“མེ་ཏོག་པད་མའི་བྱ་དགའི”གར་སྟེགས་ཐོག་གི་བོད་རིགས་ཀྱི་ཞབས་བྲོ།
རྩོམ་པ་པོ།:
ཡོང་ཁུངས།:ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུ
དུས་ཚོད།:2023-11-03
ཀློག་གྲངས།:
ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་། ཅི་ནན་གྲོང་ཁྱེར་མི་དམངས་སྲིད་གཞུང་། ཀྲུང་གོ་ཞབས་བྲོ་མཁས་ཅན་མཐུན་ཚོགས། ཧྲན་ཏུང་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་གཙོ་གཉེར་བྱས་པ་དང་། ཀྲུང་གུང་ཅི་ནན་གྲོང་ཨུད་དྲིལ་བསྒྲགས་པུའུ་དང་ཧྲན་ཏུང་ཞིང་ཆེན་ཞབས་བྲོ་མཁས་ཅན་མཐུན་ཚོགས་ཀྱིས་གཉེར་འགན་འཁུར་བའི་སྐབས་བཅུ་བཞི་པའི་ཀྲུང་གོའི་ཞབས་བྲོའི“མེ་ཏོག་པད་མའི་བྱ་དགའི”མི་རིགས་དམངས་ཁྲོད་ཞབས་བྲོའི་བྱ་དགའ་དེ2023ལོའི་ཟླ10ཚེས26ཉིན་ནས་ཚེས28ཉིན་བར་ཧྲན་ཏུང་ཞིང་ཆེན་ཅི་ནན་གྲོང་ཁྱེར་དུ་གཉེར་བ་དང་། ཟླ10ཚེས27ཉིན་ནི་འགྲན་བསྡུར་ཉིན་མོ་གཉིས་པ་ཡིན་ཞིང་། འགྲན་བསྡུར་ནང་ཞུགས་པའི་ལེ་ཚན་ཕུན་སུམ་ཚོགས་ལ་ལྟད་མོ་བའི་དགའ་བསུ་ཆེན་པོ་ཐོབ་ཡོད།
ལེ་ཚན15ཡི་ཁྲོད་ལས་གསུམ་ནི་བོད་རིགས་ཀྱི་ཞབས་བྲོ་སྟེ། སི་ཁྲོན་སློབ་ཆེན་སྒྱུ་རྩལ་སློབ་གླིང་དང་སི་ཁྲོན་ཞིང་ཆེན་ཞབས་བྲོ་མཁས་ཅན་མཐུན་ཚོགས་ཀྱིས་འདེམས་སྐྱེལ་བྱས་པའི«བོད་པ་སེང་གེ་གཡུལ་སར་བསྐྱོད»དང་། མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་མི་རིགས་གླུ་གར་ཚོགས་པས་འདེམས་སྐྱེལ་བྱས་པའི«སྒྲུང་མཁན» མཚོ་སྔོན་ཞིང་ཆེན་རིག་གནས་སྒྱུ་རྩལ་ལས་རིགས་སློབ་གླིང་ནས་འདེམས་སྐྱེལ་བྱས་པའི«བཀྲ་ཤིས་ཀྱི་དགུང་སྔོན་ཕུགས་འདུན»བཅས་ཡིན་པ་རེད།
སི་ཁྲོན་སློབ་ཆེན་སྒྱུ་རྩལ་སློབ་གླིང་དང་སི་ཁྲོན་ཞིང་ཆེན་ཞབས་བྲོ་མཁས་ཅན་མཐུན་ཚོགས་ཀྱིས་འདེམས་སྐྱེལ་བྱས་པའི«བོད་པ་སེང་གེ་གཡུལ་སར་བསྐྱོད»ཅེས་པ་དེ་ནི་ལོ་རྒྱུས་བརྗོད་དོན་གཙོ་བོར་བྱས་པའི་བརྩམས་ཆོས་ཤིག་རེད། ལོ178གོང་གི་རྒྱལ་རོང་གི་བོད་རིགས་སྐྱེས་པ2000ལྷག་ཙམ་གྱིས་ཕྱིའི་བཙན་འཛུལ་བཀག་འགོག་བྱེད་ཆེད་ལམ་ཐག་རིང་བའི་ཀྲེ་ཅང་ཉིང་པོ་རྒྱུད་དུ་དབྱིན་དམག་ལ་འགོག་རྒོལ་བྱ་རྒྱུས་བརྗོད་གཞིར་བྱས་ནས་ཞབས་བྲོ«བོད་པ་སེང་གེ་གཡུལ་སར་བསྐྱོད»གསར་རྩོམ་བྱས་ཡོད། པེ་ཅིང་ཞབས་བྲོའི་སློབ་གླིང་གི་དགེ་རྒན་ཆེ་མོ་བ། རབ་འབྱམས་ཞིབ་འཇུག་སློབ་མའི་སློབ་དཔོན་ཕན་ཀྲི་ཐའོ་ཡིས། ཞབས་བྲོ་འདི་ནི་སློབ་གླིང་ཞིག་གིས་བདམས་པའི་བརྩམས་ཆོས་ཤིག་ཡིན་མོད། འོན་ཀྱང་འཁྲབ་སྟོན་པ་དེ་དག་མཐོང་སྐབས་ཆེད་ལས་ཀྱི་འཁྲབ་སྟོན་པ་ཞིག་དང་གཉིས་སུ་མི་སྣང་བ་དང་། གང་དེ་ལས་ཁོང་ཚོའི་སློབ་ཁྲིད་ནི་གནད་ལ་འཕིགས་ཤིང་ཆེད་ལས་ཀྱི་ཞབས་བྲོ་འཁྲབ་མཁན་གསོ་སྐྱོང་བྱེད་བཞིན་པ་གསལ་བཤད་ཐུབ་ཀྱི་ཡོད་ཅེས་གསུངས་པ་རེད།
པེ་ཅིང་ཞབས་བྲོ་སློབ་གླིང་གི་དགེ་རྒན་ཆེ་མོ་བ། རབ་འབྱམས་ཞིབ་འཇུག་སློབ་མའི་སློབ་དཔོན་ཕན་ཀྲི་ཐའོ་ཡིས་མཚོ་སྔོན་ཞིང་ཆེན་རིག་གནས་སྒྱུ་རྩལ་ལས་རིགས་སློབ་གླིང་གིས་འདེམས་སྐྱེལ་བྱས་པའི«བཀྲ་ཤིས་ཀྱི་དགུང་སྔོན་ཕུགས་འདུན»ལས་སི་ཁྲོན་བོད་རིགས་ཕྲུ་གུའི་འཇིག་རྟེན་འཕུར་སྐྱོད་ཀྱི་ཕུགས་འདུན་མཚོན་པ་དང་། དེ་ནི་དངོས་ཡོད་རིང་ལུགས་ཀྱི་བརྗོད་གཞི་བྱས་ཁར། དེ་བས་ཞབས་བྲོ་སྒྲིག་རྒྱུར་གཙིགས་སུ་བཟུང་ཡོད་པས། དངོས་ཡོད་དང་མི་རིགས་ཀྱི་དམངས་ཁྲོད་ཞབས་བྲོ་ཟུང་དུ་འབྲེལ་བའི་སྒྱུ་རྩལ་གྱི་བརྩམས་ཆོས་ཤིག་ཡིན་པའི་ངོས་འཛིན་གནང་ཡོད།
ཀྲུང་གོ་ཞབས་བྲོ་མཁས་ཅན་མཐུན་ཚོགས་ཀྱི་ཀྲུའུ་ཞི། ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ཐེབས་རྩ་ལྷན་ཚོགས་ཀྱི་ལས་འཛིན་འགོ་འཛིན་གཞོན་པ་ཧྥེང་ཧྲོང་པའེ་ཡིས། མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་མི་རིགས་གླུ་གར་ཚོགས་པས་འདེམས་སྐྱེལ་བྱས་པའི«སྒྲུང་མཁན»ནི་ཐུན་མིན་ཁྱད་ཆོས་ཀྱི་ཕྱུག་པས། བརྗོད་གཞི་འདི་རིགས“མེ་ཏོག་པད་མའི་བྱ་དགའི”གར་སྟེགས་ཐོག་སྔར་ཐོན་མྱོང་མེད་ཅེས་གསུངས་པ་རེད།
འབྲེལ་ཡོད་འོས་སྦྱོར།