མཚོ་སྔོན་ཞིང་ཆེན་གྲངས་ཉུང་མི་རིགས་སྲོལ་རྒྱུན་རྟ་རྒྱུག་འགྲན་ཚོགས་ཀྱི་གདན་ཞུའི་འགྲན་སྡུར་སྤེལ།
མཛད་སྒོའི་སྟེང་ཕེབས་པའི་འབྲེལ་ཡོད་འགོ་ཁྲིད་ལྷན་རྒྱས།
སྐྱ་མི་ཚོན་དར་རུ་ཁག་ཚོགས་རར་སྐྱོད་བཞིན་པ།
གཡག་རྒྱུག་རུ་ཁག་ཚོགས་རར་སྐྱོད་བཞིན་པ།
སྤྱི་ཟླ8པའི་ཚེས8ཉིན། ཀྲུང་གོ་རྟ་རྩལ་མཐུན་ཚོགས་དང་མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ། མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་། ཀྲུང་གུང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ཏང་ཨུ། མགོ་ལོག་ཁུལ་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་སྒྲུབ་བྱས་ཤིང་། མགོ་ལོག་ཁུལ་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུའུ། ཀྲུང་གུང་དར་ལག་རྫོང་ཏང་ཨུ་དང་རྫོང་མི་དམས་སྲིད་གཞུང་བཅས་ཀྱིས་འགན་སྒྲུབ་བྱས་པའི་མཚོ་སྔོན་ཞིང་ཆེན་མི་རིགས་མཐུན་སྒྲིལ་ཡར་ཐོན་བུམ་པ་རྟགས་མའི་གྲངས་ཉུང་མི་རིགས་སྲོལ་རྒྱུན་རྟ་རྒྱུག་འགྲན་ཚོགས་སྐབས་དང་པོའི་གདན་ཞུའི་འགྲན་སྡུར་དང་གེ་སར་ཕོ་བྲང་སེང་འབྲུག་སྟག་རྩེའི་རིག་གནས་སྒྱུ་རྩལ་དུས་སྟོན་སྐབས་གསུམ་པའི་མགོ་རྩོམ་མཛད་སྒོ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་གི་རྟ་རྒྱུག་འདུ་ར་རུ་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ནམ་ཞིང་ཆེན་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཀྲང་ཞེ་མིན་དང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་རྫོང་སོ་སོའི་འབྲེལ་ཡོད་མགོ་ཁྲིད་རྣམས་མཛད་སྒོའི་སྟེང་ཞུགས།
གླུ་བ་བཀྲ་ཤིས་ཕུན་སྟོབས་དང་གླུ་མ་ཚེ་རིང་གཡང་འཛོམས་གཉིས་ཀྱིས《མཐོ་སྒང་གི་ལྷན་འཛོམས》ཞེས་པའི་གླུ་དབྱངས་མཉམ་ལེན་བྱེད་པ།
གླུ་བ་སྒྲོལ་མ་སྐྱབས་ཀྱིས《ཕོ་བྲང་སེང་འབྲུག་སྟག་རྩེ》ཞེས་པའི་བརྗོད་དོན་གླུ་དབྱངས་ལེན་བཞིན་པ།
གླུ་མ་དབྱངས་ཅན་ལྷ་མོས《བཀྲ་ཤིས་སྐོར་བྲོ》ཞེས་པའི་གླུ་དབྱངས་ལེན་བཞིན་པ།
མགོ་ལོག་གླུ་བ་རྒྱལ་མཚན་གྱིས《གླིང་གེ་སར་གྱི་མཛད་འཕྲིན་རྒྱས་པའི་ས》ཞེས་པའི་གླུ་གཞས་ལེན་བཞིན་པ།
གླུ་མ་གཡང་ཕྱུག་མཚོས《ཨ་ཅེ་འབྲོག་མོ》ཞེས་པའི་གླུ་དབྱངས་ལེན་བཞིན་པ།
དར་ལག་རྫོང་ཏང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་སྔར་ལས་ལྷག་པའི་སྒོ་ནས་མི་རིགས་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་དང་ཤུགས་ཆེན་པོས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་རྫོང་དང་མགོ་ལོག་ཁུལ་གྱི་གཟུགས་འདས་ཤུལ་བཞག་རིག་གནས། སེང་འབྲུག་སྟག་རྩེའི་རིག་གནས་སྒྱུ་རྩལ་ཐོན་རྫས་གྲགས་ཅན་བཞེངས་སྐྲུན་དང་། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་གཏན་འཇགས་འཆམ་མཐུན་མཉམ་གནས་བཅས་གོང་འཕེལ་དུ་གཏོང་ཆེད། དར་ལག་རྫོང་གླིང་གི་རྟ་རྒྱུག་ཐང་ནས་མི་རིགས་མཐུན་སྒྲིལ་སྐུལ་སྤེལ་དང་། སྲོལ་རྒྱུན་ལུས་རྩལ་དར་སྤེལ་བརྗོད་གཞི་ཡིན་པའི་མཚོ་སྔོན་ཞིང་ཆེན་མི་རིགས་མཐུན་སྒྲིལ་ཡར་ཐོན་བུམ་པ་རྟགས་མའི་གྲངས་ཉུང་མི་རིགས་སྲོལ་རྒྱུན་རྟ་རྒྱུག་འགྲན་ཚོགས་སྐབས་དང་པོའི་གདན་ཞུའི་འགྲན་སྡུར་དང་གེ་སར་ཕོ་བྲང་སེང་འབྲུག་སྟག་རྩེའི་རིག་གནས་སྒྱུ་རྩལ་དུས་སྟོན་སྐབས་གསུམ་པ་སྤེལ་བ་རེད།
གླུ་མ་སྒྲོན་པེས《བུ་མོ་ཚེ་རིང་མཚོ་མོ》ཞེས་པའི་གླུ་དབྱངས་ལེན་བཞིན་པ།
གླུ་མ་ཧོར་གཙང་ལྷ་ལུང་མཚོས《གླུ་ཨ་ལ་ལ་མོ་ཨ་ལ་ལེན》ཞེས་པའི་གེ་སར་ངག་རྟ་གྱེར་བཞིན་པ།
གླུ་བ་ཆོས་རྒྱལ་གྱིས《དགུ་སིང་དྲུག་འགྱུར》ཞེས་པའི་གླུ་དབྱངས་ལེན་བཞིན་པ།
གླིང་འབྲུག་མོ་ཚན་སྡེབ་ཀྱིས《ཨ་མདོའི་བུ་མོ》ཞེས་པའི་གླུ་དབྱངས་ལེན་བཞིན་པ།
གླུ་མ་དབང་སྒྲོན་མཚོས《ལས་གྱི་འཐག》ཅེས་པའི་གླུ་གཞས་ལེན་བཞིན་པ།
ས་གནས་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་ཆེད་དང་དར་ལག་རྫོང་གི་ཐུན་མིན་ཡུལ་སྲོལ་གོམས་གཤིས་དང་ས་ཁམས་ཡུལ་ལྗོངས་དྲིལ་སྒྲོག་བྱ་ཆེད། དར་ལག་རྫོང་གིས་ཤུགས་ཆེན་པོས་རང་ས་གནས་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་ཐོན་ལས་མུ་མཐུད་ནས་འཕེལ་རྒྱས་སུ་གཏོང་བཞིན་ཡོད་པ་དང་། དེ་ལས་ཀྱང་དར་ལག་རྫོང་ནི་གེ་སར་རིག་གནས་འབྱུང་ཡུལ་གྲས་དང་གེ་སར་རིག་གནས་སྲུང་སྐྱོང་ལྟེ་བའི་ཁུལ་ཡིན་པས་ན། གེ་སར་རིག་གནས་སྲུང་སྐྱོབ་དང་རྒྱུད་འཛིན་ཐད་ཕོ་བྲང་སེང་འབྲུག་སྟག་རྩེ་ཡིས་བསུབ་ཐབས་མེད་པའི་ནུས་པ་ཆེན་པོ་བཏོན་ཡོད་པ་བཅས་ལ་དམིགས་ནས་བོད་ཁུལ་ན་མིང་དུ་གྲགས་པའི་གླུ་བ་གླུ་མ་སྐོར་ཞིག་ཀྱང་དུས་སྟོན་འདིར་གདན་དྲངས་ནས་དུས་སྟོན་མཛད་སྒོ་ལ་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་ཀྱི་རྒྱགས་ཕྱེ་གྱ་ནོམ་པ་བསྩལ།
གླུ་བ་རྟ་མགྲིན་ཚེ་རིང་གིས《གནམ་མཁར་དར་ལག》ཅེས་པའི་གླུ་དབྱངས་ལེན་བཞིན་པ།
གླུ་བ་དཔལ་ཆེན་དབང་རྒྱལ་གྱིས《གཏམ་དཔེ》ཞེས་པའི་གླུ་དབྱངས་ལེན་བཞིན་པ།
རྡུང་ལེན་པ་སྐལ་བྷེ་དང་ཚེ་བརྟན། ཚེ་དཔག་སྐྱབས་གསུམ་གྱིས《རྨ་ཡུལ་དར་ལག་མཐོང་བ་ཀུན་སྨོན》ཞེས་པའི་རྡུང་ལེན་ལེན་བཞིན་པ།
གླུ་བ་ཀླུ་སྒྲུབ་རྒྱ་མཚོས《རྩམ་པ》ཞེས་པའི་གཞས་མ་གཏམ་ལེན་བཞིན་པ།
མགོ་རྩོམ་མཛད་སྒོ་མཇུག་རྫོགས་པ།
འབྲེལ་ཡོད་འགན་སྒྲུབ་མི་སྣས་ངོ་སྤྲོད་བྱས་པ་ལྟར་ན། མཛད་སྒོ་འདིའི་སྟེང་མཚོ་སྔོན་དང་། ཀན་སུའུ། སི་ཁྲོན། ཡུན་ནན། བོད་ལྗོངས་སོགས་ཀྱི་འཐུས་ཚབ་རུ་ཁག་གདན་འདྲེན་བྱས་ཡོད་པར་མ་ཟད། ད་དུང་སྐྱེ་ཁམས་ཕྱུགས་ལས་དངོས་ཟོང་འབྲེལ་འདྲིས་དང་། གནའ་རྫས་ཉོ་ཚོང་། གླིང་སྒྲུང་བཤད་པ། བོད་རིགས་གྱོན་གོས་འགྲེམ་སྟོན། མེ་ཕུང་སྐོར་བྲོ་སོགས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་བྱ་འགུལ་སྣ་ཚོགས་སྤེལ་རྒྱུ་རེད།
ཐེངས་འདིའི་བྱ་འགུལ་སྤེལ་བ་བརྒྱུད་ནས་དར་ལག་རྫོང་གིས་བཅོས་བསྒྱུར་སྒོ་འབྱེད་བྱས་པའི་ལོ་ངོ་བཞི་བཅུའི་རིང་ལ་ཕྱོགས་ཡོངས་ནས་གྲུབ་འབྲས་མངོན་གསལ་བླངས་པ་དྲིལ་སྒྲོག་ཤུགས་ཆེར་བྱས་པ་དང་། དུས་མཚུངས་སུ་སྲོལ་རྒྱུན་རིག་གནས་ལ་སྐུལ་འདེད་དང་རིག་གནས་ཐོན་ལས་ལ་ཡར་སྐུལ། མི་རིགས་སློབ་གསོ་འཕེལ་རྒྱས། མི་རིགས་མཐུན་སྒྲིལ་དམ་ཟབ་སྒོས་སྤེལ་བ་བཅས་ལ་ནུས་ཤུགས་བླ་ལྷག་གདོན་ངེས་རེད།