ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་སུ་སྟོབས་རྒྱལ་ལ་ཟངས་ཀྱི་རྟགས་མ་ཐོབ་པ།
སྤྱི་ཟླ8པའི་ཚེས25ཉིན། ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་སྐབས་བཅོ་བརྒྱད་པའི་མཆོང་རྒྱུག་འཕེན་གསུམ་གྱི་སྐྱེས་པའི་རྒྱང་རྒྱུག་འགྲན་བསྡུར་ནང་ཀྲུང་གོའི་རུ་ཁག་གི་ཚབ་བྱས་ནས་འགྲན་བསྡུར་ནང་ཞུགས་མཁན་བོད་ཀྱི་ཕོ་གཞོན་སྟོབས་རྒྱལ་ལ་ཆུ་ཚོད2དང་སྐར་མ18སྐར་ཆ48ཀྱི་གྲུབ་འབྲས་ཐོབ་ནས་ཟངས་ཀྱི་རྟགས་མ་བླངས་ཡོད། འདི་ནི་ཨེ་ཤེ་ཡའི་ལུས་རྩལ་འགྲན་བསྡུར་ཐོག་ཀྲུང་གོའི་སྐྱེས་པའི་རྒྱང་རྒྱུག་འགྲན་བསྡུར་གྱི་གྲུབ་འབྲས་ཡག་ཤོས་དེ་ཡང་ཡིན།
སྟོབས་རྒྱལ་ནི1994ལོར་བོད་ལྗོངས་སྟག་རྩེ་རྫོང་གི་ཁྱིམ་ཚང་དཀྱུས་མ་ཞིག་ཏུ་སྐྱེས་ཤིང་། ཆུང་དུས་ནས་ལུས་རྩལ་ལ་ཤིན་ཏུ་དགའ། 2009ལོར་ལུས་རྩལ་སློབ་གྲྭར་རྒྱང་རྒྱུག་སྦྱོང་བརྡར་བྱེད་མགོ་བརྩམས་པ་དང་། 2012ལོར་ཆེད་ལས་ལུས་རྩལ་རུ་ཁག་ཏུ་ཞུགས། 2014ལོར་ཅང་སུའུ་ཁུང་ཧྲན་དུ་སྤེལ་བའི་རྒྱལ་ཡོངས་མཆོང་འཕེན་རྒྱུག་གསུམ་བྱ་དགའ་ཆེན་མོའི་འགྲན་བསྡུར་དུ་སྨི5000དང་སྨི10000ཡི་ཨང་དང་པོ་བླངས། 2016ལོར་མ་ལ་སུང་གི་ལུས་རྩལ་དུ་བསྒྱུར་ཏེ་ཆུ་ཚོད2དང་སྐར་མ13དང་སྐར་ཆ16ཡི་མི་སྒེར་གྲུབ་འབྲས་ལེགས་པོ་བླངས། 2018ལོར་ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་སུ་ཟངས་ཀྱི་རྟགས་མ་བླངས།