logo

༄༅། །ལྷོ་ཁའི་སྒོར་གཞས་ངོ་སྤྲོད་མདོར་བསྡུས།

རྩོམ་པ་པོ།:པ་སངས། ཡོང་ཁུངས།:མཚོ་སྔོན་པོའི་དྲ་བ། དུས་ཚོད།:2008-07-29 ཀློག་གྲངས།:
  སྒོར་གཞས་ཞེས་པའི་སྒྱུ་རྩལ་འདི་ནི་ས་ཁོངས་རྒྱ་ཆེ་བའི་ས་མཐོའི་འཛིན་མའི་སྟེང་གནས་བཅའ་བའི་བོད་མི་རིགས་རང་ཉིད་ཀྱི་ཁྲོད་དུ་ལོ་རྒྱུས་ཀྱི་གོམ་སྟབས་དང་བསྟུན་ནས་རིམ་པས་དར་ཞིང་འཐུས་ཚང་དུ་སོང་བའི་ས་སྐྱེས་རྡོ་སྐྱེས་ཀྱི་གླུ་གར་ཞིག་ཡིན་ཞིང༌། ལྷག་པར་གངས་དཀར་ཏེ་སེའི་རི་རྒྱུད་ཀྱི་ལྷོ་ཕྱོགས་སུ་གནས་པའི་ཡུལ་ལྷོ་ཁ་ཁུལ་དུ་དར་ཁྱབ་ཤིན་ཏུ་ཆེ།
  གཅིག "སྒོར་གཞས"ཞེས་པ་ནི་གཙོ་བོ་སྒོར་དབྱིབས་སུ་བསྡད་ནས་གླུ་ལེན་གར་འཁྲབ་བྱེད་པས་དེ་ལྟར་ཐོགས། དེར་ངེས་གཏན་གྱི་གར་སྟེགས་ཤིག་གཏད་ནས་མ་དགོས་པར་ས་ཆ་གང་དུ་མཉམ་འཛོམས་བྱུང་ཡང་དེ་རང་དུ་འཁྲབ་སྟོན་བྱེད་ཆོག་པ་ཞིག་ཡིན། མ་གཞི་ལྷ་མོ་དང༌། བྲོ་གཞས། དགོན་སྡེ་ཁག་གི་སྐུ་འཆམ། གར་པ་གཞས་མ་སོགས་མང་ཆེ་བ་སྒོར་དབྱིབས་སུ་འཁྲབ་སྟོན་བྱེད་ཀྱི་ཡོད་ཀྱང༌། དེ་དག་ལ་མིའི་ཚད་གཞི་ངེས་གཏན་ཞིག་ཡོད་དགོས། སྒོར་གཞས་ལ་མི་གྲངས་ཀྱི་ཚད་གཞི་མེད། མང་བར་བཅུ་ཕྲག་གམ་བརྒྱ་ཕྲག་དང་ཉུང་བར་བཞི་ལྔ་ཙམ་ཡོད་ནའང་ཆོག་ལ། ས་ཆའང་རྡོ་གཅལ་དང་ཁྱིམ་ཚང་གི་སྒོ་རའམ་ཁང་པའི་ནང་དུ་འཁྲབ་ཆོག་པ་ཞིག་ཡིན།
  གཉིས། སྒོར་གཞས་ཀྱིས་རང་སོ་སོའི་མི་རིགས་སམ་ལུང་པ་སོ་སོའི་ཁྱད་ཆོས་མཚོན་ཐུབ་ལ། དེ་ནི་ནང་དོན་ཁ་
གསལ་བ་དང༌། དཔེ་དོན་གཉིས་མཚུངས་ཀྱི་ཚིག་སྦྱོར་ཕུན་སུམ་ཚོགས་པ། དབྱངས་སྙན་ཡི་གར་སྤྲོ་བ། དོན་ལྡན་སེམས་ལ་འཇུག་པར་མ་ཟད། དེར་འགྲན་སྡུར་གྱི་རང་བཞིན་ཡང་ལྡན་པས། གྲོང་ཚོ་ཕན་ཚུན་དང་ཕོ་མོ་ཕན་ཚུན་ཡང་ན་ལུང་པ་ཕན་ཚུན་གཅིག་འོག་གཅིག་ཏུ་མི་འདུ་བར་ཉིན་མཚན་ཁ་ཤས་རྒྱལ་ཕམ་ཐག་གཅོད་མི་ཐུབ་པས། མཐར་ལུང་པ་སོ་སོའི་འགོ་དཔོན་གྱིས་བཀའ་ཕབ་ནས་མ་གཏོགས་མཚམས་འཇོག་བྱེད་ཀྱི་མེད་པའི་བཤད་སྲོལ་ཡོད་སྐོར་སྒྱུ་རྩལ་པ་རྒན་གྲས་བློ་མཐུན་བློ་བཟང་བཀྲ་ཤིས་ལགས་ཀྱི་ཞལ་ལས་ཐོས། ལྷོ་ཁའི་སྒོར་གཞས་ཞེས་པའི་གླུ་གར་དེ་ཀུན་གྱི་མཁྱེན་གསལ་ལྟར་ཞིང་གྲོང་གི་ལུང་ཁུག་གང་སར་ཁྱབ་ཡོད་པས། སྔོན་བྱོན་མཁས་དབང་དུ་མས་ལོ་ངོ་སྟོང་ཕྲག་མང་པོའི་ནང་སྐུ་ངལ་གྲངས་ལས་འདས་པ་ཞིག་བསྐྱོན་ཏེ་དམངས་ཁྲོད་ཀྱི་གླུ་གར་དེ་དག་དཔྱིད་ཆར་དང་འཕྲད་པའི་སྨྱུག་རྩྭ་ཇི་བཞིན་ཚད་གཞི་གསར་པ་ཞིག་ཏུ་འཕེལ་རྒྱས་མཛད་པས། རྒྱལ་ཁབ་སུ་འདྲ་ཞིག་དང་མི་རིགས་སུ་འདྲ་ཞིག་གི་མདུན་དུ་སླེབས་ཀྱང་བག་མི་ཚ་བར་མ་ཟད། འཛམ་གླིང་གི་གར་སྟེགས་སྟེང་བསྐྱོད་ཀྱང་གྲངས་ལས་འདས་པའི་སྐྱེ་བོའི་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་པར་ནུས་སོ། །དེའི་ཐོག་ནས་རང་རེའི་མེས་པོ་ནི་ལས་ལ་བརྩོན་ཞིང་སྤྱང་གྲུང་བློ་གྲོས་ཀྱི་ཐབས་རྩལ་ལྡན་པ་ཞིག་ཡིན་པ་ར་ར་འཕྲོད་ཐུབ་ལ། ཁོང་རྣམ་པས་མེས་རྒྱལ་དང་མི་རིགས་བཅས་པར་སུབ་ཐབས་བྲལ་བའི་ཕྱག་རྗེས་བཞག་གནང་བ་རེད་ཅེས་མགྲིན་པ་གཟེངས་སུ་བཏེག་ནས་བཤད་ཆོག
  གསུམ། སྒོར་གཞས་ནི་ཞིང་འབྲོག་མང་ཚོགས་ཀྱི་མེད་དུ་མི་རུང་བའི་བསམ་པའི་ལོངས་སྤྱོད་ཅིག་ཡིན་སྟབས། དུས་སྟོན་ཆེ་ཆུང་གང་ཞིག་ཡིན་རུང་རྟེན་འབྲེལ་གྱི་་མཛད་སྒོ་ཁག་གྲུབ་པའི་རྗེས་ཤར་མར་འཁྲབ་ཆོག་པ་ཞིག་ཡིན། སྤྱིར་དུས་ཚོད་ནི་ཁྲི་གདུགས་ཉི་མ་ནུབ་ཕྱོགས་ས་འཛིན་རྩེ་མོར་བཞུད་ཙམ་ནས་འགོ་བརྩམས་ཤིང༌། གཙོ་བོ་ནི་ཟླ་འོད་འོག་འཁྲབ་པར་མ་ཟད། གཞས་རའི་དཀྱིལ་ངོས་སུ་དམར་དམར་མེ་ཕུང་ཆེན་པོ་ཞིག་སྤར་བ་དང༌། དམར་གསེར་ཁྲོ་ཟངས་ཆེན་པོའི་ནང་བདུད་རྩི་ཆང་གི་གཡུ་མཚོ་འཁྱིལ་བ་ལྟ་བུའི་མཐའ་སྐོར་དུ་རུབ་རུབ་རུབ་པར་མ་སྐོང་རང་འདོད་ཀྱིས་ལག་གདང་སྦྲེལ་ཞིང༌། སྒོར་སྒོར་རྔ་ལྟར་འཁོར་བའི་རུ་ཕྲེང་བསྒྲིགས་ཏེ་གསེར་མདོག་བདུད་རྩིའི་མཆོད་ཆང་ཨུ་ཚུགས་ཀྱིས་འདེགས་རེས་བྱས་ནས་རང་རང་གི་གཞས་ཚིག་དང་མགྲིན་ཁུག་མ་འཆོལ་བར་འབྲུག་སྟོང་ལྡིར་བ་ལྟ་བུའི་ཕོ་མོ་མང་པོའི་སྒྲ་དབྱངས་ཀྱིས་མི་རྣམས་ལ་སྤྲོ་སྣང་ཞིག་དབང་མེད་དུ་སྦྱིན་གྱི་ཡོད། ལྷག་པར་གངས་ཅན་འགྲོ་བ་ཡོངས་ཀྱི་དགའ་སྐྱིད་དུས་བཟང་གནམ་ལོ་གསར་ཚེས་སྐབས་དུས་ཚོད་མང་ཙམ་སྤྱད་ནས་འཁྲབ་སྟོན་བྱེད་ཀྱི་ཡོད། དཔེར་ན་གྲ་ནང་ཡང་ཁ་གྲོང་ཚོར་ཚེས་གཅིག་ཉིན་རང་ཁྱིམ་དུ་ནང་མི་མཉམ་འཛོམས་ཀྱི་བཀྲ་ཤིས་རྟེན་འབྲེལ་ཞུ་བ་དང༌། ཚེས་གཉིས་གསུམ་ནས་གྲོང་ཚོའི་མི་རྣམས་མཉམ་འཛོམས་ཀྱིས་ཁྱིམ་ཚང་རེ་མོས་ཐོག་མཚན་མོ་སྒོར་གཞས་གསུམ་རེ་འཁྲབ་ནས་ཁྱིམ་ཚང་རེ་རེ་བཞིན་དུ་ཡར་འདེགས་སམ་མར་འདེགས་ཀྱིས་ལོ་གསར་པར་རྟེན་འབྲེལ་ཞུ་བཞིན་ཡོད་པར་སྣང༌། དེ་ལྟར་ཤར་མ་ཐག་པའི་ལོ་གསར་པར་བསྟོད་གླུ་ཕུལ་ནས་མི་ནད་ཕྱུགས་ནད་མེད་པ་དང༌། སད་དང་སེར་བ་མེད་པ། དམག་འཁྲུག་དང་མུ་གེ་མེད་པ། ཞིང་འབྲོག་ཐོན་སྐྱེད་ལེགས་པ་སོགས་ཡུལ་འདིར་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཡོང་བར་རེ་སྨོན་བྱེད་པ་སྟེ། གླུ་ཡི་བསྟན་པ་མ་དར་བསྟན་པ་དར། གླུ་ཡི་བསྟན་པ་ཆོས་འཁོར་ལྷ་སར་དར། །ལྷ་ས་བསྟན་པའི་ཇོ་བོ་གླུ་དང་གཞས་ལ་གསོན་དང༌། གླུ་དང་གཞས་ལ་གསན་ན་གཞས་ཀྱི་མཆོད་པ་ཕུལ་ཡོད། །མཆོད་པ་ཡར་ལ་འབུལ་ནས་དངོས་གྲུབ་ཚུར་ལ་ཞུས་ཡོད། །དངོས་གྲུབ་སྦྲང་ཆར་བསིལ་མ་ཡུལ་ཕྱོགས་འདི་ལ་བོབས་ཤོག ། ཅེས་དང༌། ཨོ་ལགས་དམ་པའི་སངས་རྒྱས། གླུ་ཁལ་བརྒྱ་དང་རྩ་བརྒྱད་རང་སེམས་ཕྲ་མོ་ཁོ་ལ་བཀལ་ནས་ཡོང༌། བསམ་ཡས་ཆོས་སྐྱོང་ཆེན་མོ་གླུ་ཡི་མཆོད་པ་འབུལ། ཅེས་(གནས་བཤད་ནང་དུ་གསལ)གཏོང་བ་དང༌། ཡང་སྒོར་གཞས་ཀྱི་སྒོ་མོ་ཕྱེ་བའི་(གླུ་ཡི་སྒོ་མོ་ཕྱེ་བ)གཞས་ཚིག་སྟེ། གླུ་ལ་གཞས་ཀྱི་སྒོ་མོ་ཕྱེས་ཤོག་ཟེར་ན། གླུ་ལ་གཞས་ཀྱི་སྒོ་མོ་འ


འབྲེལ་ཡོད་འོས་སྦྱོར།