ཨ་མཆོག་ས་ཁུལ་གྱི་མཐུན་སྒྲིལ་འཆམ་མཐུན་རྟགས་མའི་ལག་རྩེད་སྤོ་ལོའི་འགྲན་སྡུར་བདེ་བླག་ངང་མཇུག་སྒྲིལ།
མི་རིགས་མཐུན་སྒྲིལ་ནི་རིགས་སོ་སོའི་མི་མི་དམངས་ཀྱི་ཚེ་སྲོག་གི་གཟུང་ཐག་ཡིན།
བྱ་དགའ་ཨང་དང་པོ་ཐོབ་མཁན་ཝ་སྣ་སྲིད་འཛིན་སྡེ་བའི་འཐུས་ཚབ་རུ་ཁག
བསང་ཆུ་རྫོང་ཡོངས་ཀྱི་གོང་འོག་ཚང་མར་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་གཏིང་ཟབ་བྱེད་པ་ཚ་རླབས་འཕྱུར་བའི་མཚམས་འདིར། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་དང་། ཤུགས་ཆེན་པོས་དྲིལ་བསྒྲགས་བྱ་བའི་ངང་ཚུལ་འཛུགས་སྐྲུན། ཞིང་འབྲོག་མང་ཚོགས་ཀྱི་རིག་གནས་འཚོ་བ་སྔར་བས་ཕུན་སུམ་ཚོགས་པར་གཏོང་བ། ཞིང་འབྲོག་མང་ཚོགས་ཀྱི་གཟུགས་གཞིའི་བྱང་ཚད་མཐོ་རུ་གཏོང་བ། ཞིང་འབྲོག་སྡེ་ཡི་འཆམ་མཐུན་བརྟན་བརླིང་དང་བདེ་ཐང་གོང་འཕེལ་ཡོང་བར་སྐུལ་འདེད། གྲོང་རྡལ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་རྡལ་ལ་འཛུགས་སྐྲུན་བྱ་བའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། ཧུར་ཐག་དགོས་ཕྱི་ཕྱོགས་ལ་ཡིད་དབང་འཕྲོག་པའི་ཨ་མཆོག་དང་། མཐུན་སྒྲིལ་གྱི་ཨ་མཆོག བཀྲ་ཤིས་པའི་ཨ་མཆོག་ཞིག་དྲིལ་བསྒྲགས་བྱ་ཆེད། བསང་ཆུ་རྫོང་ཨུ་དང་རྫོང་སྲིད་གཞུང་གི་འགོ་ཁྲིད། གྲོང་རྡལ་འགན་ལེན་གྱི་འགོ་ཁྲིད། རོགས་སྐྱོར་ལས་ཁུངས་ཀྱི་ཤུགས་ཆེན་པོའི་རྒྱབ་སྐྱོར་འོག རྫོང་ཨུའི་དྲིལ་བསྒྲགས་པུའུ་དང་རྫོང་ཨུའི་སྲིད་ཁྲིམས་ཨུ་ལྷན། རྫོང་རིག་གནས་རླུང་འཕྲིན་ཅུས་བཅས་ལ་ཡར་ཞུ་བྱས་པར་ཆོག་མཆན་ཐོབ་པ་བརྒྱུད། གྲོང་རྡལ་ཏང་ཨུ་དང་སྲིད་གཞུང་གིས་ཞིབ་འཇུག་བྱས་མཐར“ཨ་མཆོག་ས་ཁུལ་གྱི་མཐུན་སྒྲིལ་འཆམ་མཐུན་རྟགས་མའི་ལག་རྩེད་སྤོ་ལོའི་འགྲན་སྡུར”བསྡུ་རྒྱུ་ཐག་གཅོད་བྱས།
བྱ་དགའ་ཨང་གཉིས་པ་ཐོབ་མཁན་ཉི་མ་ལུང་སྲིད་འཛིན་སྡེ་བའི་འཐུས་ཚབ་རུ་ཁག
ཨང་གསུམ་པ་ཐོབ་མཁན་ཡུ་རུ་རྒྱུད་དོན་གཅོད་ཁང་ཉི་མ་ལུང་སྲིད་འཛིན་སྡེ་བའི་འཐུས་ཚབ་རུ་ཁག་གཉིས་པ།
བྱ་དགའ་ཨང་གཉིས་པ་ཐོབ་མཁན་སྐྱིད་ནང་སྡེ་བའི་འཐུས་ཚབ་རུ་ཁག
སྤྱི་ཟླ12པའི་ཚེས5ཉིན། ཨ་མཆོག་ས་ཁུལ་གྱི་མཐུན་སྒྲིལ་འཆམ་མཐུན་རྟགས་མའི་ལག་རྩེད་སྤོ་ལོའི་འགྲན་སྡུར་གྱི་རྒྱལ་ཕམ་ཐག་གཅོད་འགྲན་བསྡུར་དེ་སྐྱིད་ནང་སྲིད་འཛིན་སྡེ་བའི་སྐྱེ་ཁམས་དཔལ་ཡོན་འབྱོར་འབྲིང་སྡེ་བའི་རིག་གནས་ཐང་ཆེན་ནས་འཚོགས། གྲོང་རྡལ་ཏང་སྲིད་འགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་སྡེ་བའི་ཨུ་ཡོན་ལྷན་ཁང་ཁག་གི་འགན་འཁུར་བ། ཨ་མཆོག་གྲོང་རྡལ་དང་ཡ་རུ་རྒྱུད་དོན་གཅོད་ཁང་གི་ཞིང་འབྲོག་མང་ཚོགས་ཁྱོན་བསྡོམས་མི3500ལྷག་གནས་འདིར་འཛོམས་ནས་འགྲན་བསྡུར་ལ་བལྟ་བའི་རྣམ་པ།
ཐེངས་འདིའི་མཐུན་སྒྲིལ་འཆམ་མཐུན་རྟགས་མའི་ལག་རྩེད་སྤོ་ལོའི་འགྲན་སྡུར་དེ་ཟླ11པའི་ཚེས29ཉིན་ནས་མགོ་བརྩམས་ཤིང་། ཨ་མཆོག་གྲོང་རྡལ་དང་ཡ་རུ་རྒྱུད་དོན་གཅོད་ཁང་གི་འཐུས་ཚབ་རུ་ཁག14ལས་ཚན་ཆུང2ཀྱི་ནང་ནས་ཕམ་འདོར་འགྲན་སྡུར་བྱས་མཐར། ཉི་མ་ལུང་སྲིད་འཛིན་སྡེ་བའི་འཐུས་ཚབ་རུ་ཁག་དང་ཝ་སྣ་སྲིད་འཛིན་སྡེ་བའི་འཐུས་ཚབ་རུ་ཁག་གཉིས་ཀྱིས་རྟིང་རྩོད་འགྲན་སྡུར་བྱས་ལ། ཤན་འབྱེད་པའི་ཤུ་སྒྲ་དང་བསྟུན་ཆེས་མཐའ་མཇུག་གི་སྡུར་གྲངས་དེ34:26ནས་མཇུག་སྒྲིལ། ཝ་སྣའི་འཐུས་ཚབ་རུ་ཁག་གིས་སྐར8ཀྱི་སྔུན་བླངས་ནས་འགྲན་སྡུར་གྱི་ཨང་དང་པོ་ཐོབ།
དེའི་རྗེས་བྱ་དགའ་སྤྲོད་པའི་མཛད་སྒོ་སྤེལ་ལ་གྲོང་རྡལ་ཏང་ཨུ་དང་སྲིད་གཞུང་གིས་བྱ་དགའ་ཨང་དང་པོ་ཐོབ་མཁན་ཝ་སྣ་སྲིད་འཛིན་སྡེ་བའི་འཐུས་ཚབ་རུ་ཁག་དང་། བྱ་དགའ་ཨང་གཉིས་པ་ཐོབ་མཁན་ཉི་མ་ལུང་སྲིད་འཛིན་སྡེ་བའི་འཐུས་ཚབ་རུ་ཁག སྐྱིད་ནང་སྡེ་བའི་འཐུས་ཚབ་རུ་ཁག བྱ་དགའ་ཨང་གསུམ་པ་ཐོབ་མཁན་ཨ་མཆོག་གྲོང་ཞག་སྡོད་ལམ་ལུགས་ཀྱི་ལྟེ་བའི་སློབ་ཆུང་གི་འཐུས་ཚབ་རུ་ཁག ཡུ་རུ་རྒྱུད་དོན་གཅོད་ཁང་ཉི་མ་ལུང་སྲིད་འཛིན་སྡེ་བའི་འཐུས་ཚབ་རུ་ཁག་གཉིས་པ། ཡ་རུ་རྒྱུད་སྲིད་འཛིན་སྡེ་བའི་འཐུས་ཚབ་རུ་ཁག ཕུལ་བྱུང་གི་སྒྲིག་འཛུགས་བྱ་དགའ་ཐོབ་མཁན་རྔ་རྒོད་སྲིད་འཛིན་སྡེ་བའི་འཐུབ་ཚབ་རུ་ཁག བསམ་པའི་དཔལ་ཡོན་གྱི་བྱ་དགའ་ཐོབ་མཁན་ཤུག་ལུང་ཉིན་སྲིད་འཛིན་སྡེ་བའི་འཐུས་ཚབ་རུ་ཁག་བཅས་ལ་བྱ་དགའི་བུམ་པ་དང་གཟེངས་བསྟོད་རྟགས་མ། བྱ་དགའི་དངུལ་བཅས་སྤྲད་པ་མ་ཟད། ལྷ་གོ་སྐྱབས་སོགས་མི༣ལ་སྒྲིག་འཛུགས་པ་ཕུལ་བྱུང་གི་གཟེངས་རྟགས་སྤྲད་པ་རེད།
བྱ་དགའ་ཨང་གསུམ་པ་ཐོབ་མཁན་ཨ་མཆོག་གྲོང་ཞག་སྡོད་ལམ་ལུགས་ཀྱི་ལྟེ་བའི་སློབ་ཆུང་གི་འཐུས་ཚབ་རུ་ཁག
བསམ་པའི་དཔལ་ཡོན་གྱི་བྱ་དགའ་ཐོབ་མཁན་ཤུག་ལུང་ཉིན་སྲིད་འཛིན་སྡེ་བའི་འཐུས་ཚབ་རུ་ཁག
ལྷ་གོ་སྐྱབས་སོགས་ལ་སྒྲིག་འཛུགས་པ་ཕུལ་བྱུང་གི་གཟེངས་རྟགས་སྤྲད་པ།
མཇུག་ཏུ་ཧྲུའུ་ཅི་རྟ་མགྲིན་སྐྱབས་ཀྱིས་ད་ཐེངས་ཀྱི་བྱེད་སྒོའི་ནང་ཞུགས་མཁན་གྱི་ཕྱོགས་སོ་སོའི་འཐུས་མི་རྣམས་ལ་ལྷག་བསམ་ཟོལ་མེད་ཀྱི་ཐུགས་རྗེ་ཆེ་ཞུས་པ་དང་གྲོང་རྡལ་ཏང་སྲིད་འགོ་ཁྲིད་ཚན་པའི་ཁོངས་མི་དག་དང་འཐུས་མི་རུ་ཁག སྒྲིག་འཛུགས་ཨུ་ལྷན་གྱི་ཁོངས་མི་བཅས་མཉམ་པར་བླངས་ནས་དྲན་རྟེན་བཞག