logo

ཀྲུང་གོའི་མཚོ་སྔོན་པོའི་མཐོ་སྒང་རླངས་འཁོར་ལྗོངས་ཕྱིའི་འགྲན་བསྡུར་གྱི་མགོ་རྩོམ་མཛད་སྒོ་བསྡུས།

རྩོམ་པ་པོ།:ཚེ་རིང་འབུམ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2016-05-14 ཀློག་གྲངས།:

ཀྲུང་གོའི་མཚོ་སྔོན་པོའི་མཐོ་སྒང་རླངས་འཁོར་ལྗོངས་ཕྱིའི་འགྲན་བསྡུར་གྱི་མགོ་རྩོམ་མཛད་སྒོ་བསྡུས།
ཀྲུང་གོའི་མཚོ་སྔོན་པོའི་མཐོ་སྒང་རླངས་འཁོར་ལྗོངས་ཕྱིའི་འགྲན་བསྡུར་གྱི་མགོ་རྩོམ་མཛད་སྒོ་བསྡུས།

     སྤྱི་ཟླ5པའི་ཚེས10ཉིན་གྱི་སྔ་དྲོར། 2016ལོའི་སྐབས་དང་པོའི་ཀྲུང་གོའི་མཚོ་སྔོན་པོའི་མཐོ་སྒང་རླངས་འཁོར་ལྗོངས་ཕྱིའི་འགྲན་བསྡུར་གྱི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་དང་འགྲན་བསྡུར་མགོ་རྩོམ་པའི་མཛད་སྒོ་དེ་རྒྱལ་ས་པེ་ཅིན་ནས་བསྡུས།
     རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་ཡི་རླངས་འཁོར་དང་འཕྲུལ་རྟ་ལྟེ་གནས་ཀྱི་ཀྲུའུ་རིན་གཞོན་པ། འབྲིང་རིམ་རླངས་འཁོར་དང་འཕྲུལ་རྟ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་བན་ཧི་ཕེན་དང་། མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་ཀྲང་ཝུན་ཁེ། མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཡང་ཕེ། མཚོ་ལྷོ་ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཡེ་བུན་པེན། མཚོ་ལྷོ་ཁུལ་ཨུའི་རྒྱུན་ཨུའམ། ཁུལ་དཔོན་གཞོན་པ། གུང་ཧོ་རྫོང་ཨུའི་ཧྲུའུ་ཅི་ཁྲིན་ཧུང་ལེན། པེ་ཅིན་འབྲིང་རིམ་རླངས་འཁོར་དང་འཕྲུལ་རྟའི་ལུས་རྩལ་གོང་སྤེལ་ཀུང་ཟིའི་སྤྱི་གཉེར་པ་ཧོ་ཅན་ཏུང་། ཅང་སུའུ་སུའུ་མེ་ཏ་མཐུན་ཚོགས་ཀྱི་གཙོ་འཛིན་ཅི་ཕོ། པེ་ཅིན་འགྲན་རྩོད་དུས་རབས་ལུས་རྩལ་རིག་གནས་ཚད་ཡོད་ཀུང་ཟི་ཡིCEOལིའུ་ཡོན་སོགས་ཐེངས་འདིའི་ཁྱབ་བསྒྲགས་ཚོགས་འདུར་ཞུགས།
      ཐེངས་འདིའི་འགྲན་བསྡུར་ནི་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་ཡི་རླངས་འཁོར་དང་འཕྲུལ་རྟའི་ལུས་རྩལ་དོ་དམ་ལྟེ་གནས་དང་། མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ་དང་མཚོ་ལྷོ་ཁུལ་བཅས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་ཤིང་། ཀྲུང་གོ་རླངས་འཁོར་དང་འཕྲུལ་རྟའི་ལུས་རྩལ་མཉམ་འབྲེལ་ལྷན་ཚོགས། གུང་ཧོ་རྫོང་མི་དམངས་སྲིད་གཞུང་། མཚོ་ལྷོ་ཁུལ་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཁང་། པེ་ཅིན་འགྲན་རྩོད་དུས་རབས་ལུས་རྩལ་རིག་གནས་ཚད་ཡོད་ཀུང་ཟི། པེ་ཅིན་འབྲིང་རིམ་རླངས་འཁོར་དང་འཕྲུལ་རྟའི་ལུས་རྩལ་གོང་སྤེལ་ཀུང་ཟིའི་འགན་སྒྲུབ་བྱས་པ་དང་། ཅང་སུའུ་སུའུ་མེ་ཏ་ནུས་ཁུངས་མ་རྐང་ཚད་ཡོད་ཀུང་ཟིས་རོགས་སྒྲུབ་བྱས་པའི་རྒྱལ་ཁབ་རིམ་པའི་ཆེད་ལས་འགྲན་བསྡུར་ཞིག་རེད།
     ཐེངས་འདིའི་འགྲན་བསྡུར་གྱི་ལམ་ཐིག་ཁེབས་ཚད་ནི་མཚོ་སྔོན་པོའི་ལྕམ་སྲིང་ཚལ་རྔའི་མཚོའི་མཛེས་ལྗོངས་ས་ཁུལ་དང་བཏུལ་ཐང་གོང་མ་དང་བར་མའི་མངའ་ཁོངས་རེད། འགྲན་བསྡུར་གྱི་ལམ་ངོས་ནི་བྱེ་ཐང་དང་མཐོ་སྒང་གི་ས་བབ་ཡིན་པ་དང་། འགྲན་བསྡུར་གྱི་ལམ་ཐག་གི་སའི་མཐོ་ཚད་ལ་ཆ་སྙོམས་མཚོ་ངོས་ལས་རྨིད3000ཡན་ཡོད་པ་རེད། ཀྲུང་གོའི་རླངས་འཁོར་དང་འཕྲུལ་རྟའི་འགྲན་བསྡུར་འདི་ནི་འགྲན་བསྡུར་གྱི་ལོ་རྒྱུས་ཁྲོད་ཆ་སྙོམས་མཚོ་ངོས་ལས་མཐོ་ཚད་ཆེས་མཐོ་བའི་ཡན་ལག་ས་ཚིགས་ཤིག་ཡིན་ལ། འགྲན་བསྡུར་ལམ་གྱི་ཞིབ་བཤེར་བྱ་བ་དུས་ཡུན་ཐུང་ངུའི་ནང་མགོ་བརྩམ་རྒྱུ་ཡིན་པ་དང། བྱེ་བྲག་གི་ལམ་ཐིག་དང་འགྲན་བསྡུར་གྱི་ལམ་ཐག་སོགས་ཀྱི་གནས་ཚུལ་འགྲན་བསྡུར་བྱ་བའི་མཛུབ་སྟོན་ཁྲོད་ཁྱབ་བསྒྲགས་བྱེད་རྒྱུ་རེད། སྔོན་དཔག་ལྟར་ན་རྒྱལ་ཡོངས་ས་གནས་སོ་སོའི་རླངས་འཁོར་འགྲན་བསྡུར་པ200ལྷག་འགྲན་བསྡུར་ལ་ཞུགས་རྒྱུ་རེད།
      དེ་ལས་གཞན། ཀྲུང་གོའི་མཚོ་སྔོན་པོའི་མཐོ་སྒང་རླངས་འཁོར་ལྗོངས་ཕྱིའི་འགྲན་གནས་དེ་ནི་རྒྱལ་སྤྱིའི་ཚད་གཞི་ལྟར་ཞིག་གསོ་དང་ཟས་རིགས། ངལ་གསོ། སྤྲོ་གསེང་བཅས་གཞི་གཅིག་ཏུ་འབྲེལ་བ་ཞིག་ཡིན་ལ། འགྲན་བསྡུར་ལ་ཞུགས་པའི་ཆེད་ལས་རླངས་འཁོར་འགྲན་ཞུགས་པར་ས་གནས་དེ་གའི་མི་རིགས་རིག་གནས་ཉམས་ལེན་བྱེད་པར་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་ཡོད་པར་མ་ཟད། ཁོར་ཡུག་སྲུང་སྐྱོབ་བརྗོད་བྱ་ཡིན་པའི་སྤྱི་ཕན་བྱ་འགུལ་ཡང་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་བྱ་བ་གཙོ་བོའི་གྲས་ཤིག་ཡིན་པ་རེད།
      འགྲན་བསྡུར་འདི་ཟླ8པའི་ཚེས25ཉིན་ནས་མགོ་བརྩམ་རྒྱུ་དང་ཟླ8པའི་ཚེས30ཉིན་མཇུག་བསྡུ་རྒྱུ་རེད། ཀྲུང་གོའི་མཚོ་སྔོན་པོའི་མཐོ་སྒང་རླངས་འཁོར་ལྗོངས་ཕྱིའི་འགྲན་བསྡུར་གྱི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་མཇུག་སྒྲིལ་རྗེས། རླངས་འཁོར་རུ་ཁག་གི་འགྲན་བསྡུར་མིང་ཐོ་འགོད་པའི་བྱ་བ་དངོས་སུ་མགོ་བརྩམ་རྒྱུ་ཡིན་པ་དང་དེ་དང་མཉམ་དུ་འགྲན་བསྡུར་ལམ་ཐིག་གི་ཞིབ་བཤེར་བྱ་བ་དང་དང་ལེན་པ་བསྡུ་ལེན་བྱེད་པའི་བྱ་འགུལ་ཡང་དུས་མཉམ་དུ་མགོ་རྩོམ་རྒྱུ་རེད།


འབྲེལ་ཡོད་འོས་སྦྱོར།