ཟླ་བཞི་བ་ཚེས་དུས། མཚོ་སྔོན་གྱི་ག་ས་གང་དུའང་དྲོད་ཁོལ་རྒྱས་པའི་དུས་སུ་སླེབས་ལ། མཚོ་སྔོན་ཁྲི་ཀ་རྫོང་གི་རྨ་ཆུའི་འགྲམ་གྱི་ཨ་སྐུང་སོགས་ས་ཆར་སྔ་མོ་ནས་དཔྱིད་དཔལ་རྒྱས་ཏེ་ལྗང་མདོག་གིས་བཀླུབས་ཤིང་། གང་སར་དཔྱིད་ཀྱི་ཁ་དབུགས་རབ་ཏུ་དོད། ཞིང་ཁ་དང་ཞིང་གྲོང་གི་ལམ་ཕྲན། ཁྱིམ་ཚང་བཅས་སུ་ཁམ་བུའི་མེ་ཏོག་རྣམ་པར་བཞད་ལ། ལོ་ཏོག་གི་ལྗང་མྱུག་འབུས་པ་དང་། ཞིང་ནང་དུ་ཡུར་མ་ཡུར་བའི་རྣམ་པ་སོགས་ཀྱིས་དབང་མེད་དུ་མཛེས་སྡུག་ལྡན་པའི་སྣང་བརྙན་ཞིག་འཆར་ཡོང་། པར་ལེན་མཁན། ལི་ཁྲུང་ཞོན།