དུ་བཏགས་པ་ལྟ་བུའོ།།
གཞན་ཡང་འཇང་རིགས་ཀྱི་ངག་རྒྱུན་དུ་འཇང་རྒྱལ་བོ་ནི་བློན་པོ་མགར་གྱིས་རྒྱ་བཟའ་བསུས་པའི་ལམ་བར་དུ་རྒྱ་བཟའ་མངལ་འཁོར་བ་ལས་ཐབས་ཤེས་མེད་པར་བྱིས་པ་སྐྱེས་མ་ཐག་པ་ཤིང་གི་སྒམ་ཞིག་དུ་བཅུག་ནས་ཆུར་བསྐུར་བ་རྒན་རྒོན་གཉིས་ཀྱིས་ཆུ་འགྲམ་ནས་རྙེད་དེ། བདག་སྐྱོང་བྱས་ནས་ཆེར་སོན་དུས་བློ་རིག་ཆེ་ཞིང་དཔའ་མཛངས་ལྡན་པས་འཇང་རིགས་ཀྱི་རྒྱལ་བོར་གྱུར་ཏེ་མིང་ལ་མོའུ་ཀྲི(木氏)ཟེར། ཤིང་གི་སྒམ་ནས་བླངས་པས་ན་མོའུ་ཞེས་ཤིང་དུ་བཏགས་པའོ།།
བོད་སིལ་བུའི་སྐབས་སུ་རླངས་ཀྱི་པོ་ཏི་བསེ་རུ་ལས། རླངས་དོ་དེས་ལྷ་རུ་གཡུ་དགུང་བོ་དེ་མཆོད་ན། ལྗང་ལ་དམག་བྱས། ལྗང་གི་ཐོག་མདའ་ནག་པོ་དེ་བཏགས། ལྗང་མི་དུག་ཅན་གྱི་མིག་དེ་ཕྱུངས། དེའི་དཔའ་རྟགས་སུ་ལྗང་གི་རལ་གྲི་ངོ་གྲོ་དེ་དང་། འོད་འབར་མ་དེ་ཐོབ་པས། དེ་བས་ནག་པོ་ལྗང་གི་འདུལ་དཔོན་ཡང་ལྷ་རིགས་རླངས་ཡིན་ཟེར།
གླིང་གེ་སར་རྒྱལ་བོའི་སྒྲུང་རྒྱ་གླིང་གཏམ་གྱི་ངོ་མཚར་ཕྲེང་བར་འཇང་ས་དམ་དུག་ཆུ་ཡིས་བཏུལ། འཇང་ཡུལ་དབང་དུ་བསྡུས་ཅེས་དང་། ཡང་དེའི་ཕྱི་ཉིན་སེང་ཆེན་རིན་པོ་ཆེ་ནག་པོ་རྒྱ་ནས་བྱོན་པའི་ལོ་རྒྱུས་འཇང་གི་མི་རྣམས་ཀྱིས་གོ་སྟེ། འཇང་མི་བློན་པོ་ལྕགས་འཕྲུ་ཅན་གྱི་བསུ་བ་དང་ཇ་འདྲེན་མཇལ་དར་སོགས་གྲངས་མེད་པ་ཕུལ་ཏེ་སེང་ཆེན་རིན་པོ་ཆེ་འཇང་ཡུལ་དུ་ལོ་གསུམ་བཞུགས་པར་ཞུས་ཡང་མ་གནངས་ཏེ། ཞག་བདུན་བཞུགས་རིང་སྐྱབས་སྡོམ་དང་རྫོགས་ཆེན་གྱི་ཆོས་བཀའ་མང་དུ་གནང་སྟེ་འཇང་སྲས་གཡུ་ཁྲི་ལ་ཁྱོད་ཀྱི་རྡོའི་རྟ་དེ་ང་ལ་བྱིན་གསུངས་པས་རྡོ་རྟ་དེ་གེ་སར་ལ་ཕུལ། རྟ་དྲེལ་ཕོ་མོ་སུམ་བརྒྱ་ལ་གསེར་དངུལ་དར་ཕྲུག་འབྲས་དཀར་ཟང་ཟང་གི་འབུལ་བ་དཔག་མེད་བྱས་ཏེ་ཡང་གླིང་ཕྱོགས་སུ་ཆིབས་བསྐྱོད་བྱས་ཞེས་བྱུང་ངོ།།
སྤྱི་ལོ1483ནས1553བར་གྱི་ལོ་བདུན་ཅུའི་ནང་འཇང་ས་ཐམ་རྒྱལ་བོས་བོད་དུ་དཔུང་འཇུག་བྱས་ཏེ་བདེ་ཆེན་སོགས་ས་ཆ་མང་བོར་བདག་གིར་མཛད་ཅིང་། ཡང་ཐང་དུ་ཁོང་གིས་རྫོང་མཁར་ཞིག་ཀྱང་བརྩིགས། སྐབས་དེར་ཀརྨ་དུས་གསུམ་ མཁྱེན་པ་ཁམས་ཁུལ་དུ་ཕེབས་ནས་ཆོས་རྒྱ་ཆེར་སྤེལ་བ་ལ་བརྟེན་ནས་དཔལ་སྤུངས་དགོན་ཆེན་གསར་དུ་བསྐྲུན་པ་དང་། ཆོས་སྡེ་དེའི་ཆོས་འཆད་ཉན་རྒྱ་ཆེར་གནང་བའི་འཕྲིན་ལས་ཀྱི་འོད་སྣང་འབའ་ཐང་བརྒྱུད་དེ་རིམ་གྱིས་བདེ་ཆེན་ཕྱོགས་སུ་དར་ནས་དགོན་སྡེ་མང་བོ་འཕེལ། ལྷག་པར་དུ་ཀརྨ་སྐུ་ཕྲེང་བརྒྱད་པ་མི་བསྐྱོད་རྡོ་རྗེ་འཇང་ས་དམ་རྒྱལ་བོའི་གདན་ཞུས་ལྟར་འཇང་ཡུལ་དུ་ཕེབས་ནས་ཆོས་གསུངས་པ་ལ། རྒྱལ་བོས་རྒྱབ་སྐྱོར་གྱིས་ཆོས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་རང་གི་མངའ་རིས་རྒྱ་བསྐྱེད་དང་བདེ་འཇགས་ཡོང་བའི་དམིགས་པ་བཅངས་ཏེ་དགོན་སྡེ་མང་བོ་གསར་དུ་བཞེངས། ཡང་ཀརྨ་སྐུ་ཕྲེང་དགུ་བ་དབང་ཕྱུག་རྡོ་རྗེ་དགུང་ལོ་བཞི་བཅུ་ལྷག་ཙམ་ལ་ཕེབས་སྐབས། འཇང་རྒྱལ་བོ་བསོད་ནམས་རབ་བརྟན་གྱིས་གདན་ཞུས་འབུལ་བ་རྒྱ་ཆེན་འབྱོར། ཞྭ་དམར་སྐུ་ཕྲེང་དྲུག་པ་གར་དབང་ཆོས་ཀྱི་དབང་ཕྱུག་དང་ཀརྨ་ལྷུན་གྲུབ་རྣམ་གཉིས་རྗེ་ཉིད་ཀྱི་ཚབ་ཏུ་འཇང་ཡུལ་དུ་བཏང་། འཇང་སྡེ་རྣམས་དབང་ལུང་ཁྲིད་གསུམ་གྱིས་ཚིམས་པར་མཛད། ཀརྨ་ཞྭ་དམར་བས་བསྐུལ་ངོར་འཇང་ས་དམ་རྒྱལ་བོས་སྦྱིན་བདག་བྱས་ཏེ་ལི་ཐང་བཀའ་འགྱུར་པར་དུ་བསྐྲུན། དེའི་དཀར་ཆག་ཞྭ་དམར་བས་སྤྱི་ལོ1614ལོར་མཛད་པའི་བདེ་བར་གཤེགས་པའི་བཀའ་གངས་ཅན་གྱི་བརྡས་འདྲེན་པ་ཇི་སྙེད་པའི་ཕྱི་མོ་པར་གྱི་ཚོགས་སུ་འཁོད་པའི་བྱུང་བ་གསལ་བར་བརྗོད་པ་ལེགས་བྱས་ཀྱི་རང་གཟུགས་ཀུན་ནས་སྣང་བ་ནོར་བུ་རིན་པོ་ཆེའི་མེ་ལོང་ཞེས་བྱ་བ་བཞུགས་སོ་ཞེས་པ་འདི་ནི་བོད་དུ་རྒྱལ་བོའི་བཀའ་འགྱུར་ཤིང་པར་དུ་འཁོད་པ་ཐོག་མ་ཡིན་ལ། སྡེ་དགེ་པར་ཁང་སོགས་ཀྱི་མ་ཕྱི་འང་འདི་ཡིན་པར་གྲགས། ཕྱིས་སུ་དུས་ཟིང་གིས་བཀའ་འགྱུར་པར་མ་རང་ཅག་གི་བསོད་ནམས་སུ་མི་བཞུགས་པ་དང་། ཡུན་ནན་ཕྱོགས་ཀྱིས་ཏཱ་ལིས་མཚོ་བསྐོར་དུ་འགྲོ་བ་བཀའ་འགྱུར་པར་མ་འདི་མཚོ་ལ་བཏབ་པས་ཡིན་ཟེར་བ་ཞིག་གོ་ཐོས་སུ་སྣང་།
སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར་སྐྲུན་བྱས་པའི་བུ་བརྩོན་འགྲུས་ཀྱིས་རྒན་ཤེས་རབ་ལ་དྲི་བའི་དྲིས་ལན་བརྒྱ་རྩ་བརྒྱད་པའི་བདག་ཉིད་ཅན་བཞུགས་སོ་ཞེས་པའི་ཤོག་གྲངས211ལས་བཤུས་པ།
2.བུ་བརྩོན་འགྲུས་ཀྱིས་རྒན་ཤེས་རབ་ལ་དྲི་བའི་དྲིས་ལན་བརྒྱ་རྩ་བརྒྱད་པ་ལས།
རྒན་ཤེས་རབ་ལགས། བོད་ཀྱི་ལོ་རྒྱུས་ཡིག་ཚང་དུ་འཇང་ ངམ་ལྗང་ཞེས་མཐོང་བ་གསུང་དུ་གསོལ།
བུ་བརྩོན་འགྲུས་ལགས། ལེགས་པར་ཉོན་ཅིག དེ་ཡང་སྤྱིར་བོད་ཀྱི་ཡིག་ཚང་རྣམས་སུ་འཇང་ངམ་ལྗང་ཞེས་པའི་མིང་འདི་བྱུང་བ་སྔ་ལ། གཙོ་བོ་ནི་ལོ་རྒྱུས་དེབ་ཐེར་དང་ཏུང་ཧོར་གཏེར་ཡིག་དག་ཏུ་འབྱུང་བའི་འཇང་ཡུལ་བྱ་བ་དང་གླིང་སྒྲུང་གེ་སར་ དང་དེང་སང་བོད་མིས་འཇང་རིགས་སུ་འབོད་པའི་འཇང་སྟེ་གོ་དོན་རིགས་གཉིས་སུ་ཡོད་པ་ལས། ང་ཚོས་འདིར་གླེང་བའི་འཇང་ནི་བོད་ཀྱི་ལོ་རྒྱུས་རྣམས་སུ་འཁོད་པའི་བཙན་པོ་ཁྲི་འདུས་སྲོང་སྲིད་ཀྱི་དོན་དུ་འཇང་ཡུལ་དུ་གཤེགས་ནས་སྐུ་འདས་ཞེས་པའི་འཇང་ཡུལ་ཏེ། རྒྱ་ནག་སྐད་དུ་ནན་ཀྲའོ(南诏)ཞེས་འབོད་པ་དང་། ཏུན་ཧོང་གཏེར་ཡིག་ཏུ་འཇང་ཡུལ་ལམ་མྱ་དཀར་ནག་ཅེས་འཁོད་ཡོད་པ་དེ་ཡིན་ལ། བོད་སྐད་ཀྱི་མྱ་ཞེས་པ་ནི་རྒྱས་སྔོན་ཆད་ཡུལ་དེའི་མི་རིགས་ལ་ཝུའུ་མན(蛮)ཏེ་མན་ནག་པོ་དང་། པེ་མན(白蛮)ཏེ་མན་དཀར་བོ་ཞེས་བཏགས་པའི་སྒྲ་ལས་བྱུང་བ་ཡིན་ནམ་སྙམ། དེའང་འཇང་ངམ་ནན་ཀྲའོ་ནི་དུས་རབས་བདུན་བརྒྱད་ཡས་མས་སུ་ཀྲུང་གོའི་ལྷོ་ནུབ་ཀྱི་མཐའ་མཚམས་སུ་ཆགས་པའི་བོད་དང་འབྲེལ་ཆེ་བའི་རྒྱལ་ཁབ་ཅིག་ཡིན། རྒྱའི་ཐང་རྒྱལ་རབས་སྐབས་སུ་མྱ་ནག་པོ་སྟེ། དེང་གི་དབྱི་རིགས་ཀྱི་མེས་པོ་གཙོ་བྱས་པའི་མྱ་དཀར་པོ་སྟེ་ད་ལྟའི་པེ་རིགས་བཅས་འདུས་པའི་གྲངས་ཉུང་མི་རིགས་ཀྱིས་ཡུན་ནན་ཞིང་ཆེན་ཁོངས་སུ་བཙུགས་པའི་རྒྱལ་ཁབ་ཅིག་སྟེ། དེ་སྔ་སྤྱི་ལོ1991ལོར་ང་རང་ལྷོ་ནུབ་འཕེལ་རྒྱས་ས་ཁུལ་ལ་ཡུལ་བསྐྱོད་དུ་སོང་དུས། རྒྱལ་མོ་ཏཱ་ལིས་མཚོ་འགྲམ་དུ་ཐོན་པ་དང་། ས་དེའི་པེ་རིགས་ཀྱིས་ཁོང་ཚོའི་མེས་པོ་ནི(五朵金花)བུའུ་དོ་ཅིན་ཧྭ་ལས་མཆེད་པར་འདོད། དེ་ལ་བོད་ཀྱི་གླུ་ཚིག་ཏུ། རྒྱལ་མོ་ཏཱ་ལིས་མཚོ་ཁ།། བུ་མོ་ཚེ་རིང་མཚོ་མོ།། ཞེས་ཡོད་ལ། མཚོ་འགྲམ་དེའི་རི་ངོས་སྐྱེད་མོས་ཚལ་ན་དུར་གྱི་རྡོ་རིང་ལྟ་བུ་ཞིག་ཡོད་པའི་སྟེང་དུ་བོད་ཡིག་གསལ་མི་གསལ་ཞིག་འདུག་པ་ང་དང་ལྷན་རྒྱས་ཡོངས་ནས་མཐོང་ངོ་།། ཡང་མིང་དུ་གྲགས་པའི་ཏཱ་ལིས་མཆོད་རྟེན་གསུམ་མཇལ་དུས། མཆོད་རྟེན་དེའི་ལོ་རྒྱུས་དྲན་རྟེན་གྱི་རི་མོའི་དེབ་ཞིག་ལས་བོད་བརྒྱུད་ནང་བསྟན་དར་བར་ར་སྤྲོད་བྱེད་ཐུབ་པའི་རི་མོ་དག་མཐོང་བ་ལགས། བོད་ཀྱི་མྱ་ཞེས་པའང་གོ་རྒྱུ་ཞིག་ཡོད་པར་འདོད་དེ། ས་དེའི་རྒན་པ་རྣམས་ཀྱིས་ཁོང་ཚོ་ཆུ་ནང་གི་ ཉའི་རིགས་ལས་འཕེལ་བར་བཤད་པས་བོད་པས་གནའ་ནས་མྱ་ཞེས་འབོད་པའི་སྒྲ་དང་ཉེའོ།།
སྤྱི་ལོ649ལོར། མོང་ཧྲི་ཀྲའོ་ཚོ་བའི་ཞིས་ལའོ་བྱ་བས་ཝེ་ཧྲན་ཏེ། དེང་གི་ཡུན་ནན་ཞིང་ཆེན་གྱི་ཝེ་ཧྲན་རྫོང་ལྟེ་གནས་བྱས་ཏེ་མོང་ཆེན་པོའི་སྲིད་དབང་ཐོག་མར་བཙུགས་ཤིང་། དུས་རབས་བརྒྱད་པའི་མགོ་ཙམ་ལ་འཇང་ངམ་རྒྱལ་བོ་ཕེ་ལའོ་ཀི(皮罗阁)བྱ་བས་ལོའུ་ཀྲའོ་སྟེ་ཚོ་ཁག་དྲུག་གམ་རྒྱལ་ཕྲན་དྲུག་ཏུ་གྲགས་པའི་སྡེ་རྣམས་གཅིག་གྱུར་བྱས་ནས། རྒྱལ་ས་དེང་གི་ཏཱ་ལིས(大理)མཁར་གྱི་ནུབ་འདབས་སུ་སྤོས་ནས་སྲིད་དབང་བསྐྱངས་ཏེ་རྒྱལ་རྒྱུད་རིམ་པར་སྤེལ་བས། ད་ལྟའི་ཡུན་ནན་ཞིང་ཆེན་ཡོངས་དང་སི་ཁྲོན་ལྷོ་བརྒྱུད་ནས་ཀོས་ཀྲུའུ་ནུབ་ཕྱོགས་ལ་སོགས་པའི་ཡུལ་གྲུ་ཐམས་ཅད་ཀྱང་དབང་དུ་བསྡུས་པས་མངའ་ཐང་ཤིན་ཏུ་དར་རྒྱས་བྱུང་བར་གྲགས། སྔ་གཞུག་ཏུ་རྒྱལ་རབས་བཅུ་གསུམ་ཙམ་བྱོན་ནས་དབང་བསྒྱུར་ཏེ་བོད་ཐང་གཉིས་བར་གྱི་འབྲེལ་གཏུགས་ཇེ་ལེགས་སུ་སོང་བ་དང་། ཁྱད་པར་དུ་སྤྱི་ལོ709ལོར་བོད་ཀྱི་བཙན་པོ་ཁྲི་འདུས་སྲོང་སྐུ་དངོས་ཀྱིས་ཡུལ་དེར་དཔུང་དྲངས་ནས་འཇང་དང་མྱ་ནག་དཀར་ནག་བཅས་དབང་དུ་བསྡུས་རྗེས། ལོ་ངོ་མང་བོར་བོད་ཆེན་པོའི་ཆབ་འོག་ཏུ་གྱུར་ནས་དཔྱ་ཁྲལ་སོགས་ཕུལ་བ་ཡིན་ཏེ།《ཏུང་ཧོང་གཏེང་ཡིག》ལས། ཡོས་བུའི་ལོ་ལ།(709ལོ)དགུན་བཙན་པོ་འཇང་ཡུལ་དུ་གཤེགས་སྟེ། འཇང་ཕབ་པར་ལོ་གཅིག ཅེས་བཙན་པོ་ཁྲི་འདུས་སྲོང་འཇང་ཕབ་པར་དངོས་སུ་ཆས་ཏེ་འཇང་ཡུལ་དུ་གཤེགས་པ་དང་། སྲས་ཁྲི་ལྡེ་གཙུག་བཙན་ལ་ལྗང་བཟའ་ཞིག་བསུས་པས་སྲས་ལྗང་ཚ་ལྷ་དབོན་འཁྲུངས་པ་ལགས་སོ།།
ཡང་འུང་གི་འོག་ཏུ་འཇང་ལ་ཆབ་སྲིད་མཛད་དེ་མྱ་དཀར་པོ་དཔྱའ་ཕབ། མྱ་ནག་པོ་འབངས་སུ་བཀུག་པ་ལ་སྩོལ་སྟེ། ཞེས་འཁོད་པ་ལྟར་དང་། ཡང་འཇང་ནི་བོད་ཐང་རྒྱལ་ཁབ་གཉིས་ཀྱི་བར་དུ་གནས་པས་ན་ཕྱོགས་གཉིས་ཀས་དབང་དུ་བསྡུ་ཐབས་ཀྱི་འཁྲུག་རྩོད་ཀྱང་བྱས་ལ། མྱའི་རྒྱལ་པོ་ཀག་ལ་བོ(阁罗风)བྱ་བའི་སྐབས་སུ་བོད་ཀྱི་བཙན་པོའི་ངོར་བལྟས་ནས་རྒྱ་ནག་ཐང་དང་རྒྱབ་འགལ་བྱས་པ་ཡིན་ཏེ།《ཏུན་ཧོང་གཏེར་ཡིག》དེ་ཉིད་དུ་ལྷོ་ཕྱོགས་ཀྱི་སྨད་ན་འཇང་དུ་མྱ་དཀར་བོ་ཞེས་བྱ་བའི་རྒྱལ་པོ་སྡེ་མིག་ཅུང(ཆུང)བ་ཞིག་འདུག་པ། རྒྱལ་བོ་ཐུགས་སྒམ་པོའི་རླབས་དང་ཐབས་ཀྱིས་བཀའ་བསྩལ་ཏེ། མྱའི་རྒྱལ་བོ་ཀག་ལ་བོང་ཞེས་བྱ་བ། འབངས་སུ་པྱག(ཕྱག)འཚལ་ནས། ཐབས་གཅུང་སྩལ་ཏེ། མྱི་མང་གི་སྣོན་བཏག ཡུལ་ཆེའི་ནི་འདབ་བསྐྱེད་དོ།། (འ)ཇང་གི་རྒྱལ་པོ་བོད་ཀྱི་འབངས་སུ་བཞེས་པས། རྒྱའི་ཆབ་སྲིད་ལའང་ཤིན་ཏུ་དམའ་ཞིང་། མྱི་བདེ་བར་བྱས་སུའ། འཇང་མྱིའི་རྒྱལ་པོ་ལྟ་ཞིག་རྒྱ་ལ་ལྟ་ལྟ་བ་ལས། རྒྱ་རྗེས་དགྲར་བླངས་ཏེ། བཙན་པོ་ཁྲི་ལྡེ་གཙུག་བརྩན་གྱི་ཞ་སྔར་གློ་བ་ཉེ་ནས། རྒྱ་ཡུལ་ཕབ་ཀྱི་ས་ནི་ཡུལ་དང་། མཁར་དུ་བུ་ཆོས། (བཅས)ཏེ་ཕུལ། གཡུལ་སྤྲད་ཀྱིས་ནི། རྒྱ་བཙོན་ལུག་ལྟར་བསྐྱངས་སོ།། ཞེས་གསལ་པོར་བཀོད་པ་བཞིན་དང་། འདི་དག་ནི་སྐབས་དེར་བོད་ཀྱི་དབང་བསྒྱུར་པ་ལ་མཚོན་ན། ཐང་རྒྱལ་རབས་དང་འཕྲོག་རྩོད་བྱས་པའི་གྲུབ་འབྲས་ཤིག་ཡིན་ལ། འཇང་བོད་མི་རིགས་བར་ལ་མཚོན་ན། ཕན་ཚུན་འབྲེལ་གཏུག་བྱས་ཏེ་སྤུན་ཟླ་ལྟར་གྱུར་པར་ཆ་རྐྱེན་བཟང་བོ་ཞིག་འཛོམས་པར་གདོན་མི་ཟའོ།།
ཕྱིས་སྤྱི་ལོ903ལོ་ལ། རང་གི་འཁོར་གྱི་རུས་རྒྱུད་ཀྲིན་ཅན་སྐུ་དྲག་ཅིག་གིས་འཇང་རྒྱལ་ཁབ་འཇིག་པར་བྱས་ཤིང་། དེ་རྗེས་ལོ937ལ་རུས་རྒྱུད་ཏུན(段)ཅན་གྱི་བློན་པོས་ཏཱ་ལིས་རྒྱལ་ཁབ(大理国)བཙུགས་ཏེ། བོད་སིལ་བུའི་སྐབས་སུ་སྔར་གྱི་འཇང་གི་མངའ་རིས་ལས་ཡུལ་གྲུ་མང་ཙམ་བཟུང་སྟེ་ཞིང་ཕྱུགས་ལས་དང་ལག་བཟོ་ལས་སོགས་དར་རྒྱས་བྱུང་ལ། རྒྱའི་ཟུང་རྒྱལ་རབས་དང་འབྲེལ་གཏུག་ཟབ་ཅིང་ཆོས་དང་རིག་གནས་བཅས་ཀྱང་དར་རྒྱས་བྱུང་ཚུལ་སོགས་ཀྱི་ལོ་རྒྱུས་རྒྱས་པ་གཞན་ལས་ཤེས་པར་བྱ་ཞིང་། སྤྱི་ལོ་༡༢༥༣ལ་ཧོར་ཇིང་གིར་རྒྱལ་བོའི་དཔུང་དམག་གིས་རྩ་བ་ནས་བསྣུབས་པར་གྱུར་ཏོ།།
གཞན་ཡང་ལོ་རྒྱུས་སྙན་རྩོམ་གེ་སར་སྒྲུང་ནང་གི་འཇང་པ་དང་བོད་མིས་ད་ལྟ་འཇང་དུ་འབོད་པའི་རིགས་དང་ཡུལ་ནི་དེང་གི་ལིས་ཅང(丽江)ས་ཁུལ་དང་། དེ་གའི་ན་ཞིས(纳西)སུ་གྲགས་པའི་རིགས་ལ་གོ་དགོས་ཏེ། སྤྱིར་བོད་དང་ན་ཞིས་གཉིས་རིགས་རྒྱུད་བྱུང་ཁུངས་ཐད་འབྲེལ་བ་ཡོད་པས་སྐད་དང་གོམས་གཤིས་སོགས་འདྲ་བ་མང་བ་མ་ཟད། ཆོས་དང་རིག་གནས་ཐད་ཀྱངའབྲེལ་བ་ཟབ་པ་སྟེ། དཔེར་ན་གནའ་སྔ་མོའི་གཡུང་དྲུང་བོན་གྱི་སྟོན་པ་གཤེན་རབས་ཀྱི་ཆོས་ལུགས་ཡུལ་དེར་དར་བས། ཕྱིས་ཡུལ་དེའི་རིག་གནས་ཀྱི་ཆ་ཤས་སུ་གྱུར་བ་དེང་སང་སྟོན་པ་རིག་གནས(东巴文化)ཞེས་སྐད་གྲགས་ཆེ་བ་དང་། དེའི་ཕྱིས་བོད་བརྒྱུད་ནང་བསྟན་ལས་བྱེ་བྲག་བཀའ་བརྒྱུད་པའི་གྲུབ་མཐའ་དར་བས། དེང་སང་ཡང་ལྷ་ཁང་རྣམས་སུ་མར་མི་དྭགས་གསུམ་གཙོས་པའི་བླ་རྒྱུད་ཀྱི་ལྡེབས་རིས་དང་། གཞན་ལྷ་རྟེན་མང་པོ་མངོན་སུམ་མཇལ་རྒྱུ་ཡོད་པ་ལྟ་བུས་མཚོན།
ཡང་གེ་སར་སྒྲུང་ནང་གི་འཇང་ས་དམ་རྒྱལ་བོ་བྱ་བ་ནི་དེ་གའི་སྔོན་མའི་རྒྱལ་བོ་སྟེ། རྒྱ་སྐད་ལ་མོའོ་ཐེན་ཝང(木天王)ཞེས་འབོད་པ་ཡིན་པར་བཤད་ཅིང་། དེས་ཁམས་ཕྱོགས་ལ་དམག་དྲངས་ཏེ་བཙན་བཟུང་བརྩིགས་པ་ད་ལྟའང་བདེ་ཆེན་བརྒྱུད་ན་མཐོང་རྒྱུ་ཡོད་ཅིང་། འཇང་གླིང་འཁྲུག་པའི་སྒྲུང་ཡང་དེ་ནས་བྱུང་བར་མངོན་ལ། ཡུལ་དེར་དེང་སང་ཡང་བདེ་ཆེན་སོགས་ཁམས་མིས་ས་དམ་མམ་ས་ཏང(ཐང)ཞེས་རྒྱལ་ཐང་དང་ས་ཐང་ཡངས་ཐང་བཅས་ཀྱི་ཐང་གི་བརྡ་དེ་སྒྲ་དྲག་པོར་ཏང་ཞེས་བཀླགས་པ་ལགས་པས་གོ་བར་གྱིས་ཤིག་གུ།

འབྲེལ་ཡོད་འོས་སྦྱོར།