ཕོར་ཐིའུ་ཀལ་འགྲན་ཚིགས་འགྲོས་འགྲན་དུ་ཆོས་དབྱིངས་སྐྱིད་ཀྱིས་ཨང་དང་པོ་བླངས་པ།
སྤྱི་ཟླ4པའི་ཚེས7ཉིན་སྤེལ་བའི་རྒྱལ་སྤྱིའི་མཆོང་རྒྱུག་འཕེན་གསུམ་མཉམ་འབྲེལ་ལྷན་ཚོགས་འགྲོས་འགྲན་འགྲན་སློང་འགྲན་བསྡུར〔ཕོར་ཐིའུ་ཀལ་ས་ཚིགས〕 གྱིསྤྱི་ལེ20ཡི་སྐྱེས་མའི་འགྲོ་རྩལ་འགྲན་བསྡུར་ཁྲོད་ཀྲུང་གོའི་ལུས་རྩལ་པ་སྟེ་མཚོ་སྔོན་ཞིང་ཆེན་ལུས་རྩལ་ལས་དོན་རུ་ཆེན་དང་པོའི་ལུས་རྩལ་པ་ཆོས་དབྱངས་སྐྱིད་ཀྱིས་ཆུ་ཚོད1དང་སྐར་མ28སྐར་ཆ4ཡི་གཡུར་ཟའི་གྲུབ་འབྲས་ལས་གསེར་གྱི་རྟགས་མ་བླངས།
རྒྱུས་ལོན་པ་ལྟར་ན། ཉིན་དེའི་འགྲན་བསྡུར་ཁྲོད། ཆོས་དབྱངས་སྐྱིད་ཀྱིས་གནམ་གཤིས་ངན་པ་ཁྱད་དུ་བསད་དེ། ཆུ་ཚོད1དང་སྐར་མ28སྐར་ཆ4ཡི་གཡུར་ཟའི་གྲུབ་འབྲས་ལས་རྒྱལ་ཁ་བླངས། ཆོས་དབྱངས་སྐྱིད་ཀྱིས་བཤད་རྒྱུར། ཐེངས་འདིའི་འགྲན་བསྡུར་ནི་འགྲན་བསྡུར་ལེགས་པོ་ཞིག་ཡིན་ལ། ཞོལ་ནས་ངས2018ལོའི་ཐའེ་ཚང་རུ་ཚོགས་འཛམ་གླིང་འགྲོས་འགྲན་གྱི་གཟེངས་རྟགས་འགྲན་བསྡུར་ལ་རེ་སྒུག་བྱེད་པ་ཡིན་ལ། གནས་དེར་ངས་གསེར་གྱི་རྟགས་མ་ལོན་པར་བརྩོན་ངེས་ཡིན།
ཆོས་དབྱིངས་སྐྱིད་ནི1990ལོར་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧེ་ཡན་རྫོང་ཝ་འཇོག་ཡུལ་ཚོའི་བོད་རིགས་འབྲོག་ཁྱིམ་དཀྱུས་མ་ཞིག་ཏུ་སྐྱེས་ཤིང་། 2012ལོའི་ཨོ་རྩལ་འགྲན་ཚོགས་ཀྱི་སྐྱེས་མའི་འདུར་རྒྱུག་སྤྱི་ལེ20ཡི་འགྲན་བསྡུར་དུ་ཆུ་ཚོད1དང་སྐར་མ25། སྐར་ཆ16ཡི་སྐར་འབྲས་ལས་ཨང་གསུམ་པ་བླངས་ཏེ་ཡ་གླིང་གི་ཟིན་ཐོ་ལས་བརྒལ་ཏེ་རང་རྒྱལ་གྱིས་ཨོ་རྩལ་འགྲན་ཚོགས་སུ་བྱ་དགའ་ཐོབ་མཁན་གྱི་བོད་རིགས་ལུས་རྩལ་པ་ཐོག་མར་གྱུར། དེ་ཡང་དངུལ་གྱི་རྟགས་མ་ཐོབ་མཁན་ཁཱ་ནེའུ་ཧྲིན་ཅིན་ནཱའི་བྱ་དགའ་མེད་པར་བཟོས་རྗེས། ཆོས་དབྱིངས་སྐྱིད་ལ2012ལོའི་ལུན་ཏུང་ཨོ་རྩལ་འགྲན་ཚོགས་ཀྱི་དངུལ་གྱི་བྱ་དགའ་ཐོབ་པ་རེད། 2016ལོའི་ལི་ཨའོ་ཨོ་རྩལ་འགྲན་ཚོགས་སུ་ཨང་ལྔ་བ་བླངས། དེར་མ་ཟད་ཐེངས་དུ་མར་རྒྱལ་སྤྱི་དང་རྒྱལ་ནང་སྐྱེས་མའི་སྤྱི་ལེ20ཡི་འགྲོས་འགྲན་ཁྲོད་གྲུབ་འབྲས་གཟེངས་སུ་ཐོན་པ་བླངས་མྱོང་།