logo

ཡིག་སྒྱུར་གྱི་དགོས་པ་དང་དམིགས་ཡུལ།

རྩོམ་པ་པོ།:པད་མ་དབྱངས་ཅན། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-02-09 ཀློག་གྲངས།:

  ཀུན་ གྱིས་མཁྱེན་གསལ་ལྟར་སྤྱི་ཚོགས་ལས་རིགས་ཁག་གི་འཕེལ་རིམ་ཁྲོད་ལོ་ཙཱའི་ལས་རིགས་ནི་མེད་དུ་མི་རུང་བ་ཞིག་ཡིན་པས་མི་རྣམས་ཀྱིས་ཀྱང་ལོ་ཙཱ་བ་རྣམས་འཇིག་རྟེན་ལ་བལྟ་བྱེད་ཀྱི་མིག་དང་མཚུངས་པར"འཇིག་རྟེན་མིག"ཅེས་བསྔགས་བརྗོད་ཆེན་པོ་བྱེད་ཀྱི་ཡོད།  གང་ལགས་ཤེ་ན།  གལ་ཏེ་ལོ་ཙཱའི་བྱ་འགུལ་མེད་ན་འཛམ་གླིང་མི་རིགས་ཕན་ཚུན་དབར་འབྲེལ་ཟམ་འཛུགས་ཐབས་མེད་པས་རྒྱལ་ཁབ་དང་མི་རིགས་གཞན་གྱི་སྔོན་ཐོན་རིག་གནས་དང་ཕུལ་བྱུང་གི་ལག་རྩལ་སོགས་ཕན་ཚུན་སྤེལ་རེས་བྱེད་ཐབས་བྲལ་བར་བརྟེན་ད་ལྟའི་འཕེལ་རྒྱས་འདི་ལྟ་བུ་ཡོང་ག་ལ་ཐུབ།
  རང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་དང་རིག་གནས་ལ་སོགས་འཁྲུལ་མེད་ཀྱི་སྒོ་ནས་མི་རིགས་གཞན་ལ་ངོ་སྤྲོད་གང་ལེགས་བྱེད་བསམ་ན།  ཡིག་སྒྱུར་ནི་དེ་དག་མངོན་སྒྱུར་ཐུབ་བྱེད་ཀྱི་ལག་ཆའམ་ཐབས་ལམ་ཡག་ཤོས་ཤིག་ཡིན་པས་ང་ཚོས་ཡིག་སྒྱུར་གྱི་ཐབས་ལ་མ་བརྟེན་ཅི་ལ་འགྲིག    རྒྱུ་མཚན་དེའི་དབང་གིས་ཡིག་སྒྱུར་གྱི་བྱེད་པོ་ལོ་ཙཱ་བ་ཞིག་ལ་བྱང་ཚད་ཇི་ལྟ་བུ་ཞིག་ལྡན་མིན་གྱིས་ལོ་ཙཱའི་ལག་ལེན་གྱི་ཁྲོད་འབྲས་བུ་གང་འདྲ་ཞིག་ཐོན་མིན་ཐད་སྤྱིར་ཤེས་དམན་རྨོངས་བརྟུལ་བདག་འདྲ་བས་རྣག་ཐོག་གཙག་འཁེལ་གྱི་དཔྱད་པ་གཏོང་བའི་སྤོབས་པ་མེད་རུང་ །  མཁས་དབང་རྣམས་ཀྱིས་གསུངས་པའི་ལོ་ཙཱ་བར་ལྡན་དགོས་པའི་བྱང་ཚད་དག་ལ་གཞི་འཛིན་གྱིས་ད་བར་རང་ཉིད་ཀྱི་ལས་ཀའི་ཉམས་མྱོང་དང་ཟུང་འབྲེལ་གྱིས་རང་བློས་གང་དྲན་ལྷུག་པོར་གླེང་བ་ལ།
  དང་པོ།  ལོ་ཙཱ་བའི་བྱང་ཚད་ཀྱི་སྐོར།  ང་ཚོས་མིའི་རིགས་ཀྱི་རིག་གནས་འཕེལ་རྒྱས་ཀྱི་ལོ་རྒྱུས་ལ་བལྟས་ན།  མི་རིགས་གང་དང་གང་ཡིན་ཡང་དེའི་ཤེས་རིག་ནི་རིག་གནས་བརྗེ་རེས་དང་ཁ་འབྲལ་ཐབས་མེད་པ་ཞིག་རེད།  ལྷག་པར་ད་ལྟའི་དུས་འདིར་རིག་གནས་ཚན་རྩལ་བརྗེ་རེས་ཀྱི་བྱ་གཞག་ཐད་ཡིག་སྒྱུར་གྱིས་བཏོན་དང་འདོན་བཞིན་པའི་ནུས་པ་དེ་ལྟ་བུ་གཞན་གང་གིས་ཀྱང་ཚབ་བྱེད་མི་ཐུབ། 
  ལོ་ཙཱ་བ་ཞིག་གི་ངོས་ནས་བཤད་ན་དེར་ཕྱོགས་མང་པོའི་ཆ་རྐྱེན་ནམ་བྱང་ཚད་ལྡན་དགོས་པ་ཡིན།  དེ་ཡང་དང་ཐོག་ལོ་ཙཱ་བའི་རྨང་གཞིའམ་ཡང་ན་ཉེར་མཁོའི་ལག་ཆ་ལྟ་བུ་ནི་སྐད་དང་ཡི་གེ་མ་ཤེས་པར་ལོ་ཙཱའི་བྱ་བ་ཇི་ལྟར་ནུས།  གང་ལྟར་ལོ་ཙཱའི་བྱ་བར་འཇུག་མཁན་ཞིག་ཡིན་ཕྱིན་དེར་མ་མཐར་ཡང་སྐད་རིགས་གཉིས་སམ་ཡིག་རིགས་གཉིས་ཡན་གྱི་ཤེས་བྱ་ལྡན་དགོས་པ་ཡིན།    དེ་ནི་ལོ་ཙཱའི་བྱ་བར་འཇུག་པའི་རྩ་བའི་རྨང་གཞི་ཞིག་ཡིན།    ཚད་ལྡན་གྱི་ལོ་ཙཱ་བ་ཞིག་ལ་ཆ་མཚོན་ན་སྐད་རིགས་གཉིས་ཙམ་ཤེས་པ་ཁོ་ནས་མི་ཆོག་པར་དེར་ད་དུང་རྩོམ་འབྲིའི་ནུས་པ་ངེས་ཅན་ཞིག་ལྡན་དགོས་ལ་རིག་པའི་གནས་གང་མང་ཞིག་ལའང་རྒྱུས་མངའ་ཡོད་དགོས།
  ང་ཚོས་ཤེས་གསལ་ལྟར།  གལ་ཏེ་སྔོན་བྱོན་གྱི་ལོ་ཆེན་རྣམས་ལ་བྱང་ཚད་དམ་འཛོམས་པའི་ཆ་རྐྱེན་ཁྱད་དུ་འཕགས་པ་ཞིག་མེད་ཚེ་ད་ལྟ་ང་ཚོས་མཐོང་ཆོས་སུ་གྱུར་བའི་རྒྱ་ཆེ་གཏིང་ཟབ་ཀྱི་ཤེས་རིག་དག་ཡོང་མི་སྲིད།  དེ་ཡང་འབྲས་བུ་དེ་ལྟར་བྱུང་བར་ང་ཚོས་རྩ་བ་དེ་ཡོད་པ་ཁས་ལེན་ཆོག་པ་དང་ །  ལོ་ཙཱ་བར་ཆ་རྐྱེན་གང་འདྲ་དང་བྱང་ཚད་གང་འདྲ་ལྡན་དགོས་ཟེར་ན། དེ་ཡང་ལོ་ཙཱའི་བྱ་བར་འཇུག་མཁན་ཞིག་ཡིན་ཕྱིན་དང་ཐོག་རང་མི་རིགས་ཀྱི་རིག་གནས་ལ་བྱང་གོམས་ཆེན་པོ་ཡོད་པའི་རྨང་གཞིའི་སྟེང་མི་རིགས་གཞན་གྱི་རིག་གནས་ལའང་རྒྱུས་མངའ་གང་ཙམ་ཡོད་དགོས་པ་ཡིན།   གལ་ཏེ་དེ་ལྟ་བུའི་རྨང་གཞི་ཞིག་མི་ལྡན་ཚེ་ཡིག་སྒྱུར་སྐབས་མ་ཡིག་གི་བསྟན་བྱའི་དོན་གོ་བདེ་པོ་ཡོང་ཐབས་བྲལ་བ་ཡིན།    གཞན་ཡང་ཡིག་སྒྱུར་གྱི་ཁྱབ་ཁོངས་ནི་ཧ་ཅང་རྒྱ་ཆེ་བ་ཞིག་ཡིན།  དེར་ཆབ་སྲིད་དང་།  ལོ་རྒྱུས།  ཚན་རྩལ།  རིག་གནས་ལ་སོགས་ཕྱོགས་ཧ་ཅང་གི་མང་བས་ལོ་ཙཱ་བ་རྣམས་ཀྱིས་ཡིག་སྒྱུར་སྐབས་ཕྱོགས་མཚུངས་ཀྱི་ཤེས་བྱ་ལྡན་དགོས་པ་ནི་གལ་ཆེ། ཡིག་སྒྱུར་བ་ཞིག་གི་ངོས་ནས་བརྗོད་ན།     སྤྱིར་ཤེས་བྱའི་གནས་མཐའ་དག་ལ་ཐོས་རྒྱ་དང་ལྟ་རྒྱ་ཆེ་ཞིང་རིག་སྟོབས་ཀྱི་འཇུག་སྒོ་རྒྱས་དགོས་པ་མ་ཟད།  ཡིག་སྒྱུར་རྣམ་གཞག་དང་བརྡ་སྤྲོད་གཞུང་ལ་གང་ལ་གང་འཚམ་གྱི་མྱོང་རྟོགས་ཡོད་པ་བྱ་དགོས་ལ་ཡང་སྒོས་སུ་བསྒྱུར་བྱ་སྒྱུར་བྱེད་ཀྱི་སྐད་ཡིག་ལ་ནང་བྱན་ཆུད་པར་བྱེད་དགོས།  མཁས་དབང་དོར་ཞི་ཡིས"སྤྱི་དང་བྱེ་བྲག་ཤེས་བྱའི་གཞུང་ལུགས་ཁོང་དུ་ཆུད།  བསྒྱུར་ བྱའི་ ཡི་ གེའི་ ནང་ དོན་ སྔོན་ ལ་ ངེས་ ཞིབ་ བྱ་ དོན་ ལ་ མ་ ནོར་ ཚིག་ ལ་ ཇི་ བཞིན་ ཐོན་ མི་ དགོས།    སྒྱུར་ བྱེད་ སྐད་ ཀྱི་ གོམས་ སྲོལ་ ལྟར་ སྦྱོང་ བརྡ་ འཕྲོད་ གནད"གསུངས་ པ་ ལྟར་ བསྒྱུར་ བྱའི་ སྐད་ ཡིག་ གང་ ཞིག་ ཡིན་ རུང་ མ་ ཡིག་ གི་ ནང་ དོན་ ལ་ གོ་ བ་ ལེགས་ པོ་ ཞིག་ ལེན་ རྒྱུ་ ནི་ སྒྱུར་ པ་ པོའི་ བྱང་ ཚད་ ལ་ རགས་ ལས་ ཡོད། 
         སྒྱུར་ པ་ པོར་ དང་ ཐོག་ སྐད་ ཡིག་ མི་ འདྲ་ བ་ གཉིས་ ཀྱི་ གོ་ དོན་ ལ་ མཐར་ ཕྱིན་ པའི་ གོ་ བ་ ལེན་ པའི་ ཡོན་ ཚད་ ལྡན་ ན་ བསྒྱུར་ བྱའི་ དོན་ རྣམས་ ཀྱང་ གནད་ ལ་ འཁེལ་ ཞིང་ གོ་ བདེ་ བ།  བལྟས་ པ་ ཙམ་ གྱིས་ ངེས་ ཤེས་ ཐུབ་ པ་ ཞིག་ ཡོང་ ཐུབ་ པས་ རྗོད་ བྱེད་ ཚིག་ གིས་ བརྗོད་ བྱའི་ དོན་ འཁྲུལ་ མེད་ དུ་ མཚོན་ ཐུབ་ པའི་ དམིགས་ ཡུལ་ སྒྱུབ་ ཐུབ། 
  ཡིག་ སྒྱུར་ བ་ ཞིག་ ལ་ ཆ་ མཚོན་ ན།  སྤྱིར་ བཏང་ གི་ རྩོམ་ པ་ པོ་ ནང་ བཞིན་ རང་ དབང་ ཅན་ ཞིག་ མ་ ཡིན་ ལ།  སྤྱིར་ བཏང་ གི་ རྩོམ་ པ་ པོ་ ནང་ བཞིན་ སྐད་ ཡིག་ གཅིག་ ཁོ་ ནའི་ རྩོམ་ འབྲི་ བྱེད་ མཁན་ ཞིག་ ཀྱང་ མིན་ པར་ བསྒྱུར་ བྱའི་ མ་ ཡིག་ དང་ སྒྱུར་ བྱེད་ བུ་ ཡིག་ གཉིས་ ཀའི་ བྱང་ ཚད་ ལྡན་ པའི་ ཐོག་ བསྒྱུར་ བྱའི་ མ་ ཡིག་ གི་ ནང་ དོན་ ལ་ སྒྲོ་ བཏགས་ དང་ འཁྱོག་ བཤད་ མེད་ པའི་ འགན་ འཁྲི་ ནན་ པོ་ འཁུར་ དགོས་ ཀྱི་ ཡོད།    རང་ རེའི་ ལོ་ ཙཱའི་ རིག་ ཚན་ དེའི་ གཞུང་ ལུགས་ ཀྱི་ ཁུངས་ གཏུགས་ སར་ བརྗོད་ པའི་ སྒྲ་ སྦྱོར་ བམ་ གཉིས་ ནང་ དུའང"དམ་ པའི་ ཆོས་ སྒྱུར་ བའི་ ལུགས་ ནི་ དོན་ དང་ ཡང་ མི་ འགལ་ ལ་ བོད་ སྐད་ ལ་ ཡང་ གང་ བདེ་ བར་ གྱིས་ ཤིག"ཅེས་ གསུངས་ པ་ ལྟར་ རང་ གི་ བསྒྱུར་ བྱའི་ དོན་ རྣམས་ མ་ ཡིག་ དང་ མི་ འགལ་ བའི་ རྨང་ གཞིའི་ ཐོག་ ཚིག་ གསལ་ ལ་ བརྗོད་ པ་ བདེ་ བ་ དགོས་ པ་ ནི་ མ་ མཐའི་ བླང་ བྱ་ ཡིན།  དེང་ སྐབས་ ང་ ཚོས་ གཙོ་ བོར་ སྤྱི་ ཚོགས་ དེའི་ རྣམ་ པར་ སྒྱུར་ བཀོད་ བྱེད་ པའི་ རྒྱལ་ ཁབ་ ཕྱི་ ནང་ གི་ གལ་ ཆེའི་ གསར་ འགྱུར་ དང་ །  ཚན་ རིག་ ལག་ རྩལ་ གྱི་ གྲུབ་ འབྲས་ གསར་ པ།    དཔལ་ འབྱོར་ དངུལ་ རྩ་ སོགས་ ཀྱི་ ནང་ དོན་ དེ་ སྤྱི་ ཚོགས་ འཕེལ་ རྒྱས་ ཀྱི་ དགོས་ མཁོ་ དང་ བསྟུན་ ནས་ རང་ རེའི་ སྐད་ ཡིག་ ཏུ་ བསྒྱུར་ དགོས་ པས་ ལས་ སླ་ པོ་ ཞིག་ རྩ་ བ་ ནས་ མིན་ པར་ དེ་ ནི་ དཀའ་ ཚེགས་ ཆེ་ ལ་ རྙོག་ འཛིང་ ཆེ་ བའི་ རིག་ ཚན་ ཞིག་ རེད།     རླབས་ ཆེན་ གྱི་ རྩོམ་ རིག་ མཁས་ པ་ སྐུ་ ཞབས་ ལུའུ་ ཞུན་ གྱིས"ངས་ རྒྱུན་ དུ་ གསར་ རྩོམ་ ལས་ ཡིག་ སྒྱུར་ སླ་ བར་ སེམས་ མོད།  ཡིག་ སྒྱུར་ གྱི་ ལས་ ལ་ དངོས་ སུ་ ཞུགས་ དུས་ དཀའ་ ཚེགས་ ཟློག་ ཏུ་ མེད་ པར་ འཕྲད་ དེ་ མཚམས་ མཚམས་ སུ་ མགོ་ འཐོམ་ མིག་ རབ་ རིབ་ ཀྱི་ ཚུལ་ དུ་ སོང་ ཡང་ དཀའ་ གནད་ ཀྱི་ སྒོ་ མོ་ འབྱེད་ པའི་ ལྡེ་ མིག་ ཅིག་ ད་ དུང་ མ་ རྙེད"ཅེས་ གསུངས་ པ་ དེའི་ ཐོག་ ནས་ ཀྱང་ སྐད་ གཉིས་ ལ་ ནང་ བྱན་ ཆུད་ པའི་ མཁས་ དབང་ ལའང་ ཡིག་ སྒྱུར་ སྐབས་ སུ་ དཀའ་ ཚེགས་ དེ་ འདྲ་ འཕྲད་ ན།  ལས་ དེར་ ཞུགས་ པའི་ མྱོང་ བྱ་ ཅན་ གྱི་ བསླབ་ པ་ རྒན་ པ་ ཡིན་ ནའང་ འདྲ།    ལས་ དང་ པོ་ བ་ བློ་ གསར་ ཚོགས་ སུ་ འདྲ་ ཞིག་ ཡིན་ རུང་ ཡིག་ སྒྱུར་ ལས་ དེའི་ དགོས་ གལ་ རང་ བཞིན་ ལ་ ངོས་ འཛིན་ གང་ ལེགས་ དང་ ལས་ དེར་ དགའ་ བའི་ བསམ་ པའི་ སྐུལ་ སློང་ དྲག་ པོས་ དེའི་ དཀའ་ ཚེགས་ ལ་ ཇི་ མི་ སྙམ་ པའི་ སྙིང་ རུས་ སྐྱེས་ ཚེ་ བརྩོན་ འགྲུས་ ཅན་ གྱིས་ རྡོ་ ལ་ ཨི་ ཁུང་ འབིགས་ ཐུབ་ ཅེས་ པའི་ དཔེ་ ལྟར་ ཁྱེད་ ཀྱིས་ རིག་ ཚན་ དེའི་ ཐོག་ ནས་ བྱ་ བཞག་ རླབས་ པོ་ ཆེ་ ཞིག་ སྒྲུབ་ ཐུབ་ པར་ སོམ་ ཉི་ སྤུ་ ཙམ་ མེད། 
  གཉིས་ པ།  ལོ་ ཙཱའི་ ལག་ ལེན་ གྱི་ སྐོར།  ལག་ ལེན་ ནི་ བདེན་ དོན་ ཞིབ་ བསྡུར་ བྱེད་ པའི་ ཚད་ གཞི་ འབའ་ ཞིག་ ཡིན་ པས་ ལས་ རིགས་ གང་ འདྲ་ ཞིག་ ཡིན་ ཡང་ ལག་ ལེན་ ནི་ དེ་ ལྟ་ བུའི་ གལ་ ཆེ་ བ་ ཞིག་ ཡིན་ ལ།  ལས་ རིགས་ དེའི་ འཕེལ་ རྒྱས་ ཀྱང་ ལག་ ལེན་ དང་ ཁ་ འབྲལ་ ཐབས་ མེད་ པ་ ཡིན།  ལོ་ ཙཱའི་ ལས་ རིགས་ ཀྱི་ ངོས་ ནས་ བཤད་ ན།  ལོ་ ཙཱའི་ ལག་ ལེན་ སྐབས་ ལོ་ ཙཱ་ བ་ རྣམས་ ཀྱིས་ ངེས་ པར་ དུ་ བསྟུན་ དགོས་ པའི་ ལོ་ ཙཱའི་ གཞུང་ ལུགས་ དེ་ དག་ ཀྱང་ ལག་ ལེན་ ཁྲོད་ དུ་ བསགས་ པའི་ ཉམས་ མྱོང་ ཕྱོགས་ སྡོམ་ བྱས་ པ་ ལས་ བྱུང་ བས་ ལོ་ ཙཱའི་ ལག་ ལེན་ གྱི་ གལ་ ཆེའི་ རང་ བཞིན་ མངོན་ གྱི་ ཡོད། 
  གཅིག ལོ་ ཙཱའི་ ལག་ ལེན་ ལ་ འཇུག་ པའི་ སྔོན་ འགྲོའི་ ཆ་ རྐྱེན། 
  ལོ་ ཙཱའི་ བྱ་ བར་ འཇུག་ པར་ དང་ ཐོག་ གོ་ རིམ་ གཉིས་ བརྒྱུད་ དགོས་ པ་ སྟེ།  ཐོག་ མར་ མ་ ཡིག་ རྩོམ་ པ་ པོའི་ བསྟན་ བྱའི་ དོན་ ལ་ གོ་ བ་ ཡང་ དག་ ཅིག་ ལོན་ ཐུབ་ པ་ བྱ་ རྒྱུ་ དང་ །  དེ་ རྗེས་ གང་ སྒྱུར་ བྱེད་ སྐད་ ལ་ ཕབ་ རྒྱུ་ དེ་ ཡིན།  དེ་ ཡང་ མ་ རྩོམ་ གྱི་ བསྟན་ བྱའི་ དོན་ ལ་ གོ་ བ་ ཡང་ དག་ ལེན་ དགོས་ ན་ རྩོམ་ པ་ པོ་ དེ་ མི་ རིགས་ གང་ དང་ རིག་ གནས་ ཁོར་ ཡུག་ གང་ འདྲ་ ཞིག་ གི་ ནང་ དུ་ འཚོ་ བ་ དང་ རྩོམ་ ཡིག་ འབྲི་ སྐབས་ རྩོམ་ པ་ པོའི་ སེམས་ ཁམས་ གང་ འདྲ་ ཡོད་ པ་ དེ་ དག་ ཤེས་ རྟོགས་ བྱུང་ ཚེ་ གཞི་ ནས་ འགྱུར་ ཡིག་ སྤུས་ ཚད་ ལེགས་ པོ་ ཞིག་ ཐོན་ པར་ རྨང་ གཞི་ བཟང་ པོ་ འདིང་ ཐུབ།  གང་ ལགས་ ཤེས་ ན།  ལོ་ ཙཱའི་ གོ་ རིམ་ ཞེས་ པ་ ནི་ ལོ་ ཙཱ་ བྱེད་ སྐབས་ ཀྱི་ སྔོན་ འགྲོའི་ ཆ་ རྐྱེན་ ཏེ་ མ་ ཡིག་ ལ་ གོ་ བ་ གཏིང་ ཟབ་ ལོན་ པ་ དང་ རྩོམ་ པ་ པོའི་ བསམ་ བློའི་ སྙིང་ དོན་ མཚོན་ པར་ བྱེད་ པའི་ གོ་ རིམ་ ལ་ ཟེར་ བ་ དང་ །    གཞན་ ཡང་ ལོ་ ཙཱ་ བྱེད་ སྐབས་ མ་ ཡིག་ ལ་ གོ་ བ་ གཏིང་ ཟབ་ གཅིག་ ལེན་ དགོས་ ན་ མ་ རྩོམ་ གྱི་ ནང་ དོན་ དང་ རྣམ་ པ་ གཉིས་ ཀར་ བསྟུན་ དགོས།  《དེང་ རབས་ ཀྱི་ སྐད་ ཡིག་ དང་ རྩོམ་ རིག་ ཞིབ་ འཇུག》ཅེས་ པར་ ལག་ ལེན་ དངོས་ ཀྱི་ སྐབས་ སུ་ མ་ ཡིག་ གི་ ནང་ དོན་ གཙོ་ བོར་ བཟུང་ སྟེ་ བསྒྱུར་ ན་ མ་ རྩོམ་ གྱི་ རྣམ་ པ་ དོར་ དགོས་ པ་ དང་ །  མ་ རྩོམ་ གྱི་ རྣམ་ པ་ གཙོ་ བོར་ བཟུང་ ན་ ནང་ དོན་ ཇི་ བཞིན་ དུ་ སྟོན་ མི་ ཐུབ་ པས་ དེ་ གཉིས་ འགལ་ བར་ གྱུར་ ཡོད།  འགྱུར་ ཡིག་ གི་ ནང་ དོན་ ལ་ དོ་ སྣང་ ཆེར་ མི་ བྱེད་ པར་ རྣམ་ པ་ གཙོ་ བོར་ བཟུང་ ནས་ བསྒྱུར་ དགོས་ བསམ་ སྟེ།  ཐད་ སྒྱུར་ བྱས་ ན་ མ་ ཡིག་ གི་ རྣམ་ པ་ རྒྱུན་ འཁྱོངས་ བྱེད་ ཐུབ་ ན་ ཡང་ སྐབས་ འགར་ གཏན་ ནས་ བསྒྱུར་ མི་ ཐུབ་ པ་ ཡང་ ཡོད། 
  སྒྱུར་ ཡིག་ གི་ རྣམ་ པ་ ལ་ དོ་ སྣང་ ཆེར་ མི་ བྱེད་ པར་ ནང་ དོན་ གཙོ་ བོར་ བཟུང་ ནས་ བསྒྱུར་ དགོས་ བསམ་ སྟེ་ དོན་ སྒྱུར་ བྱས་ ན་ མ་ ཡིག་ གི་ ནང་ དོན་ ཇི་ བཞིན་ དུ་ བསྒྱུར་ ཐུབ་ ནའང་ དེ་ ནི་ ཡིག་ སྒྱུར་ བྱས་ པ་ ཞིག་ མ་ ཡིན་ པར་ གསར་ རྩོམ་ བྱས་ པ་ ལྟར་ འགྲོ་ ཉེན་ ཡོད།    དེ་ ལྟར་ སྒྱུར་ ཡིག་ ཀློག་ པ་ པོ་ རྣམས་ ཀྱི་ སེམས་ ཁམས་ དང་ བསྟུན་ ནས་ ཚིག་ སྙན་ ཞིང་ གོ་ བདེ་ བ་ ཡོང་ བའི་ ཆེད་ དུ་ མ་ ཡིག་ གི་ ནང་ དོན་ དང་ རྩོམ་ སྟངས་ རང་ ཉིད་ ཀྱི་ གང་ འདོད་ ལྟར་ སྒྱུར་ བཅོས་ དང་ རྣམ་ པ་ གཞན་ ཞིག་ ཏུ་ བརྗེ་ སྤོར་ བྱས་ ན་ ལོག་ སྒྱུར་ དུ་ འགྲོ་ བའི་ ཉེན་ ཁ་ ཡོད"ཅེས་ འཁོད་ ཡོད་ དེ།  མ་ ཡིག་ གི་ ནང་ དོན་ ནི་ མ་ ཡིག་ གི་ བླ་ སྲོག་ ཡིན་ པ་ དང་ །  སྤྱིར་ ན།  ལོ་ ཙཱའི་ བྱ་ བ་ གང་ ཞིག་ ཡིན་ ནའང་ དོན་ དང་ རྣམ་ པ་ གཉིས་ ནི་ ལོ་ ཙཱའི་ འགག་ གནད་ ཡིན་ པ་ དང་ ནང་ དོན་ ཁོ་ ན་ ལ་ བསྟུན་ རྒྱུ་ མེད་ ལ།     རྣམ་ པ་ ཁོ་ ན་ ལའང་ བསྟུན་ མི་ རུང་ བ་ སྟེ་ ནང་ དོན་ དང་ རྣམ་ པ་ ཟུང་ འབྲེལ་ གྱི་ ཐོག་ ནས་ ཡིག་ སྒྱུར་ བྱེད་ དགོས་ པ་ ནི་ གལ་ ཆེ་ བ་ ཡིན། 
  གཉིས།  ལོ་ ཙཱའི་ ལག་ ལེན་ གྱི་ གལ་ ཆེའི་ རང་ བཞིན།  སྤྱིར་ མི་ རིགས་ ཤིག་ གི་ རིག་ གནས་ གོང་ འཕེལ་ དུ་ འགྲོ་ བ་ ལ་ ཕྱི་ ནང་ གི་ མཐུན་ རྐྱེན་ སྣ་ ཚོགས་ ཤིག་ དགོས་ མོད།  དེ་ ཡང་ མཐུན་ རྐྱེན་ གྲ་ རྒྱས་ ཤིག་ འཛོམས་ པ་ ཁོ་ ནས་ ཡོང་ བ་ ཞིག་ ཀྱང་ གཏན་ ནས་ མ་ ཡིན་ པར།  གཙོ་ བོ་ མཐུན་ རྐྱེན་ དེ་ དག་ གྲོགས་ སུ་ འཁྱེར་ ཤེས་ ཀྱིས་ ལག་ ལེན་ མཐར་ ཕྱིན་ བྱ་ རྒྱུ་ དེ་ བས་ གལ་ ཆེ་ བར་ མཐོང་ །    བརྒྱ་ བཤད་ སྟོང་ བཤད་ བྱས་ ཀྱང་ །    ཡོས་ ལ་ འབབ་ རྒྱུ་ རྩམ་ པ་ ཞེས་ པའི་ དཔེ་ ལྟར་ ང་ ཚོས་ ཡིག་ སྒྱུར་ གྱི་ རིགས་ པའི་ གཞུང་ ལུགས་ རྒྱས་ བཤད་ དང་ སློབ་ སྦྱོང་ །    ཉམས་ ལེན་ སོགས་ ཇི་ ལྟར་ བྱས་ པ་ དེ་ དག་ ཡིག་ སྒྱུར་ གྱི་ བྱ་ བ་ དངོས་ ནང་ བེད་ སྤྱོད་ དང་ བརྡར་ ཤ་ གཅོད་ རྒྱུ་ ནི་ ཡིག་ སྒྱུར་ བྱ་ བས་ སྤྱི་ ཚོགས་ བྱ་ གཞག་ ཁག་ ལ་ ལེགས་ སྐྱེས་ ཇི་ ལྟར་ འབུལ་ ཐུབ་ མིན་ དང་ ཐད་ ཀར་ འབྲེལ་ བ་ ཡོད་ པ་ ཞིག་ ལགས་ པས།    ལོ་ ཙཱ་ བ་ ཚོས་ དུས་ རྒྱུན་ གྱི་ རང་ སོའི་ ལས་ རིགས་ ཀྱི་ ཡིག་ སྒྱུར་ ཁྲོད་ རིག་ གཞུང་ དང་ མཐུན་ ལ་ དོན་ དངོས་ ལ་ ཕན་ པ་ ཆེ་ བའི་ བྱ་ བ་ བརྩམ་ རྒྱུ་ ནི་ ཐབས་ དམ་ པ་ དེ་ ལགས།  དེ་ ཡང《མར་ ཁེ་ སི་ རིང་ ལུགས་ ཀྱི་ མཚན་ ཉིད་ རིག་ པའི་ སློབ་ སྦྱོང་ རྩ་ གནད》ལས"ལག་ ལེན་ ནི་ ཤེས་ རྟོགས་ ཀྱི་ འབྱུང་ ཁུངས་ དང་ །  ཤེས་ རྟོགས་ འཕེལ་ རྒྱས་ འགྲོ་ བའི་ སྒུལ་ ཤུགས་ ཤེས་ རྟོགས་ དེ་ བདེན་ དོན་ ཡིན་ མིན་ ཞིབ་ བསྡུར་ བྱེད་ པའི་ ཚད་ གཞི།  ཤེས་ རྟོགས་ བྱེད་ པའི་ དམིགས་ ཡུལ་ བཅས་ ཡིན།  ཤེས་ རྟོགས་ ཀྱི་ རིན་ ཐང་ དེ་ མཐར་ གཏུགས་ ནས་ བཤད་ ན་ ལག་ ལེན་ གྱི་ ནང་ དུ་ འགྲུབ་ པ་ བྱེད་ དགོས་ པ་ ཡིན"ཞེས་ པ་ ལྟར་ ལག་ ལེན་ ནི་ ཧ་ ཅང་ གལ་ ཆེ་ བ་ ཞིག་ ཡིན།
  མཇུག་ བསྡུའི་ གཏམ།  ཡིག་ སྒྱུར་ གྱི་ བྱ་ བ་ ནི་ མི་ རིགས་ ཕན་ ཚུན་ དབར་ རིག་ གནས་ སྤེལ་ རེས་ དང་ འབྲེལ་ བ་ དམ་ དུ་ གཏོང་ བའི་ ཟམ་ པ་ ལྟ་ བུ་ ཞིག་ ཡིན།  དེའི་ ཕྱིར་ སྔོན་ བྱོན་ ལོ་ ཙཱ་ བ་ རྣམས་ ཀྱི་ འཕྲིན་ ལས་ དང་ དེང་ སྐབས་ ཡིག་ སྒྱུར་ མཁན་ གྱི་ གནས་ བབ་ ལ་ བསམ་ བཞིན།  རང་ མི་ རིགས་ ཀྱི་ རིག་ གནས་ དར་ རྒྱས་ དོན་ དུ་ དེང་ སྐབས་ ལོ་ ཙཱ་ བ་ རྣམས་ ཀྱིས་ རང་ ཉིད་ ཀྱི་ བྱང་ ཚད་ དང་ ལག་ ལེན་ གཉིས་ ཀྱི་ བར་ ལ་ ཇི་ ལྟ་ བུའི་ འབྲེལ་ བ་ གྲུབ་ ཡོད་ པ་ དེ་ བས་ ཀྱང་ ཤེས་ རྟོགས་ གསལ་ པོ་ ཞིག་ ཡོང་ ཕྱིར་ དཔྱད་ རྩོམ་ འདིར་ ལོ་ ཙཱ་ བའི་ བྱང་ ཚད་ དང་ ལོ་ ཙཱའི་ ལག་ ལེན་ སྐོར་ བཀོད་ པའི་ ཐོག་ ནས་ ཡིག་ སྒྱུར་ གྱི་ རྨང་ གཞི་ དང་ འབྲེལ་ བའི་ ཤེས་ བྱ་ སློབ་ སྦྱོང་ དང་ ལག་ ལེན་ ནང་ གི་ ་ མྱོང་ བ་ དང་ རང་ གི་ འདོད་ ཚུལ་ འགའ་ ལྷུག་ པོར་ གླེང་ ཁུལ་ བྱས་ ཡོད་ ཀྱང་ ཡིག་ སྒྱུར་ གཞུང་ ལུགས་ ཀྱི་ ཤེས་ བྱར་ སྦྱངས་ པ་ དམན་ པ་ དང་ །  ཡིག་ སྒྱུར་ ལག་ ལེན་ གྱི་ ལས་ དང་ པོ་ བ་ ཞིག་ ཡིན་ པའི་ ངོས་ ནས་ གནད་ དོན་ དབྱེ་ ཞིབ་ ཀྱི་ ནུས་ རྩལ་ ཞན་ པ་ སོགས་ རྒྱུ་ རྐྱེན་ དུ་ མའི་ རྐྱེན་ གྱིས་ མ་ རྟོགས་ ལོག་ རྟོགས་ ཀྱི་ སྐྱོན་ དང་ དྲི་ མ་ ངེས་ པར་ ལྡན་ ཡོད་ ན།  མཁྱེན་ དཔྱོད་ ཡངས་ པའི་ དགེ་ བའི་ བཤེས་ གཉེན་ རྣམས་ ནས་ རིན་ བྲལ་ གྱི་ བཀའ་ སློབ་ འཛད་ མེད་ ཆུ་ བོའི་ རྒྱུན་ བཞིན་ ཡོང་ བའི་ རེ་ བ་ སྙིང་ དབུས་ ནས་ བཅངས་ བཞིན་ ཡོད།                 
 


འབྲེལ་ཡོད་འོས་སྦྱོར།