logo

བོད་ལྗོངས་སུ“7.16དམངས་ཡོངས་ཆུར་རྐྱལ་ལུས་སྦྱོང་གཟའ་འཁོར”བྱ་འགུལ་སྤེལ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2017-07-18 ཀློག་གྲངས།:

 
བོད་ལྗོངས་སུ“7.16དམངས་ཡོངས་ཆུར་རྐྱལ་ལུས་སྦྱོང་གཟའ་འཁོར”བྱ་འགུལ་རབས་དང་རིམ་པ་སྤེལ་བ།

    སྤྱི་ཟླ7པའི་ཚེས15ནས་ཚེས16བར། “7.16དམངས་ཡོངས་ཆུར་རྐྱལ་ལུས་སྦྱོང་གཟའ་འཁོར”བྱ་འགུལ་རབས་དང་རིམ་པ(ལྷ་སའི་ས་ཚིགས)དེ་རང་སྐྱོང་ལྗོངས་ཆུར་རྐྱལ་ཁང་དུ་སྤེལ་ཞིང་། བྱ་འགུལ་ལ་སྐབས་བཞི་བའི་དམངས་ཡོངས་ལུས་སྦྱོང་ཚད་ཐོན་བྱ་འགུལ་དང་རང་སྐྱོང་ལྗོངས་རྒན་པའི་ཆུར་རྐྱལ་དགའ་མོས་པ་དག་གི་མྱོང་ཚོར་ཚད་ཐོན་བྱ་འགུལ། རང་སྐྱོང་ལྗོངས་ཆུར་རྐྱལ་འགྲན་བསྡུར་བཅས་འདུས།
    སྤྱི་ཟླ7པའི་ཚེས16ཉིན། ཆུར་རྐྱལ་དགའ་མོས་དག་རང་སྐྱོང་ལྗོངས་ཆུར་རྐྱལ་ཁང་དུ་འཛོམས་ཏེ་འགྲན་བསྡུར་ལ་ཞུགས་ཤིང་། ཐེངས་འདིའི་འགྲན་བསྡུར་ནི་སྐབས་གསུམ་པའི་རང་སྐྱོང་ལྗོངས་ཆུར་རྐྱལ་འགྲན་བསྡུར་ཡིན་པ་མ་ཟད། ཐོག་དང་པོའི་བོད་རང་སྐྱོང་ལྗོངས་ན་གཞོན་ཆུར་རྐྱལ་གདན་ཞུའི་འགྲན་བསྡུར་ཡང་ཡིན། འགྲན་བསྡུར་ལ་སྐྱེས་པ་དང་སྐྱེས་མའི་རུ་ཁག་དབྱེ་ཡོད་ཅིང་། ལོ་ཚོད་མི་འདྲ་བ་ལྟར་སློབ་ཆུང་སློབ་མའི་རུ་ཁག་དང་སློབ་འབྲིང་སློབ་མའི་རུ་ཁག ན་གཞོན་རུ་ཁག  དར་མའི་རུ་ཁག་བཅས་སུ་བགར་ལ། སོ་སོས་སྨི50ཡི་སྦལ་རྐྱལ་དང་སྨི50ཡི་རང་དབང་ཆུར་རྐྱལ་གྱི་རྣམ་གྲངས་འགྲན་བསྡུར་ལ་ཞུགས། ད་ལོར་འགྲན་བསྡུར་ལ་མིང་ཐོ་འགོད་མཁན་མི230ལྷག་དང་། ན་ནིང་དང་བསྡུར་ན་ལྡབ་གཅིག་གིས་འཕར་ཡོད། དེ་ལས་ལོ་ཚོད་ཆེས་ཆེ་བ་ནི་ལོ79དང་ཆེས་ཆུང་བ་ནི་ལོ7ཡིན།


བོད་ལྗོངས་སུ“7.16དམངས་ཡོངས་ཆུར་རྐྱལ་ལུས་སྦྱོང་གཟའ་འཁོར”བྱ་འགུལ་རབས་དང་རིམ་པ་སྤེལ་བ།

    རང་སྐྱོང་ལྗོངས་ཆུར་རྐྱལ་ཁང་གི་དགེ་རྒན་གྱིས་མཚམས་སྦྱོར་བྱས་ན་ལྟར་ན། བོད་ལྗོངས་སུ་ཆུར་རྐྱལ་གྱི་བྱ་འགུལ་མགོ་བརྩམས་པ་ཅུང་འཕྱི་བས། མིག་སྔར་རང་དབང་ཆུར་རྐྱལ་དང་སྦལ་རྐྱལ་བཅས་རྣམ་གྲངས་གཉིས་ལས་མེད་ཅིང་། ཐེངས་འདིའི་འགྲན་བསྡུར་ཁྲོད། འགྲན་ཞུགས་པ་ཁ་ཤས་ཤིག་རྒྱལ་ཁབ་རིམ་པ་གཉིས་པའི་ལུས་རྩལ་པའི་ཆུ་ཚད་ལ་སླེབས་ཡོད། དེ་མིན་ཆུར་རྐྱལ་གྱི་ཕན་ཡོད་མང་པོ་ཡོད་དེ། དེས་མིའི་ལུས་པོ་ལ་འཕུར་ནོན་གྱི་ནུས་པ་ལྡན་པ་དང་། མཐོ་སྒང་གི་ཆུར་རྐྱལ་ལ་ཏག་ཏག་དྲག་ཚད་དང་ལུས་རྩལ་གྱི་ཚད་ཚོད་འཛིན་བྱས་ན་མིའི་གློ་སྙིང་དང་དབུགས་ལམ་ལ་ཕན་ནུས་ཆེན་པོ་ལྡན།
    རྒྱུས་ལོན་པ་ལྟར་ན། རང་སྐྱོང་ལྗོངས་ཆུར་རྐྱལ་ཁང་སྒོ་ཕྱེ་བ་ནས་བཟུང་། རང་ལྗོངས་ཀྱི་ཆུར་རྐྱལ་ལུས་སྦྱོང་ལས་དོན་དང་སྤྱི་ཕན་དངོས་འབེབ། རིན་མེད་དང་རིན་དམའི་སྒོ་ནས་ཕྱི་ཕྱོགས་ལ་སྒོ་འབྱེད་པར་རྐང་ཚུགས་ཏེ། ལོ་རེའི་སྤྱི་ཟླ5བའི་ཚེས1དང་སྤྱི་ཟླ6པའི་ཚེས1། སྤྱི་ཟླ8པའི་ཚེས8སོགས་དུས་ཆེན་གྱི་སྐབས་རིན་མེད་སྒོས་སྒོ་ཕྱེ་བ་མ་ཟད། རིན་མེད་དམ་རིན་ཕྱེད་ཀྱིསSOSབྱིས་སྡེའི་དྭ་ཕྲུག་དང་ལེན་བྱེད་པ་ཡིན། ན་གཞོན་ཆུར་རྐྱལ་དགའ་མོས་པ་སྐྱེད་སྲིང་བྱེད་པར། ལྗོངས་ཆུར་རྐྱལ་ཁང་གིས་རིན་མེད་སྒོས་ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གི་སློབ་རིམ་གཉིས་པའི་སློབ་མར་ཆུར་རྐྱལ་ཁྱབ་གདལ་སློབ་ཁྲིད་སྤེལ་བ་དང་། ལོ་རེའི་དབྱར་གནང་གི་སྐབས་སུ་དབྱར་གནང་ཆུར་རྐྱལ་འཛིན་གྲྭ་བཙུགས་ཏེ་ཆུར་རྐྱལ་ལུས་རྩལ་ཁྱབ་སྤེལ་གཏོང་བ་ཡིན།


འབྲེལ་ཡོད་འོས་སྦྱོར།