logo

མཚོ་ལྷོ་ཁུལ་ཤུལ་བཞག་རིག་གནས་རུ་དཔུང་གིས་གུང་ཧོ་རྫོང་དུ་སྐོར་བསྐྱོད་འགྲེམས་སྟོན་བྱས།

རྩོམ་པ་པོ།:དྲ་བའི་རྩོམ་སྒྲིག་པ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2025-02-11 ཀློག་གྲངས།:
       2025ལོའི་དཔྱིད་གསར་དུས་ཆེན་ནི་མཚོ་ལྷོ་ཁུལ་གྱི་ཤུལ་བཞག་རིག་གནས་འགྲེམས་སྟོན་ཐོག་མ་དེ་ཡིན་པ་དང་། ཟླ2ཚེས10ཉིན(ལུགས་རྙིང་ལོའི་ཟླ་དང་པོའི་ཚེས་བཅུ་གསུམ་ཉིན)སྐོར་བསྐྱོད་འགྲེམས་སྟོན་དང་ཐང་ཆེན་འཁྲབ་སྟོན་དེ་གུང་ཧོ་རྫོང་ཆབ་ཆ་གྲོང་རྡལ་དུ་འཚོགས། ཟུར་མི་འདྲ་བ་དང་རྣམ་པ་མང་བའི་ཐོག་ནས་མཚོ་ལྷོ་ཁུལ་གྱི་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དང་ཤུལ་བཞག་རིག་གནས་འགྲེམས་སྟོན་བྱས་ཏེ་རིགས་སོ་སོའི་མི་དམངས་ལ་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་ཀྱི་གསོལ་སྟོན་ཆེན་མོ་ཞིག་བཤམས་པར་མ་ཟད། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་དགོས་པའི་གལ་ཆེན་རང་བཞིན་ཚོར་དུ་བཅུག
སྐོར་བསྐྱོད་འགྲེམས་སྟོན་བྱེད་བཞིན་པ།
སྐྱ་མི་རུ་དཔུང་གིས་སྐོར་བསྐྱོད་འགྲེམས་སྟོན་བྱེད་བཞིན་པ།
རྒྱ་འཆམ་རུ་ཁག་གིས་སྐོར་བསྐྱོད་འགྲེམས་སྟོན་བྱེད་བཞིན་པ།
རྒྱ་ཆེའི་ལྟད་མོ་བ།
འབྲེལ་ཡོད་འོས་སྦྱོར།