སྐབས་བཅུ་དྲུག་པའི་མཚོ་སྐོར་རྒྱལ་སྤྱིའི་ལྕགས་རྟ་འགྲན་བསྡུར་གྱི་མཛད་སྒོ་བསྡུས་པ།
སྐབས་བཅུ་དྲུག་པའི་མཚོ་སྐོར་རྒྱལ་སྤྱིའི་ལྕགས་རྟ་འགྲན་བསྡུར་གྱི་མཛད་སྒོ་བསྡུས་པ།
སྤྱི་ཟླ7པའི་ཚེས15ཉིན་གྱི་སྔ་དྲོའི་ཆུ་ཚོད10:00ཡི་སྟེང་། སྐབས་བཅུ་དྲུག་པའི“མཚོ་སྔོན་ཞིང་རྟོན་བུམ་པའི”མཚོ་སྐོར་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་བསྡུར་གྱི་མཛད་སྒོ་དེ་མཚོ་ཤར་གྲོང་ཁྱེར་གྲོ་ཚང་ཁུལ་དུ་གཟབ་རྒྱས་ངང་བསྡུས་ཤིང་། འཛམ་གླིང་གི་གླིང་ཆེན་ལྔའི་རྒྱལ་ཁབ་དང་ས་ཁུལ17གྱི་རུ་ཁག22ཀྱི་ལུས་རྩལ་པ200ཡས་མས་གྲོ་ཚང་དུ་འཛོམས་ཏེ། མཐོ་སྒང་གི་ལྕགས་རྟའི་རྒྱས་ཚོགས་ཤིག་ལ་ཞུགས་པ་ཡིན།
ཞིང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཝང་ཅན་ཅུན་གྱིས་ཤིས་ཚིག་ཕུལ་བ་མ་ཟད་ཉིང་ཞཱ་ཧོས་རིགས་རང་སྐྱོང་ས་ཁུལ་གྱི་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པ་ཡའོ་ཨའེ་ཞིང་དང་ཀན་སུའུ་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལི་ཁྲེན་ཡཱ་བཅས་མཉམ་གྱིས“2017ལོའི་སྐབས་བཅུ་དྲུག་པའི་མཚོ་སྐོར་ལྕགས་རྟ་འགྲན་བསྡུར”མགོ་རྩོམ་གཅུས་སྒོ་མནན་ཞིང་། རྒྱལ་སྤྱིའི་ལྕགས་རྟ་མཉམ་འབྲེལ་འཐུས་ཚབ་པ་སི་ཏའེ་ཧྥུ་ཕེ་ཐི་སིན་དང་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའི་ལྕགས་རྟ་གྲི་རྩེད་ལུས་རྩལ་ལྟེ་གནས་ཀྱི་ཀྲུའུ་རིན་གཞོན་པ་ཅང་ཀུའོ་ཧྥུན། རྒྱལ་ཁབ་གསར་འགྱུར་པར་སྐྲུན་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཅུའུ་གཞུང་ལས་ཐིན་གྱི་ཀྲུའུ་རིན་ཝུའུ་པའོ་ཨན་བཅས་སོ་སོས་ཤིས་ཚིག་ཕུལ།
སྐབས་བཅུ་དྲུག་པའི་མཚོ་སྐོར་རྒྱལ་སྤྱིའི་ལྕགས་རྟ་འགྲན་བསྡུར་གྱི་མཛད་སྒོ་བསྡུས་པ།
ཝང་ཅན་ཅུན་གྱིས་ཤིས་ཚིག་ཕུལ་དུས་གསུངས་རྒྱུར། ལུས་རྩལ་ནི་ཕྱི་འབྱེད་ཀྱི་མཛད་འཕྲིན་ཞིག་ཡིན་ལ། ལུས་རྩལ་འབྲེལ་འདྲིས་ལ་ས་ཁུལ་དང་རྒྱལ་ཁབ་ཀྱི་དབྱེ་བ་མེད། མཚོ་སྐོར་ལྕགས་རྟ་འགྲན་བསྡུར་དེ་མཚོ་སྔོན་ལ་གཏོགས་པ་དང་མཚུངས་སུ་ཀྲུང་གོ་དང་འཛམ་གླིང་ལའང་གཏོགས། “ལྗང་མདོག་དང་། མི་ཆོས། འཆམ་མཐུན”གྱི་སྙིང་སྟོབས་མཚོན་པའི་མཚོ་སྐོར་ལྕགས་རྟ་འགྲན་བསྡུར་འདིས་ང་ཚོ་དང་མཉམ་དུ་ལོ་ངོ་བཅུ་དྲུག་གི་ལམ་བུ་སྙེག་ཅིང་། མཚོ་སྐོར་ལྕགས་རྟ་འགྲན་བསྡུར་མིག་སྔར་རྒྱལ་སྤྱི་ཅན་དང་ཆེད་ལས་ཅན། ཚོང་ར་ཅན། ཚོང་རྟགས་གྲགས་ཅན་ཅན་དུ་འགྱུར་བཞིན་ཡོད་ལ། རྒྱལ་ཡོངས་དང་འཛམ་གླིང་ཡོངས་ཀྱི་ཡིད་དབང་འཕྲོག་པ་ཡིན། འདིའི་ཤུགས་རྐྱེན་དང་ཕན་ནུས་དེ་ལུས་རྩལ་འགྲན་བསྡུར་རང་སྟེང་ལས་བརྒལ་ཡོད་དེ། མཚོ་སྔོན་དང་ཀན་སུའུ། ཉིང་ཞཱ་བཅས་ཞིང་ཆེན་གསུམ་གྱི་མི་རིགས་སོ་སོའི་དུས་ཆེན་རྒྱ་ཆེན་དང་ཕྱི་ཕྱོགས་ལ་འབྲེལ་འདྲིས་བྱེད་པའི་སྟེགས་བུ་གལ་ཆེན་ཞིག་ཡིན།