ཀྲང་ཧུང་ཁྲུན · ཨ་ཐའེ། ཕོ། ཧུའེ་རིགས། མཚོ་སྔོན་ཏ་ཐུན་གྱི་མི། རིག་གནས་པུའུ་རྒྱལ་ཁབ་སྒྱུ་རྩལ་ཐེབས་རྩ་ཚོགས་པའི་ཐེབས་རྩའི་མཛོད་དུ་ཚུད་པའི་ཆེད་མཁས་པ་དང་། ཀྲུང་གོའི་མཛེས་རྩལ་པ་མཐུན་ཚོགས་ཀྱི་ཚོགས་མི། ཀྲུང་གོའི་རི་མོ་པ་མཐུན་ཚོགས་ཀྱི་ཚོགས་མི་བཅས་ཡིན། ཡུས་ཧྲུའུ་རུ་ལོ་ངོ་ཉི་ཤུའི་རིང་ལ་བྱ་བ་བསྒྲུབས་པ་དང་། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་སྐབས་བདུན་པ་དང་སྐབས་བརྒྱད་པའི་རྩོམ་རིག་སྒྱུ་རྩལ་བྱ་དགའ་ཐོབ་མྱོང་ལ། ཁོང་གི་བརྩམས་ཆོས་དག་རྒྱལ་ཡོངས་མཛེས་རྩལ་རི་མོའི་འགྲེམ་སྟོན་སྐབས་བཅུ་གཅིག་པ་དང་བཅུ་གཉིས་པ། བཅུ་གསུམ་པ་བཅས་དང་། རྒྱལ་ཡོངས་རི་མོའི་འགྲེམ་སྟོན་སྐབས་ཉེར་གཅིག་པ་དང་ཉེར་གསུམ་པར་ཚུད་མྱོང་།