logo

གསེར་ཆེན་རྫོང་གིས“ལྷ་མཚོ་རྟགས་མའི”རྟ་རྒྱུག་འགྲན་སྡུར་སྐབས་གཉིས་པ་བསྡུ་རྩིས་ཡོད་པ།

རྩོམ་པ་པོ།:ཚེ་རིང་འབུམ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2016-05-30 ཀློག་གྲངས།:
     རྒྱུས་ལོན་པ་ལྟར་ན། སྤྱི་ཟླ7པའི་ཚེས29ཉིན་ནས་ཚེས31ཉིན་བར་ལ། མཚོ་སྔོན་པོའི་འགྲམ་ངོགས་སུ་གསེར་ཆེན་རྫོང“ལྷ་མཚོ་རྟགས་མའི” རྟ་རྒྱུག་འགྲན་སྡུར་སྐབས་གཉིས་པ་དང་ཞང་སྡེའི་ཡུལ་སྐོར་ངོ་སྤྲོད་ཚོགས་འདུ་བསྡུ་རྒྱུ་རེད།
     དེའི་རིང་ལ་མི་རིགས་རང་གི་ཁྱད་ཆོས་ལྡན་པའི་རྟ་རྒྱུག་དང་གཡག་རྒྱུག  ས་སྒྱེ་འཇོག་པ། གླིང་ཆེན་ས་གཤགས། རྐང་རྩེད་སྤོ་ལོའི་འགྲན་སྡུར་བཅས་ཡོད་པ་མ་ཟད། གླུ་གར་འཁྲབ་སྟོན་དང་དམངས་གླུ་འགྲན་སྡུར། ཁྱད་ལྡན་བོད་ཟས་རིག་གནས་འགྲེམས་སྟོན། སྦྲ་གུར་འགྲེམས་སྟོན་སོགས་བྱ་འགུལ་རབས་དང་རིམ་པ་མང་པོ་བཀོད་སྒྲིག་བྱས་ཡོད།
     ཐེངས་འདིའི་བྱ་འགུལ་སྤེལ་བ་བརྒྱུད། གསེར་ཆེན་རྫོང་གིས་དམངས་ཁྲོད་མི་རིགས་རིག་གནས་ཐོན་ཁུངས་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ཏེ། ལུས་རྩལ་རིག་གནས་དར་སྤེལ་དང་ཁྱད་ལྡན་ལུས་རྩལ་རྟགས་མཚན་བསྐྲུན་པ་དམིགས་ཡུལ་དུ་བཟུང་ནས། རོང་འབྲོག་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་སྔར་ལས་ཕུན་སུམ་ཚོགས་པ་དང་ཡུལ་སྐོར་རིག་གནས་ཀྱི་དཔལ་འབྱོར་འཕེལ་རྒྱུས་ཐད་ལ་ནུས་གལ་ཆེན་འདོན་ངེས་རེད།


འབྲེལ་ཡོད་འོས་སྦྱོར།