༄༅།།《འཚོལ》ཞེས་པའི་གློག་བརྙན་དེ་སྐབས་༡༢པའི་ཧྲང་ཧའེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྟེང་ཞུགས་ཐུབ་པ།
《འཚོལ》ཞེས་པའི་གློག་བརྙན་དེ་སྐབས་༡༢པའི་ཧྲང་ཧའེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྟེང་གསེར་གྱི་ཕོར་བའི་རྟགས་ཅན་གྱི་བྱ་དགའ་དང་རྒྱ་སྐད་སྨྱན་སྦྱོར་བྱ་དགའ་གཉིས་ཀྱི་འགྲན་བསྡུར་ནང་ཞུགས་ཐུབ་ཡོད་ལ། ཟླ༦པའི་ཚེས་༡༣ཉིན། གློག་བརྙན་འཁྲབ་ཁྲིད་པ་པདྨ་ཚེ་བརྟེན་དང་བརྟན། སྒྲིག་སྦྱོར་བ་སངས་རྒྱས་རྒྱ་མཚོ། འཁྲབ་སྟོན་པ་གཙོ་བོ་སྨན་བླ་སྐྱབས་དང་བརྩོན་འགྲུས། པར་ལེན་པ་ཟོན་ཐར་རྒྱལ། སྒྲ་ལེན་པའམ་གླུ་དབྱངས་རྩོམ་མཁན་གདུག་དཀར་ཚེ་རིང་བཅས་ གདན་དྲངས་པ་ལྟར་དུས་ཆེན་འགོ་རྩོམ་པའི་མཛད་སྒོར་ཞུགས་པ་རེད།
ཟླ་༦པའི་ཚེས་༡༥ཉིན། གློག་བརྙན་《འཚོལ》ཞེས་པ་ཧྲང་ཧའེ་གློག་བརྙན་ཁང་ནས་མ་བསྟན་གོང་ལ། འཁྲབ་ཁྲིད་པ་པདྨ་ཚེ་བརྟན་དང་། སངས་རྒྱས་རྒྱ་མཚོ། ཇུས་འགོད་པ་ཞུས་ཧྥེང་། འཁྲབ་སྟོན་པ་གཙོ་བོ་སྨན་བླ་སྐྱབས་དང་བརྩོན་འགྲུས། པར་ལེན་པ་ཟོན་ཐར་རྒྱལ། སྒྲ་ལེན་པའམ་གླུ་དབྱངས་རྩོམ་མཁན་གདུག་དཀར་ཚེ་རིང་སོགས་གློག་བརྙན་བཟོ་མཁན་གཙོ་བོ་རྣམས་རྒྱ་སྐད་སྨྱན་སྦྱོར་བྱ་དགའི་མཚམས་སྦྱོར་ཚོགས་པའི་དངོས་མཇལ་ཚོགས་འདུར་ཞུགས་པ་དང་། ཁོང་ཚོས་རྒྱལ་ཁབ་ཕྱི་ནང་གི་གཟིགས་མོ་བ་ཡོངས་ལ་གློག་བརྙན་བཟོ་བའི་དཀའ་ཚེགས་ཀྱི་བརྒྱུད་རིམ་ངོ་སྤྲོད་གནང་རྗེས་དགའ་བསུ་ཆེན་པོ་ཐོབ་པ་རེད།