མོ་སྟོན་ཕག་མགོ་དངོས་སུ་སྟོན་རྒྱུ་བྱས།
འཁྲབ་ཁྲིད་པ་དང་འཁྲབ་གཞུང་རྩོམ་པ་པོ། འཁྲབ་སྟོན་པ། ཞི་བདེ་ཉི་མ།
ཕབ་སྐྲུན་མི་སྣ་ཡོངས་ཀྱི་མཉམ་པར།
མཚོ་སྔོན་བརྙན་འཕྲིན་ཁང་གིས་ཕབ་སྐྲུན་བྱས་ཚར་བའི་ཚན་པ་དྲུག་ཅན་གྱི་མུ་འབྲེལ་བརྙན་འཕྲིན་ཟློས་གར་"མོ་སྟོན་ཕག་མགོ"ཞེས་པ་༢༠༠༨ལོར་རྒྱ་ཆེ་བའི་བལྟ་མཁན་དག་ལ་གཟིགས་འབུལ་དུ་ཕུལ་རྒྱུ་ཐག་བཅད། བརྙན་འཕྲིན་ཟློས་གར་འདི་མཚོ་སྔོན་བོད་སྐད་བརྙན་འཕྲིན་ཁང་གིས་ཐོག་དང་པོར་ཕབ་སྐྲུན་བྱས་པའི་མུ་འབྲེལ་བརྙན་འཕྲིན་ཟློས་གར་ཐོག་མ་ཡིན་ལ། རང་རྒྱལ་གྱི་གྲངས་ཉུང་མི་རིགས་ས་ཁུལ་བརྙན་འཕྲིན་ཁང་གིས་མི་རིགས་སྐད་ཡིག་གི་ལམ་ནས་ཕབ་སྐྲུན་བྱས་པའི་ཟིན་ཐོ་ཐོག་མའང་ཡིན།
བརྙན་འཕྲིན་ཟློས་གར་འདི་༢༠༠༧ལོའི་ཟླ་༡༠བ་ནས་མགོ་བརྩམས་ཏེ་རྨ་ལྷོ་ས་ཁུལ་གྱི་སེང་གེ་གཤོང་སྡེ་བ་དང༌། རྩེ་ཁོག་ཧོར་སོགས་སུ་ཉིན་༤༠ཡི་དུས་ཡུན་ནང་ལེགས་འགྲུབ་བྱུང་བ་ཞིག་ཡིན་ལ། སྔ་གཞུག་ཀུན་ལ་བསྡོམས་པས་ཉིན་༨༠ཡི་དུས་ཚོད་བཀོལ་ཡོད་ན་ཤིན་ཏུ་མགྱོགས་པོར་ཕབ་སྐྲུན་ཚར་བའི་ལག་རྗེས་བླངས་ཡོད།
བརྙན་འཕྲིན་ཟློས་གར་འདིའི་མ་གཞི་བོད་ཀྱི་སྐད་གྲགས་འབར་བའི་དམངས་སྒྲུང་མི་རོ་རྩེ་སྒྲུངལས་"མོ་སྟོན་ཕག་མགོ"ཞེས་པ་བརྗོད་གཞིར་བཞག་ཐོག་འཁྲབ་གཞུང་རྩོམ་མཁན་སྙན་ངག་པ་ཞི་བདེ་ཉི་མའི་རང་གི་ཁ་མཚར་གྱི་ཤུགས་ཆེ་བའི་བསམ་བཀོད་དག་ཡལ་གར་བཞག་པས་ན་དགོད་བྲོ་བའི་བྱུང་རིམ་དག་གིས་བོད་ཡུལ་གྱི་ལྟད་མོ་བ་དག་ལ་ལོ་གསར་བ་དེ་སྤྲོ་སྐྱིད་ཀྱིས་ཁེངས་པ་ཞིག་ཏུ་ལྷགས་སུ་འཇུག་ངེས་པར་ཐེ་ཚོམ་མེད་དོ།
རྐང་གླིང་གི་བོད་ཡིག་ཟིན་བྲིས་ལས་བཏུས།