logo

དམར་ཡག་སྟག་དང་འབྲེལ་བའི་གཏམ་དཔེ།

རྩོམ་པ་པོ།: ཡོང་ཁུངས།:སྐད་འཕྲིན། དུས་ཚོད།:2022-02-07 ཀློག་གྲངས།:
ཝ་རྔ་མ་ཤ་ལེར་བྲོས་པ་ལས།
སྟག་འཛུམ་དྲུག་ཉིལ་ལེར་ཤི་ན་དགའ།

མི་ཡི་རི་མོ་ནང་། སྟག་གི་རི་མོ་ཕྱི།

སྟག་ཁེར་ཉལ་གྱིས་ལུང་མདོ་བཅད་ཐུབ།
ཝ་བུ་མང་གིས་ཁུང་སྒོ་མི་ཆོད།

སྟག་མཆོང་སར་ཝ་མཆོངས་ན།
ཝའི་སྐེད་ཚིགས་བུད་ཡོང་།

སྒོ་གསུར་གྱི་ཁྱི་མོ་བཙན།
ནགས་གསུར་གྱི་སྟག་མོ་ངར།
བུ་ཆུང་ཕ་མའི་གསུར་ན་སྐྱིད།
ཤིང་མྱུག་ཆུ་བོའི་གསུར་ནས་རྒྱས།

སྟག་གིས་ང་རོ་བསྒྲགས་ན།
སྤྲེའུ་ཤིང་གི་རྩེ་ནས་ལྷུང་།

ཝ་འཛུམ་གསོན་ལ་ངོམ་པ་ལས།
སྟག་ཤི་རྔ་མ་ངོམ་པ་དགའ།

བྱི་ལས་ངར་སྐད་བརྒྱབ་ཀྱང་།
སྟག་མོ་འཇིགས་སྣང་མི་སྐྱེ།

རྟ་མགྱོགས་པོའི་གོམ་འགྲོས་རླུང་དང་མཚུངས།
བུ་དཔའ་བོའི་དཔའ་ངར་སྟག་དང་མཚུངས།

དཔའ་བོ་སྟག་མོའི་ངར་སྒྲ་ཡིས།
སྡར་མ་ཝ་ཡི་སྙིང་རྩ་འགས།

ཕྱི་ལ་ཙི་གུའི་མཆེ་བ་ལས་མེད་ན།
ནང་ལ་སྟག་མོའི་མཆེ་བ་ཅི་ཞིག་རེད།

སྟག་གིས་ཕར་ཟ་མེད་ན། དྲེད་ཀྱིས་ཚུར་ཟ།

ཨ་ཕོ་སྟག་ལ་བཞོན་མུས་དང་།།
སྦྲུལ་གྱི་རྟ་ལྕག་འཁྱེར་མུས།།

སྟག་རྒྱུགས་རྗེས་ལ་ཝ་མོ་རྒྱུགས།
རྒྱུགས་མཐར་ཝ་མོའི་སྐེད་པ་ལུགས།

དམར་ཡག་སྟག་གི་ངར་སྒྲ་དང་།
ཁྱི་རྒན་རྒྱལ་བོའི་ངུར་ཟུག་གཉིས།
འདྲ་སྣང་ཤར་དེ་འདྲ་ལེ་མིན།

སྟག་མོ་ཤ་ཟན་ལྟོགས་ཀྱང་རང་ཤ་མི་ཟ།
སེང་གེ་དཀར་མོ་གྲང་ཡང་གངས་དང་མི་འབྲལ།

སྟག་ཤི་ཡང་སྡེར་མི་ཉམས།
ཝ་ཤི་ཡང་གྲ་མི་ཉམས།

ཁྱུང་མཁའ་ལྡིང་སྙི་ལ་འཛིན་ཐབས་མེད།
སྟག་དམར་ཡག་ཐག་པས་བཏགས་ཐབས་མེད།

སྟག་གི་རྔ་མ་མི་འཛིན།
བཟུང་གི་དུས་སུ་མི་གཏོང་།

སྟག་ལྤགས་དུ་བས་འཚོས་ཀྱང་། །
དགུ་ཚན་དགུ་ཡི་གྲལ་འགོ་ཡིན། །

སྟག་གདན་གཟིག་གདན་འདིང་སར།
ར་ལྤགས་ཚང་ག་ཤིག་ཤིག

དམར་ཡག་སྟག་གི་ཁ་ཡ་ལ། །
སྡར་ལུ་ཁྱི་ཡིས་འོང་སྣང་མེད། །

སྟག་རི་མོ་ཅན་པོ་ནགས་ལ་མཆོང་ཚར་དུས།
ཁྱི་ཁུལ་ལུ་ཅན་པོ་ཤུལ་དུ་ལུས་ཡོད་ནི་རེད།

སྟག་ཡོད་ས་རླུང་ཡོད།
འབྲུག་གྲགས་ས་སྤྲིན་ཡོད།

དམར་ཡག་སྟག་གི་ངར་སྒྲ་གྲཊ་ན་གྲཊ་ལུགས་རེད།
ས་མཐའི་གྲོ་ལི་སྤུ་སིག་བྱེད་ན་དགོད་ཁ་ཤོར།

སྟག་གི་བུ་ལ་ཟ་ལུགས།
འབྲོང་གི་བུ་ལ་བརྡུང་ལུགས།

བཙན་པོ་སྟག་སེང་ཁ་སྤྲོད།
ཕྱུག་པོ་སྣུམ་ཚུལ་ཁ་སྤྲོད།
མེད་པོ་གཅེར་བུ་རྒྱབ་སྤྲོད།

དམག་ཡག་སྟག་གི་མིག་རྩ་དམར་ནི་དང་།
ཅོལ་ཆུང་སྤྲེའུ་རྐུབ་ཁ་དམར་ནི་གཉིས།
དམར་ཡི་དམར་ལུགས་ཁ་ཁར་ཡིན།

སྟག་ཕར་གསོད་མ་ཐུབ་ཀྱང་།
ཝ་ཞྭ་འོག་ནས་གློད་ཀྱི་མིན། །

དམར་ཡག་སྟག་གི་འགྲོ་ལམ་ནས།
འདྲེ་ནག་པོ་སྐོར་རྒྱུགས་བྱེད་ས་མེད་།

རང་ཡུལ་ནས་ཝ་འགྲོ་འགྲོ།
གཞན་ཡུལ་ནས་སྟག་འགྲོ་འགྲོ།

དམར་ཡག་སྟག་གི་ངར་དགྲ་གྲཊ་ན་གྲཊ་ལུག་རེད།
ཁྱི་རྒན་རྒྱ་ལུ་རྗེས་ཟུག་བྱེད་ན་ངོ་ཚ་རེད།
འབྲེལ་ཡོད་འོས་སྦྱོར།