ཆོས་དབྱིངས་སྐྱིད་འཛམ་གླིང་ཆ་བསགས་མིང་བསྒྲིགས་གསར་བའི་ཁྲོད་དང་པོ་ཟིན།
རྒྱུས་ལོན་པ་ལྟར་ན། ཉེ་སྔོན་རྒྱལ་སྤྱིའི་མཆོང་རྒྱུག་འཕེན་གསུམ་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྐྱེས་མའི་སྤྱི་ལེ20ཡི་འགྲོ་རྩལ་གྱི་འཛམ་གླིང་ཆ་བསགས་ཨང་རིམ་གསར་བ་བསྒྲགས་ཤིང་། ཀྲུང་གོའི་འགྲན་ཞུགས་པའམ་མཚོ་སྔོན་ཞིང་ཆེན་ལུས་རྩལ་བྱ་བའི་རུ་ཆེན་དང་པོའི་ལུས་རྩལ་པ་ཆོས་དབྱིངས་སྐྱིད་ནི་སྐྱེས་མའི་སྤྱི་ལེ20ཡི་འགྲོ་རྩལ་གྱི་ཨང་དང་པོ་དང་། ཅེ་ཁེ་རྒྱལ་ཁབ་ཀྱི་ལུས་རྩལ་པ་སྦྲུ་རཱ་ཧོ་ཐྲོ་ཝAnežka DRAHOTOVÁཨང་གཉིས་པ་དང་པཱ་ཞི་རྒྱལ་ཁབ་ཀྱི་ལུས་རྩལ་པ་ཨེ་རོས་ཁཱ་ཏེ་སེ་ནཱ་ཨང་གསུམ་པར་ཟིན།
2018ལོར། ཆོས་དབྱིངས་སྐྱིད་ཀྱིས་རྒྱལ་ནང་དང་རྒྱལ་སྤྱིའི་འགྲན་བསྡུར་ཁྲོད་གྲུབ་འབྲས་གཟེངས་སུ་ཐོན་པ་གང་མང་བླངས་པ་སྟེ། 2018ལོའི་ཟླ4བར། མོས་2018ལོའི་རྒྱལ་སྤྱིའི་མཆོང་རྒྱུག་འཕེན་གསུམ་མཉམ་འབྲེལ་ལྷན་ཚོགས་ཀྱི་འགྲོ་རྩལ་འགྲན་སློང་འགྲན་བསྡུར་ཕོར་ཐིའུ་ཀལ་འགྲན་ཚིགས་ཁྲོད་སྐྱེས་མའི་སྤྱི་ལེ20ཡི་ཨང་དང་པོ་བླངས་པ་དང་། ཟླ5བར། ཀྲུང་གོའི་རུ་ཁག་གི་ཚབ་བྱས་ཏེ2018ལོའི་རྒྱལ་སྤྱིའི་མཆོང་རྒྱུག་འཕེན་གསུམ་མཉམ་འབྲེལ་ལྷན་ཚོགས་ཀྱི་འཛམ་གླིང་འགྲོ་རྩལ་ཚོགས་པའི་གཟེངས་རྟགས་འགྲན་བསྡུར་གྱི་ཨང་དང་པོ་བླངས། ཟླ6པར། རྒྱལ་སྤྱིའི་མཆོང་རྒྱུག་འཕེན་གསུམ་མཉམ་འབྲེལ་ལྷན་ཚོགས་ཀྱི་འགྲོ་རྩལ་འགྲན་སློང་འགྲན་བསྡུར་སི་ཕེན་རཱ་ཁུ་རོ་ནེ་ཡ་འགྲན་ཚིགས་ཁྲོད། སྐྱེས་མའི་སྤྱི་ལེ20ཡི་འགྲན་བསྡུར་ཁྲོད་ཨང་དང་པོ་བླངས། ཟླ8པར། ཡ་ཀྱཱ་ཏཱ་ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་སུ་ཆུ་ཚོད1དང་སྐར་མ29། སྐར་ཆ15ཡི་གྲུབ་འབྲས་ལས་ཡ་གླིང་གི་ཟིན་ཐོ་གསར་བ་བཏོད་དེ་དངུལ་གྱི་རྟགས་མ་བླངས།
རྒྱུས་ལོན་པ་ལྟར་ན། 2018ལོའི་ཟླ10བར། ཆོས་དབྱིངས་སྐྱིད་དབྱི་ཐ་ལི་རུ་དགུན་སྦྱོང་བྱས་པ་དང་། མིག་སྔར་ཕྱིར་རྒྱལ་ནང་དུ་ལོག་སྟེ་ཟླ3པའི་ཚེས9ཡི་ཨན་ཧུའེ་ཧོང་ཧྲན་དུ་སྤེལ་གྲབས་ཡོད་པའི་རྒྱལ་ཡོངས་འགྲོ་རྩལ་བྱ་དགའི་འགྲན་བསྡུར་ལ་གྲ་སྒྲིག་བྱེད་བཞིན་ཡོད་པ་མ་ཟད། ཟླ5བར་ཅང་སུའུ་ཐའེ་ཚང་དུ་སྤེལ་གྲབས་ཡོད་པའི་རྒྱལ་སྤྱིའི་མཆོང་རྒྱུག་འཕེན་གསུམ་མཉམ་འབྲེལ་ལྷན་ཚོགས་འགྲོ་རྩལ་འགྲན་སློང་འགྲན་བསྡུར་དང་འཛམ་གླིང་མཆོང་རྒྱུག་འཕེན་གསུམ་གཟེངས་རྟགས་འགྲན་བསྡུར་སྤྱི་ལེ20ཡི་འདེམ་སྒྲུག་འགྲན་བསྡུར་སོགས་འགྲན་བསྡུར་དུ་ཞུགས་རྒྱུ་རེད།
ད་ལོར་ལོ29ལ་སོན་པའི་ཆོས་དབྱིངས་སྐྱིད་ནི་མིག་སྔར་འཛམ་གླིང་རྩེར་སོན་གྱི་འགྲོ་རྩལ་འགྲན་ཞུགས་པ་ཞིག་ཡིན་པ་མ་ཟད། ཨོ་རྩལ་འགྲན་ཚོགས་སྟེང་བྱ་དགའ་ཐོབ་མྱོང་བའི་ཀྲུང་གོའི་བོད་རིགས་ལུས་རྩལ་པ་ཐོག་མ་ཡིན།