ཤོང་དཀར་རྩེ་མོ་ཞེས་པའི་ཇ་ཡི་རིགས་ཤིག་ཡོད་ཚུལ།
རྩོམ་པ་པོ།:ར་སེ་དཀོན་མཆོག་རྒྱ་མཚོ།
ཡོང་ཁུངས།:ལུག་ཚང་དཔལ་ཡོན་འཕྲིན་སྟེགས།
དུས་ཚོད།:2024-02-23
ཀློག་གྲངས།:
དེ་ཡང་ཤོང་དཀར་རྩེ་མོ་ཞེས་པ་ནི། གནའ་བོའི་དུས་ཀྱི་བཏུང་བའི་རིག་གནས་ལས། ཇ་ཡི་ནང་ཚན་དུ་གྱུར་པའི་ཤོང་འགར་རམ། ཤོང་དཀར་ཞེས་པ་དེ་ཉིད་ཡིན་ཞིང་། རྩེ་མོ་ནི་ཤོང་དཀར་ནང་གི་རྩེ་དྲ་ལ་གོ་གི་ཡོད་པར་སྣང་སྙམ། ཇ་རིགས་འདི་ཉིད་སྔོན་དུས་བོད་ཡུལ་དུ་དར་ཞིང་། སྐབས་དེར་དར་བའི་ཇའི་རིགས་ལས་མཆོག་ཏུ་བརྩི་བའི་སྲོལ་ཡང་བྱུང་ཡོད་འདུག་སྟེ། དེའི་ཁུངས་ལྟ་བུ་ནི་སྨན་པའི་རྒྱལ་པོ་གཡུ་ཐོག་མགོན་པོས་སློབ་མའི་ཐུ་བོ་སུམ་སྟོན་ཡེ་ཤེས་གཟུངས་ལ་རྗེས་སུ་གནང་བར་གྲགས་པ། བོད་ཀྱི་གསོ་དཔྱད་ཀྱི་གཞུང་བཟང་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས། རྒྱུད་ཕྱི་མར། སྐོམ་གྱི་མཆོག་ཏུ་ཤོང་དཀར་རྩེ་མོ་མཆོག།ཅེས་གསལ་པོར་གསུངས་ཡོད་པས། ཇ་ཤོང་དཀར་ནི་མཐོ་སྒང་གི་ཡུལ། སྒང་པ་བོད་ཀྱི་ཡུལ་དུ་དར་སྔ་ཞིང་། ཇ་གཞན་ལས་ཁྱད་པར་འཕགས་པ་ཅིག་ཡིན་པའི་གདེང་འཇོག་བྱ་གི་ཡོད་པ་གསལ་པོར་མངོན་ཡོད་པས། བོད་ཡུལ་དུ་དར་བའི་ཇ་ཡི་རིག་གནས་ཞིབ་འཇུག་ལ་ཁུངས་སྣེ་གསལ་པོར་བསྟན་ཡོད།
དུས་ཕྱིས་སུ་དཔལ་ལྡན་རྒྱུད་བཞིའི་འགྲེལ་བྱེད་མཁན་པོ་རྣམས་ཀྱིས་ཤོང་དཀར་ལ་འགྲེལ་ཚུལ་མི་འདྲ་བ་བྱུང་ཡོད་པར་གསུངས་ལ། སྔ་རབས་པ་འགའ་ཤས་ཀྱིས་བཞོས་ཐོག་འོ་མ་དྲོན་མོ་བདུད་རྩི་འདྲ།།ཞེས་འབྱུང་བས་ན། བཞོས་མ་ཐག་གི་འོ་མ་དྲོན་མོ་ལ་བཞེད་པ་དང་། འཚོ་མཛད་སྐྱེམས་པ་ཚེ་དབང་ཞབས་དང་། འབྲི་གུང་རིག་འཛིན་ཆོས་གྲགས་ཞབས་ཀྱིས་ཇ་རྩེ་འཇམ་ལ་བཞེད་ལ། དར་མོ་སྨན་རམ་པས་ནི་འགའ་ཞིག་བཞོས་ཐོག་འོ་མ་དྲོན་མོ་ཡིན་ཟེར་ཞིང་། འགའ་ཞིག་ཇ་རྩེ་འཇམ་ཡིན་པར་འདོད་དོ།།ཞེས་པ་ལས་རང་ལུགས་མ་གསུངས་པ་དང་། སྡེ་སྲིད་ཆེན་མོ་སངས་རྒྱས་རྒྱ་མཚོས་བཻ་སྔོན་ཕྱི་རྒྱུད་སྐབས། ཇ་ཡི་རྩེ་མོ་དེང་སང་པེ་ཅིན་སྤུ་ཇར་གྲགས་པ་དེའོ། །ཞེས་གསུངས་པ་སོགས་བཞེད་ལུགས་མི་འདྲ་བ་ཡོད་པ་ཡིན་འདུག་གོ །
ཁོ་བོས་དཔེ་ཀློག་བྱས་པའི་བརྒྱུད་རིམ་ནང་ཤོང་དཀར་ནི་ཇ་ཡི་རིགས་ཤིག་ཡིན་པའི་ཚུལ་འཁོད་པ་འགའ་ཤས་མཇལ་བྱུང་། དེ་ཡང་བདེ་མཆོག་སྙན་བརྒྱུད་ཀྱི་བརྒྱུད་པ་ཡིད་བཞིན་ནོར་བུའིི་ལོ་རྒྱུས་ལས། རྗེ་བཙུན་ཁྱུང་ཚང་བའི་རྣམ་ཐར་དུ་རྗེ་བཙུན་རས་ཆུང་པ་མཇལ་བའི་སྐབས། དང་པོ་ཐུགས་རྗེས་བཟུང་བ་ནི། དེར་ཤོང་དཀར་གཅིག་བཀོལ་ནས་སྐྱེལ་དུ་བཏང་། དེ་ཇི་འདྲ་གཅིག་འདུག་ལོ་གསུང་ནས་གསོལ་ལོ།།ཡང་སུན་གཅིག་སྐྱལ། ཟི་ཕོལ་གཅིག་བཀོལ་ནས་སྐྱེལ་དུ་བཏང་བས། མི་ཡོག་དེར་ཞོག་ཅིག ཇ་གླུ་ཅིག་བྱ་ཡིས་གསུང་ནས་མཛད། ཁྱེད་མཇལ་ལས་ཆེ་ཟེར་རོ།།ཞེས་འཁོད་འདུག་པས། ཤོང་དཀར་ནི་ཇ་ཡི་རིགས་ཤིག་ཡིན་པར་མངོན་ཡོད་དེ། དེའི་གོང་དུ་བླ་མ་མཇལ་བར་བྱོན་པའི་སྐབས། རྗེ་བཙུན་གྱིས་ཇ་དང་ཕག་ཏུ་བྲགས་བྱས་ནས་ཡུལ་དུ་འགྲོ་བྱས་ནས་བྲོས་པས། ད་རེས་མ་ཚོར་བར་ཐར་རོ། །ཞེས་གསལ་བ་དང་། སྙན་བརྒྱུད་ཀྱི་བརྒྱུད་པ་ཡིད་བཞིན་ནོར་བུའི་ཕྲེང་བ་ཡང་། རྗེ་བཙུན་ཁྱུང་ཚང་པས་རྗེ་བཙུན་རས་ཆུང་པ་མཇལ་ཀར། ཉེ་གནས་ལ་ཇ་བསྐོལ་ནས་འབུལ་བཅུག་པར་གསལ་བས་ཀྱང་། ཤོང་དཀར་ནི་ཇ་ཡིན་པར་གསལ་འདུག་སྙམ།
དེ་བཞིན་དུ་ཛྙཱ་ན་བ་ཛྲས་མཛད་པའི་འབྲི་གུང་སྐྱོབ་པ་འཇིག་རྟེན་མགོན་པོའི་ཐུགས་སྲས་དམ་པ་གཉོས་ལྷ་ནང་པའི་རྣམ་ཐར་རིན་ཆེན་ཕྲེང་བ་ཡོན་ཏན་གསལ་བའི་མེ་ལོང་ཞེས་བྱ་བ་ལས། ཇའི་རིགས་གཟི་ཕོལ་དང་། མུར་སང་དང་། ཇ་བཤལ་དང་། དབེ་མོ་དང་། ཤོང་འགར་དང་། ཡོངས་སུན་པ་ལ་སོགས་པ་དང་། ཞེས་གསལ་བར་བཀོད་པ་ལས། སྐབས་དེར་དར་བའི་ཇ་རིགས་ཀྱི་ནང་ཚན་དང་། ཤོང་འགར་ནི་ཤོང་དཀར་གྱི་འབྲི་སྲོལ་མི་འདྲ་བ་ཙམ་དུ་མངོན་ལ། སྒྲ་ཟུར་ཆག་པ་དང་མ་ཆག་པའི་ཁྱད་པར་ཡིན་པར་སྙམ།
གཞན་ཡང་འབྲི་གུང་འཇིག་རྟེན་མགོན་པོའི་ཐུགས་སྲས་སྤྱན་སྔ་གྲགས་པ་འབྱུང་གནས་ཀྱི་གསུང་འབུམ་ལས། སློབ་དཔོན་ལྷ་མགོ་བ་ལ་གདམས་པ་ལས། ཡིག་རྟེན་དུ་ཆབ་ཚ་རྩེ་མོ་ཞོ་གཅིག་དང་། ཟི་པོལ་ཞོ་གཅིག་དང་ཞོ་དོ་བསྐུར་ནས་མཆིས། ཞེས་འཁོད་འདུག་ལ། སློབ་དཔོན་རོང་ཆེན་པ་ལ་སྤྲིངས་པ་ལས། ཡིག་རྟེན་ཆབ་ཚ་ཟི་པོལ་སྲང་བཅོ་ལྔ་དང་། རྩེ་མོ་ཞོ་གང་དང་། སྲུང་དར་མདུད་པ་ཅན་གཅིག་བསྐུར་ནས་མཆིས་པས། ཞེས་གསལ་བས་ན། རྩེ་མོ་ཞེས་པ་འདི་ནི་ཤོང་དཀར་རྩེ་མོ་ཡི་དོན་བསྟན་པ་མངོན་འདུག་སྙམ།
དེ་བཞིན་གཡུང་སྟོན་ཞི་བྱེད་རི་པས་མཛད་པའི་རྗེ་བཙུན་མིད་ལའི་རྣམ་ཐར་ཉི་ཟླའི་འོད་ཟེར་སྒྲོན་མེ་དེབ་ངོས༢༢༧ལས་ཀྱང་། བཀའ་གདམས་པའི་བླ་མ་ཞང་སྣེ་ཟུར་པ་དང་རྗེ་བཙུན་མིད་ལ་གཉིས་ནི། དངོས་སུ་ཞལ་མཇལ་མ་བྱུང་སྟེ། ཡིད་ཀྱིས་གྲོགས་པོ་ཡིན་པས། གསུང་ཡིག་དག་སྐྱེས་ཁ་ཡར་སྐུར་མར་སྐུར་རེ་མོས་མཛད་པ་ཡིན་ཏེ། བླ་མ་སྣེ་ཟུར་པས་ཇ་ཤོང་ཟི་ཕོལ་ཡར་སྐུར་བ་ཡིན། ཞེས་གསལ་བས་ན། ཇ་ཤོང་འགར་དང་ཟི་ཕོལ་ཡང་སྐབས་དེ་དག་ཏུ་བཏུང་བའི་རིགས་ལས་རྩ་ཆེར་བརྩི་བ་ཡང་ཤེས་པར་ནུས་སོ། །
འོ་ན་ད་ལྟའི་དུས་སུ་ཇ་རིགས་གང་ལ་ངོས་འཛིན་དགོས་སམ་ཞེ་ན། དེ་ནི་གནད་ཀྱི་བབས་ས་དགོས་ཡིན་པར་བདེན་ན་ཡང་། ཇ་ཡི་རིག་གནས་ལ་འགྱུར་བ་ཅི་རིགས་པ་བྱུང་བས་ན། ཇ་ཡི་མིང་ལ་ཡང་འགྱུར་བ་ཅི་རིགས་པ་ཐེབས་ཡོད་པ་སྨོས་ཅི་དགོས། ཁོ་བོ་ནི་ཇ་ལོ་བསྐོལ་བའི་ཁུ་བ་འཐུང་ཤེས་པ་ཙམ་ལས། ཇ་ལོའི་བྱུང་ཁུངས་དང་རྣམ་དབྱེ་མི་ཤེས་པའི་རིགས་ཅན་ཡིན་པས། ལན་འདེབས་པའི་སྤོབས་པ་ག་ལ་ཡོད། འདི་ནི་ཇ་ཡི་ལོ་རྒྱུས་དང་རིག་གནས་ཞིབ་འཇུག་པ་དང་། སྨན་རྫས་ལོ་རྒྱུས་དང་རིག་གནས་ཞིབ་འཇུག་པ་དག་གི་བགོ་སྐལ་ཉིད་དུ་གྲུབ་པས་ན། ཁོང་དག་གིས་ཞིབ་འཇུག་གི་འབྲས་བུ་རྨད་དུ་བྱུང་བ་འཐོབ་པར་ཐེ་ཚོམ་མེད་པ་ཡིན་ནོ། །
འདི་ནི་རང་ཉིད་ཀྱི་དཔེ་ཀློག་གི་ཟིན་ཐོ་ཙམ་ཡིིན་པ་ལས། དཔྱད་ཞིབ་ཀྱི་ཆེད་རྩོམ་ནི་མ་ཡིན་པས། གཞན་ལ་བློ་བསྐྱེད་ཐོན་པའི་རེ་བ་ཡང་མེད། འདི་ཉིད་གཞན་གྱིས་བརྐུ་བཤུས་ཀྱིས་དྤེལ་བའི་དོགས་པ་ཡང་མེད། བདག་ལྟ་བུ་ལུགས་གཉིས་ཀྱི་བྱ་གཞག་གང་ཡང་མེད་ཅིང་། ཉིན་མ་ཅི་འཁྱོལ་བྱེད་པའི་རིགས་ཅན་འགའ་ཞིག་ལ་སྤྱན་གྱི་འབབ་སྟེགས་སམ། དབུ་འཁོར་ས་ནི་ཡོང་སྲིད་པ་རེད། འདི་འདྲའི་ཟིན་ཐོའི་རིགས་བཀོད་དུས། གུ་དོགས་པའི་རིགས་ཅན་འགས། ང་ཚོའི་གསོ་རིག་ལ་ལག་འཆང་ཡོང་གི་འདུག དེ་ཚོ་ལྟས་ངན་རེད། བདུད་འདྲེ་རེད་ཅེས་དམའ་འབེབས་གཏོང་གི་འདུག་མོད། ཁྱེད་ཀྱི་ཞལ་བཙེམས་མེད་ལ། ཕྱག་ཟུང་བསྡམས་མེད་པས་སྔར་མེད་ལེགས་བཤད་མང་དུ་བསྩལ་ན་མི་འགྲིག་རྒྱུ་ཅི་ཡོད་སྙམ་མོ། །

འབྲེལ་ཡོད་འོས་སྦྱོར།