རྒྱལ་སྤྱིའི་དགུན་འཁྱག་སྐབས་ཀྱི་རྨ་ཆུར་རྐྱལ་བའི་འགྲན་སྡུར་སྐབས་བདུན་པ་མགོ་ཚུགས་པ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་སྲིད་གཞུང་དྲ་བ།
དུས་ཚོད།:2017-01-10
ཀློག་གྲངས།:
རྒྱལ་སྤྱིའི་དགུན་འཁྱག་སྐབས་ཀྱི་རྨ་ཆུར་རྐྱལ་བའི་འགྲན་སྡུར་སྐབས་བདུན་པ་མགོ་ཚུགས་པ།
མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། སྤྱི་ཟླ1པོའི་ཚེས7ཉིན། མཚོ་སྔོན་རྒྱལ་སྤྱིའི་དགུན་འཁྱག་སྐབས་ཀྱི་རྨ་ཆུར་རྐྱལ་བའི་འགྲན་སྡུར་སྐབས་བདུན་པ་ཁྲི་ཀ་རྫོང་རྨ་ཆུའི་འགྲམ་རྒྱུད་ནས་མགོ་ཚུགས་པ་དང་། སྤྱི་ཟླ1པོའི་ཚེས8ཉིན། ཐེངས་འདིའི་འགྲན་སྡུར་གྱི་མགོ་ཚུགས་མཛད་སྒོ་གཟབ་རྒྱས་ངང་བསྡུས་པ་རེད།
རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་འགྲན་སྡུར་སྟེང་དབྱིན་ཇི་དང་། ཨ་མེ་རི་ཁ། འཇར་མན། ཨུ་རུ་སུ། དབྱི་ཐ་ལི། ཧྥ་རན་སེ་སོགས་རྒྱལ་ཁབ12ནས་ཕེབས་པའི་འགྲན་ཞུགས་མི་སྣ67ཡོད་པ་རེད།
འབྲེལ་ཡོད་འོས་སྦྱོར།