༄༅། །གློག་བརྙན་ལོ་ཙཱའི་སྡོམ་ཚིག་བཞུགས་སོ། །
རྩོམ་པ་པོ།:སྒྲོལ་དཀར་ཚེ་རིང་།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2026-07-30
ཀློག་གྲངས།:
མི་དང་དོན་གྱི་འགལ་འབྲེལ་ལྷུ་འབྲེལ་བའི། །
བྱུང་རབས་ནང་གི་རྩ་གནད་རེ་གཉིས་ཤིག །
ཁོལ་བུར་བཏོན་ཏེ་སྟོན་ཅིང་གནད་ཆེ་བའི། །
ཉུང་བསྡུས་ལབ་གླེང་རྩལ་ཐོན་འཁྲབ་གཞུང་གནད། །
གཅིག །གློག་བརྙན་གྱི་གོ་དོན།
འགུལ་ཤེས་པར་དང་གློག་འོད་ལེགས་བསྡེབས་ནས། །
བརྙན་གཏོང་གཉིས་བསྡེབས་མུ་འབྲེལ་བརྙན་པར་ལ། །
གློག་བརྙན་ཞེས་བྱ་མིག་ཤེས་རྣ་ཤེས་ཀྱིས། །
ལོངས་སུ་སྤྱོད་པའི་དེང་རབས་སྒྱུ་རྩལ་ཞིག །
གཉིས། ལོ་ཙཱའི་གོ་དོན།
སྐད་ཡིག་གཅིག་གི་དོན་དང་ཉམས་འགྱུར་བཅས། །
དམ་པ་མཐར་ཕྱིན་འོས་ཤིང་འཚམ་པའི་ངང་། །
སྐད་ཡིག་གཞན་དུ་ཇི་བཞིན་ཕབ་པ་ཡི། །
གསར་གཏོད་ལྡན་པའི་བྱེད་སྒོར་ལོ་ཙཱ་ཟེར། །
གསུམ། གློག་བརྙན་ལོ་ཙཱའི་གོ་དོན།
གློག་བརྙན་གང་དེའི་སྐད་ཡིག་བརྗེ་བའམ། །
སྐད་དང་ཡི་གེའི་བརྡ་རྟགས་རྩ་ལག་དེ། །
བརྡ་རྟགས་རྩ་ལག་གཞན་དུ་བརྗེ་བ་ལ། །
གློག་བརྙན་ལོ་ཙཱ་ཞེས་སུ་མཁས་རྣམས་གསུངས། །
བཞི། གློག་བརྙན་ལོ་ཙཱའི་དབྱེ་བ།
སྐད་སྦྱོར་བ་དང་བརྙན་ཡིག་ལོ་ཙཱ་ཞེས། །
གློག་བརྙན་ལོ་ཙཱར་དབྱེ་བ་རྣམ་གཉིས་འབྱེད། །
ལྔ། བརྙན་ཡིག་ལོ་ཙཱའི་གོ་དོན།
བརྙན་རིས་འོག་ཏུ་འཆར་བའི་སྐད་ཆ་དང་། །
འབྲེལ་ཐོགས་ཆ་འཕྲིན་གཞན་དག་ལྷན་ཐབས་བཅས། །
རྟོགས་ནས་སྒྱུར་བྱེད་ཡི་གེར་ཇི་བཞིན་དུ། །
ཕབ་པ་དེ་ལ་བརྙན་ཡིག་ལོ་ཙཱ་ཟེར། །
དྲུག །བརྙན་ཡིག་ལོ་ཙཱའི་དབྱེ་བ།
མངོན་དང་གབ་པའི་བརྙན་ཡིག་ལོ་ཙཱ་གཉིས། །
མི་སྣའི་ཁ་བརྡ་བསྒྱུར་བ་མངོན་པ་དང་། །
གོ་བདེའི་ཕྱིར་ན་ཡུལ་དུས་ལ་སོགས་པ། །
གསལ་བར་བཤད་པ་ཕྱི་མ་གབ་པའོ། །
བདུན། བརྙན་ཡིག་ལོ་ཙཱའི་ཚད་བཀག །
བརྙན་ཡིག་ལོ་ཙཱར་ཡུལ་དུས་ཚད་བཀག་གཉིས། །
བརྙན་རིས་ཆེ་ཆུང་ཡུལ་གྱི་ཚད་བཀག་དང་། །
སྐད་དང་གཟུགས་རིས་རྒྱུན་འཁྱོངས་ཐུབ་པ་དང་། །
བརྙན་ཡིག་ཀློག་ཡུན་དུས་ཀྱི་ཚད་བཀག་གོ །
བརྒྱད། སྐད་སྦྱོར་གྱི་གོ་དོན།
གློག་བརྙན་སྒྱུར་བྱེད་ཡི་གེར་ཕབ་པ་ན། །
སྐད་སྦྱོར་བ་ཡིས་འཁྲབ་གཞུང་གཞི་བྱས་ཏེ། །
སྒྱུར་བྱེད་སྐད་དུ་ཚང་ལ་མ་ནོར་བར། །
ཇི་བཞིན་ཕབ་པའི་ལས་ལ་སྐད་སྦྱོར་ཟེར། །
དགུ། འཁྲབ་གཞུང་ལོ་ཙཱའི་ཐབས་རྩལ།
སྐད་ཆ་འགུལ་ཉམས་ཅན་དུ་བསྒྱུར་བ་དང་། །
མི་སྣ་སོ་སོའི་རང་གཤིས་དང་མཐུན་པར། །
རང་གི་ཐུན་མིན་གཤིས་ཀ་ལེགས་པར་མངོན། །
ཚིག་ཉུང་བསྡུ་མས་ཐམས་ཅད་སྤྲོ་བར་བྱེད། །
བཅུ། གློག་བརྙན་ལོ་ཙཱའི་ལོ་རྒྱུས།
གློག་བརྙན་ལོ་ཙཱ་ཐོག་མར་ནུབ་ལ་དར། །
རྒྱ་ལ་བསྒྱུར་བ«དམག་མི་ཕལ་བ་ཞིག»། །
དགེ་བཤེས་གསུང་རབ་རྒྱ་མཚོས་དབུ་ཁྲིད་དེ། །
བོད་དུ་ཐོག་མར་བསྒྱུར་བ«གསེར་དངུལ་ཐང»། །
བྱུང་རབས་ནང་གི་རྩ་གནད་རེ་གཉིས་ཤིག །
ཁོལ་བུར་བཏོན་ཏེ་སྟོན་ཅིང་གནད་ཆེ་བའི། །
ཉུང་བསྡུས་ལབ་གླེང་རྩལ་ཐོན་འཁྲབ་གཞུང་གནད། །
གཅིག །གློག་བརྙན་གྱི་གོ་དོན།
འགུལ་ཤེས་པར་དང་གློག་འོད་ལེགས་བསྡེབས་ནས། །
བརྙན་གཏོང་གཉིས་བསྡེབས་མུ་འབྲེལ་བརྙན་པར་ལ། །
གློག་བརྙན་ཞེས་བྱ་མིག་ཤེས་རྣ་ཤེས་ཀྱིས། །
ལོངས་སུ་སྤྱོད་པའི་དེང་རབས་སྒྱུ་རྩལ་ཞིག །
གཉིས། ལོ་ཙཱའི་གོ་དོན།
སྐད་ཡིག་གཅིག་གི་དོན་དང་ཉམས་འགྱུར་བཅས། །
དམ་པ་མཐར་ཕྱིན་འོས་ཤིང་འཚམ་པའི་ངང་། །
སྐད་ཡིག་གཞན་དུ་ཇི་བཞིན་ཕབ་པ་ཡི། །
གསར་གཏོད་ལྡན་པའི་བྱེད་སྒོར་ལོ་ཙཱ་ཟེར། །
གསུམ། གློག་བརྙན་ལོ་ཙཱའི་གོ་དོན།
གློག་བརྙན་གང་དེའི་སྐད་ཡིག་བརྗེ་བའམ། །
སྐད་དང་ཡི་གེའི་བརྡ་རྟགས་རྩ་ལག་དེ། །
བརྡ་རྟགས་རྩ་ལག་གཞན་དུ་བརྗེ་བ་ལ། །
གློག་བརྙན་ལོ་ཙཱ་ཞེས་སུ་མཁས་རྣམས་གསུངས། །
བཞི། གློག་བརྙན་ལོ་ཙཱའི་དབྱེ་བ།
སྐད་སྦྱོར་བ་དང་བརྙན་ཡིག་ལོ་ཙཱ་ཞེས། །
གློག་བརྙན་ལོ་ཙཱར་དབྱེ་བ་རྣམ་གཉིས་འབྱེད། །
ལྔ། བརྙན་ཡིག་ལོ་ཙཱའི་གོ་དོན།
བརྙན་རིས་འོག་ཏུ་འཆར་བའི་སྐད་ཆ་དང་། །
འབྲེལ་ཐོགས་ཆ་འཕྲིན་གཞན་དག་ལྷན་ཐབས་བཅས། །
རྟོགས་ནས་སྒྱུར་བྱེད་ཡི་གེར་ཇི་བཞིན་དུ། །
ཕབ་པ་དེ་ལ་བརྙན་ཡིག་ལོ་ཙཱ་ཟེར། །
དྲུག །བརྙན་ཡིག་ལོ་ཙཱའི་དབྱེ་བ།
མངོན་དང་གབ་པའི་བརྙན་ཡིག་ལོ་ཙཱ་གཉིས། །
མི་སྣའི་ཁ་བརྡ་བསྒྱུར་བ་མངོན་པ་དང་། །
གོ་བདེའི་ཕྱིར་ན་ཡུལ་དུས་ལ་སོགས་པ། །
གསལ་བར་བཤད་པ་ཕྱི་མ་གབ་པའོ། །
བདུན། བརྙན་ཡིག་ལོ་ཙཱའི་ཚད་བཀག །
བརྙན་ཡིག་ལོ་ཙཱར་ཡུལ་དུས་ཚད་བཀག་གཉིས། །
བརྙན་རིས་ཆེ་ཆུང་ཡུལ་གྱི་ཚད་བཀག་དང་། །
སྐད་དང་གཟུགས་རིས་རྒྱུན་འཁྱོངས་ཐུབ་པ་དང་། །
བརྙན་ཡིག་ཀློག་ཡུན་དུས་ཀྱི་ཚད་བཀག་གོ །
བརྒྱད། སྐད་སྦྱོར་གྱི་གོ་དོན།
གློག་བརྙན་སྒྱུར་བྱེད་ཡི་གེར་ཕབ་པ་ན། །
སྐད་སྦྱོར་བ་ཡིས་འཁྲབ་གཞུང་གཞི་བྱས་ཏེ། །
སྒྱུར་བྱེད་སྐད་དུ་ཚང་ལ་མ་ནོར་བར། །
ཇི་བཞིན་ཕབ་པའི་ལས་ལ་སྐད་སྦྱོར་ཟེར། །
དགུ། འཁྲབ་གཞུང་ལོ་ཙཱའི་ཐབས་རྩལ།
སྐད་ཆ་འགུལ་ཉམས་ཅན་དུ་བསྒྱུར་བ་དང་། །
མི་སྣ་སོ་སོའི་རང་གཤིས་དང་མཐུན་པར། །
རང་གི་ཐུན་མིན་གཤིས་ཀ་ལེགས་པར་མངོན། །
ཚིག་ཉུང་བསྡུ་མས་ཐམས་ཅད་སྤྲོ་བར་བྱེད། །
བཅུ། གློག་བརྙན་ལོ་ཙཱའི་ལོ་རྒྱུས།
གློག་བརྙན་ལོ་ཙཱ་ཐོག་མར་ནུབ་ལ་དར། །
རྒྱ་ལ་བསྒྱུར་བ«དམག་མི་ཕལ་བ་ཞིག»། །
དགེ་བཤེས་གསུང་རབ་རྒྱ་མཚོས་དབུ་ཁྲིད་དེ། །
བོད་དུ་ཐོག་མར་བསྒྱུར་བ«གསེར་དངུལ་ཐང»། །
ཞེས་པ་འདི་རྒྱ་བོད་ལོ་ཙཱའི་སློབ་མ་བློ་གསལ་དོན་གཉེར་ཅན་རྣམས་ལ་ཕན་ཕྱིར། གློག་བརྙན་ལོ་ཙཱ་དང་འབྲེལ་བའི་སློབ་དེབ་འགའ་ལས་ཉེར་མཁོའི་གཞུང་དོན་གཅེས་གཅེས་རྣམས་བཏུས་ཏེ། དགེ་མིང་ཙམ་འཛིན་པ་སྒྲོལ་དཀར་ཚེ་རིང་དུ་འབོད་པས༢༠༢༥ལོའི་ཟླ༡༡པའི་ཚེས༢༤ཉིན་འཛིན་ཆོས་སུ་སྦྱར་བ་སླར་ཡང༢༠༢༦ལོའི་ཟླ༤པའི་ཚེས༡༩ཉིན་དག་པར་བཅོས་ཏེ་ལེགས་པར་གཏན་ལ་ཕབ་པ་འདི་ཚུར་ལེན་ལོ་ཙཱའི་བསྟན་པ་ཕྱོགས་དུས་ཐམས་ཅད་དུ་དར་ཞིང་རྒྱས་པའི་རྒྱུར་གྱུར་ཅིག །
འབྲེལ་ཡོད་འོས་སྦྱོར།
