ཀྲུང་གོའི་བོད་ལྗོངས་རི་འཛེག་རུ་ཁག་གིས་རི་འཛེག་ལོ་འཁོར་བཅུ་ལོན་པའི་དྲན་རྟེན་བྱེད་སྒོ་སྤེལ་བ།
ཀྲུང་གོའི་བོད་ལྗོངས་རི་འཛེག་རུ་ཁག་གིས་རི་འཛེག་ལོ་འཁོར་བཅུ་ལོན་པའི་དྲན་རྟེན་སྤེལ་བ།
ཉེ་སྔོན། ཀྲུང་གོའི་བོད་ལྗོངས་རི་འཛེག་རུ་ཁག་གིས་འཛམ་གླིང་ཐོག་གི་རྒྱ་མཚོའི་ངོས་ལས་མཐོ་ཚད་རྨིད8000ཡན་གྱི་རི་བོ14ལ་འཛེགས་ནས་ལོ་ངོ་བཅུ་འཁོར་བའི་དྲན་རྟེན་གྱི་བྱ་འགུལ་དེ་ལྷ་ས་རུ་སྤེལ།
1993ལོར་ཨན་ནཱ་པུའུ་ཨར་ནཱ་རི་རྩེར་འགོས་པ་དང་། 2007ལོར་རྒྱལ་ཁའི་ངང་གྷ་ཧྲིར་བྷུ་རོབ་མུའུ(Gasherbrum)རི་བོIཡི་རི་རྩེར་འགོས། ལོ་ངོ14རིང་དཀའ་ཚེགས་ཀྱི་རི་འཛེག་བརྒྱུད། ཀྲུང་གོའི་བོད་ལྗོངས་ཀྱི་འཛམ་གླིང་གི་རྒྱ་མཚོའི་ངོས་ལས་མཐོ་ཚད་རྨིད8000ཡན་གྱི་རི་བོ14ལ་འཛེག་པའི་མྱུལ་དཔྱད་རུ་ཁག་གིས་ཐུན་མོང་སྒོས་འཛམ་གླིང་གི་རྒྱ་མཚོའི་ངོས་ལས་མཐོ་ཚད་རྨིད8000ཡན་གྱི་རི་བོར་འཛེགས་པའི་འཛམ་གླིང་རི་འཛེགས་ཀྱི་ཟིན་ཐོ་བསྐྲུན།
བྱ་འགུལ་ཡུལ་དངོས།
2007ལོའི་ཟླ7པའི་ཚེས12ཉིན། བོད་ལྗོངས་ཀྱི་རི་བོ14ལ་འཛེག་པའི་མྱུལ་དཔྱད་རུ་ཁག་གི་གཙོ་འདོན་མི་སྣ3ཏེ། ཚེ་རིང་རྡོ་རྗེ་དང་སྤེན་པ་བཀྲ་ཤིས། བློ་ཚེ་བཅས་ཀྱི་འབད་བརྩོན་ཆེན་པོའི་འོག མཐའ་མར་རྒྱ་མཚོའི་ངོས་ལས་མཐོ་ཚད་རྨིད8000ཡན་གྱི་རི་བོ14ཡི་མཇུག་མཐའི་རི་བོ་སྟེ། རྒྱ་མཚོའི་ངོས་ལས་མཐོ་ཚད་རྨིད8068ཀྱི་འཛམ་གླིང་རི་བོ་ཨང་བཅུ་གཅིག་པ་གྷ་ཧྲིར་བྷུ་རོབ་མུའུ(Gasherbrum)རི་བོIལ་འཛེགས་པ་རེད། འདིས་བོད་རང་སྐྱོང་ལྗོངས་རི་འཛེག་རུ་ཁག་གིས་ལོ་ངོ14རིང་ཐུན་མོང་གིས་འཛམ་གླིང་ཐོག་གི་རྒྱ་མཚོའི་ངོས་ལས་མཐོ་ཚད་རྨིད8000ཡན་གྱི་རི་བོ14ལ་འཛེགས་པའི་འཛམ་གླིང་རི་འཛེགས་ཀྱི་ཟིན་ཐོ་བསྐྲུན་པ་མཚོན།
བོད་རང་སྐྱོང་ལྗོངས་ལུགས་རྩལ་ཅུའི་འགོ་གཙོ་གཞོན་པ་ཉི་མ་ཚེ་རིང་གིས་གསུངས་པ་ལྟར་ན། བོད་ལྗོངས་ཀྱི་རི་འཛེག་དེ་མིག་སྔར་ཆེད་ལས་རི་འཛེག་ནས་སྤྱི་ཚོགས་རི་འཛེག་ཏུ་གཞན་བསྒྱུར་བྱེད་པའི་གནད་འགངས་ཀྱི་སྐབས་ཡིན་ཞིང་། འདིའི་སྐབས་སུ། བོད་ལྗོངས་ཀྱི་རི་འཛེག་སྙིང་སྟོབས་རྒྱ་ཆེར་སྒྲོག་པ་དང་། ཆེད་ལས་རི་འཛེག་དེ་མང་ཚོགས་རི་འཛེག་དང་། ཁྱབ་གདལ་རི་འཛེག ཚོང་ལས་རི་འཛེག་བཅས་སུ་བསྒྱུར་བར་སྐུལ་འདེད་སྒོས། མུ་མཐུད་དུ་རི་འཛེག་གི་ཁང་ཕྱིའི་ལུས་རྩལ་ཐོན་ལས་འཕེལ་རྒྱས་ཀྱི་ཆུ་ཚད་མཐོར་འདེགས་དང་། གང་ནུས་ཀྱིས་ཕྱོགས་བསྡུས་སྣེ་ཁྲིད་ནུས་པ་ཇེ་དྲག་ཏུ་གཏོང་རྒྱུ་ཡིན།
ཚེ་རིང་རྡོ་རྗེ་(དཀྱིལ)དང་། སྤེན་པ་བཀྲ་ཤིས།(གཡོན་པ) བློ་རྩེ་གསུམ་ལ་གཟེངས་རྟགས་གནང་།
སྨི8000ཡན་ཟིན་པའི་འཛམ་གླིང་གི་རི་མཐོན་པོ་བཅུ་བཞི་ནི་ཧི་མ་ལ་ཡ་རི་རྒྱུད་དང་ཁུ་ནུ་རི་རྒྱུད་ཁྲོད་དུ་ཡོད་པ་རེད། བོད་ལྗོངས་རི་འཛེག་རུ་ཁག་གི་ཡར་སྔོན་དུ། འཛམ་གླིང་ཐོག་མི་བཅུ་གྲངས་ཙམ་གྱིས་སྒེར་གྱི་མིང་ཐོག་ནས་རི་མཐོན་པོ་བཅུ་བཞི་དེ་ཚོར་འཛེགས་ཐུབ་པ་རེད། ལོ་བཅུའི་སྔོན་ལ། བོད་ལྗོངས་ཀྱི་རི་འཛེག་མི་སྣ་གསུམ་རི་རྩེར་འཛེགས་ཐུབ་པས། གསར་དར་རི་འཛེག་རྒྱལ་ཁབ་ཆེན་པོ་ཀྲུང་གོ་འདི་ཉིད་ཐོག་མར་རྒྱལ་སྤྱིའི་རི་འཛེག་ལས་རིགས་ཀྱིས་ཁས་ལེན་པའི"རི་བོ་བཅུ་བཞིའི་སྤྲོ་སྐྱིད་ཁང"དུ་ཚུད་ཡོད་པ་རེད།
རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་བྱ་འགུལ་ལ་གཙོ་ཆེར། ཀྲུང་གོའི་བོད་ལྗོངས་རི་འཛེག་རུ་ཁག་དེ་འཛམ་གླིང་ཐོག་གི་རྒྱ་མཚོའི་ངོས་ལས་མཐོ་ཚད་རྨིད8000ཡན་གྱི་རི་བོ14ལ་འཛེགས་པའི་རི་བོ་ཆེན་པོའི་མྱུལ་དཔྱད་རུ་ཁག་དང་། “7+2”མྱུལ་དཔྱད་བྱ་འགུལ་གྱི་འབྲེལ་ཡོད་མི་སྣ(ལས་ཁུངས)ལ་གཟེངས་བསྟོད་དང་། བོད་ལྗོངས་ཧི་མ་ལ་ཡའི་མཐོ་སྒང་ཁོར་སྲུང་ཐེབས་རྩ་ཚོགས་པ་དང་བོད་ལྗོངས་རི་འཛེག་སྣ་འཁྲིད་མཐུན་ཚོགས་མགོ་ཚུགས་བྱེད་སྒོ། བོད་ལྗོངས་རི་འཛེག་ཁང་ཕྱིའི་ལུས་རྩལ་ཐོན་ལས་གླེང་སྟེགས་སོགས་འདུས།