logo

བྲག་དཀར་རྫོང་མི་རིགས་སློབ་འབྲིང་དང་པོས“གཡང་ནོར”རྟགས་མའི་རྐང་རྩེད་སྤོ་ལོ་འགྲན་སྡུར་སྤེལ་བ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2016-03-28 ཀློག་གྲངས།:


རྐང་རྩེད་སྤོ་ལོ་མགོ་རྩོམ་པའི་ཞབས་བྲོ་འཁྲབ་སྟོན།


བྲག་དཀར་རྫོང་མི་རིགས་སློབ་འབྲིང་དང་པོས“གཡང་ནོར”རྟགས་མའི་རྐང་རྩེད་སྤོ་ལོ་འགྲན་སྡུར་སྤེལ་བ།


རྐང་རྩེད་སྤོ་ལོ་རྒྱག་བཞིན་པ།

བྲག་དཀར་རྫོང་མི་རིགས་སློབ་འབྲིང་དང་པོས“གཡང་ནོར”རྟགས་མའི་རྐང་རྩེད་སྤོ་ལོ་འགྲན་སྡུར་སྤེལ་བ།
རྐང་རྩེད་སྤོ་ལོ་རྒྱག་བཞིན་པ།


ཡུལ་དངོས་ཀྱི་ཟུར་ཞིག

     སྤྱི་ཟླ3པའི་ཚེས23ཉིན་གྱི་ཕྱི་དྲོར། བྲག་དཀར་རྫོང་མི་རིགས་སློབ་འབྲིང་དང་པོའི་འབྲེལ་ཡོད་འགོ་ཁྲིད་ཀྱི་རྒྱབ་སྐྱོར་དང་ཏང་ཀྲུའུ་པུའུ་ཡི་མཛུབ་སྟོན་འོག  སློབ་གྲྭའི་ཐོན་ཨུས་རྩ་འཛུགས་བྱས་ཏེ“གཡང་ནོར”རྟགས་མའི་མི་བདུན་ལུགས་ཀྱི་རྐང་རྩེད་སྤོ་ལོ་འགྲན་སྡུར་སྐབས་དང་པོ་དེ་སློབ་གྲྭའི་ལུས་རྩལ་ར་བ་ནས་སྤེལ།
     ཐེངས་འདིའི་འགྲན་སྡུར་ལ་ལོ་རིམ་གཉིས་པ་ནས་ལོ་རིམ་བརྒྱད་པའི་བར་གྱི་འཛིན་གྲྭ31ཕོ་མོ་རུ་ཁག་གཉིས་སུ་བགར་ནས་ཞུགས་ཡོད་ལ། དེར་ལོ་རིམ་ལྟར་འགྲན་སྡུར་སྤེལ་བ་བརྒྱུད་ནས་སློབ་མའི་རྐང་རྩེད་སྤོ་ལོའི་ཆུ་ཚད་མཐོར་འདེགས་དང་བདེ་ཐང་ལ་ཤུགས་སྣོན། ཕན་ཚུན་ལ་སློབ་སྦྱོང་དང་མཐུན་སྒྲིལ་ཡར་ཐོན་ཡོང་བའི་སློབ་རའི་རྐང་རྩེད་སྤོ་ལོའི་རིག་གནས་ཀྱི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་པ་རེད།


འབྲེལ་ཡོད་འོས་སྦྱོར།