logo

ལོ་རྒྱུས་རིང་བའི་རྒྱལ་རོང་སྐོར་བྲོ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:རྔ་བའི་གསར་འགྱུར་དྲ་བ། དུས་ཚོད།:2021-11-11 ཀློག་གྲངས།:
        ས་སྲོད་ཀྱི་དུས་སུ། མི་རྣམས་ཀྱིས་ཉིན་གཅིག་གི་ངལ་དུབ་ཀྱི་ཁུར་བོ་རྒྱབ་ནས་བོར་ཏེ། ཚོན་མདངས་རྣམ་པར་བཀྲ་བའི་གློག་འོད་ནས་སྐོར་བྲོ་ལ་ཞུགས་མགོ་བརྩམས། ཆ་བྱད་མཛེས་ཤིང་བྲོ་ལ་མཁས་པའི་སྣེ་འདྲེན་པས་ལུས་ལྕི་མོ་ཡིས་ཡང་མོ་བྱས་ནས་རྐང་ལག་བདེ་མོས་གར་སྟབས་བསྒྱུར་བ་ན། ཕྱོགས་བཞི་མཚམས་བརྒྱད་ནས་མི་རྣམས་གཅིག་རྗེས་གཉིས་མཐུད་ཀྱིས་སྐོར་བྲོ་ལ་ཞུགས་ཤིང་། ལུས་སེམས་སྐྱིད་ལ་རོལ།
        སྐོར་བྲོ་ནི་མི་མང་བོས་སྐོར་བ་བྱས་ཏེ་འཁྲབ་པ་ཞིག་ཡིན་པས། སྤྱིར་བཏང་གི་བྲོ་དང་མི་འདྲ། སྔ་སྲོལ་ལྟར་ན་བྲོ་འཁྲབ་ཞོར་གཞས་གཏོང་བའི་གླུ་དང་གར་གཅིག་ཏུ་བསྡུས་པའི་རྣམ་པ་ཞིག་ཡིན་མོད། དུས་རབས་ཀྱི་འཕོ་འགྱུར་དང་བསྟུན་ནས་གླུ་གཞས་མི་གཏོང་བར་རོལ་དབྱངས་དང་བསྟུན་ནས་སྐོར་བྲོ་འཁྲབ་པ་དེ་རྒྱུགས་ཆེ་ཞིང་རྒྱ་ཆེའི་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཀྱིན་ཡོད།
        རྒྱལ་རོང་གི་གདོད་མའི་རྣམ་པའི་སྐོར་བྲོ་དང་བོད་ལྗོངས་ཀྱི་རྡོག་བྲོ། འབའ་གཞས་གསུམ་ནི་རང་རྒྱལ་གྱི་བོད་འབྲེལ་ས་ཁུལ་དང་འབྲེལ་བ་ཡོད་པའི་ཞབས་བྲོའི་རིགས་ཆེ་གྲས་གསུམ་གྱི་གྲས་སུ་བཅུག་པ་དང་།རྒྱལ་རོང་གི་སྐོར་བྲོ་ལ་ཀྲུང་གོའི་སྐོར་བྲོའི་འགྱུར་རྡོ་ཞེས་ཀྱང་འབོད། གཞས་སྔོན་ལ་གཏོང་བ་དང་རྗེས་སུ་ཞབས་བྲོ་འཁྲབ་པ་ནི་གདོད་མའི་རྣམ་པའི་གླུ་གར་གྱི་རྣམ་པ་ཞིག་རེད། སྲོལ་རྒྱུན་གྱི་གནའ་བོའི་སྐོར་བྲོ་དེ་གཞས་ནས་མགོ་ཚུགས་པ་དང་། རྒྱལ་རོང་གི་མི་རྣམས་ཀྱིས་དུས་ཡུན་རིང་བོའི་ཐོན་སྐྱེད་འཚོ་བའི་ཁྲོད་གསོག་འཇོག་བྱས་ནས་གྲུབ་པ་ཞིག་དང་། རྔ་བ་ཁུལ་གྱི་ཁུལ་རིམ་དངོས་མིན་ཤུལ་བཞག་རིག་གནས་ཀྱི་དམངས་སྲོལ་རྣམ་གྲངས་ཤིག་རེད།
        མི་རིགས་རིག་གནས་རྒྱུན་འཛིན་ཡག་པོ་བྱ་ཆེད། འབར་ཁམས་ཡུལ་གྱི་མི་རྣམས་ཀྱིས་རྒྱལ་རོང་གདོད་མའི་རྣམ་པའི་སྐོར་བྲོ་འཕེལ་རྒྱས་གཏོང་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད། འབར་ཁམས་ས་ཁུལ་གྱི་ཡུལ་ཚོ་ཚང་མར་ནང་དོན་ཕུན་སུམ་ཚོགས་པ། རྣམ་པ་སྣ་ཚོགས་པའི་སྐོར་བྲོ་མི་འདྲ་བ་མང་བོ་ཡོད་པར་མ་ཟད། 2007ལོར་རྔ་བ་ཁུལ་གྱི་རྒྱལ་རོང་གདོད་མའི་སྐྱེ་ཁམས་སྐོར་བྲོའི་མཐུན་ཚོགས་བཙུགས་པ་དང་དེར་ཚོགས་མི་80ལྷག་ཡོད། དེའི་དམིགས་ཡུལ་ནི་རྔ་བའི་ཁོངས་ཡོངས་སུ་སྐོར་བྲོ་གསར་བ་ཁྱབ་སྤེལ་བྱེད་རྒྱུ་ཡིན་པ་དང། སྔ་ཕྱིར་མི་15སློབ་སྦྱོང་བྱེད་དུ་མངགས། དེ་ནས་འབར་ཁམས་གྲོང་ཁྱར་གྱི་ཐང་ཆེན་ཁག་དང་། ཟམ་པ་སོགས་མི་ཚོགས་འཛོམས་ས་ནས་སློབ་ཁྲིད་ཞིབ་ཕྲ་བྱས་ཏེ། སྐོར་བྲོ་ས་གནས་དེའི་མང་ཚོགས་ཀྱི་འཚོ་བའི་ནང་ཡོངས་སུ་འདྲེས་པར་བྱས། འབར་ཁམས་ས་ཁུལ་གྱི་ལྗོངས་སྐོར་ལས་རིགས་འཕེལ་རྒྱས་དང་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་ཆེད། སྐོར་བྲོའི་མཐུན་ཚོགས་ཀྱིས་འབད་བརྩོན་ལྷོད་མེད་བྱ་རྒྱུ་དང་མི་རིགས་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་ཆེད་དགོས་ངེས་ཀྱི་ལེགས་སྐྱེས་དབུལ་རྒྱུ་རེད།
        རྒྱལ་རོང་སྐོར་བྲོ་ལ་སྐོར་བྲོ་ཆེ་བ་དང་སྐོར་བྲོ་ཆུང་བ་གཉིས་ཡོད། སྐོར་བྲོ་ཆེ་བའི་སྟངས་སྟབས་དལ་ཞིང་། བྲོ་ཉམས་དོད་ལ་སྒམ་བརླིང་ལྡན་པ། གུས་སྲོལ་དང་ཞབས་བྲོའི་ཉམས་འགྱུར་ཟབ་མོ་ལྡན་ཡོད། དེ་གཙོ་བོ་རྟེན་འབྲེལ་གྱི་བྱེད་སྒོ་གལ་ཆེན་ཏེ། དཔེར་ན་གཉེན་སྟོན་དང་དུས་ཆེན་རོལ་སྐབས་འཁྲབ་སྟོན་བྱེད་པ་ལྟ་བུ་རེད། སྐོར་བྲོ་ཆུང་བ་ལ་འཁྲབ་མཁན་རང་ཉིད་སྐྱིད་པའི་རང་བཞིན་ཆེ་བ་སྟེ། ཞིང་ཁ་དང་སྒོ་རའམ་ཡང་ན་ཁང་བའི་ནང་གང་ཡིན་རུང་ནས་འཁྲབ་རུང་བ་ཞིག་ཡིན།
        རྒྱལ་རོང་སྐོར་བྲོ་རིག་གནས་ལྗོངས་སྐོར་དུས་ཆེན་དེ་2004ལོ་ནས་མགོ་ཚུགས་པ་དང་། ད་བར་སྐབས་བརྒྱད་ཀྱི་གྲུབ་འབྲས་ཐོབ་པའི་ངང་གཉེར་བ་དང་སྐབས་དང་བོའི་རྒྱལ་རོང་སྐོར་བྲོ་རིག་གནས་ལྗོངས་སྐོར་དུས་ཆེན་གྱིས་ཅི་ཉི་སིའི་མི་ཁྲིའི་སྐོར་བྲོའི་ཟིན་ཐོ་བཏོད་ནས་འཛམ་གླིང་སྐྱེ་བོ་ཀུན་ལ་ངོ་མཚར་ཆེ་བའི་སྐོར་བྲོའི་ལྟད་མོ་དོམས་ཡོད།
        འབར་ཁམས་གྲོང་ཁྱེར་དུ་སྐོར་བྲོ་གང་སར་ཁྱབ་པ་དང་། དེའི་ནང་ཞུགས་མཁན་ལོ་ན་ཆུང་བ་ནས་རྒན་རྒོན་བར་ཡོད་ལ། འཁྲབ་སྟོན་བྱེད་སྐབས་སྐྱེས་པའི་སྟངས་སྟབས་བརླིང་ཞིང་ལྡེམ་མྱུར་ལྡན་པ་དང་། སྐྱེས་མའི་སྟངས་སྟབས་མཉེན་ཞིང་གཡོ་བའི་མཛེས་པ་ཕུན་སུམ་ཚོགས་པས་ལྟད་མོ་བ་ལའང་བྲོ་ལ་ཞུགས་འདོད་པའི་སྤྲོ་སྣང་སྟེར་བར་བྱེད་དོ། །
འབྲེལ་ཡོད་འོས་སྦྱོར།