logo

བོད་རིགས་ལུས་རྩལ་པ་ཆུང་ཆུང་དབྱིན་ཇིར་སྦྱོང་བརྡར་དུ་འགྲོ་བའི་གོ་སྐབས་རག་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-12-16 ཀློག་གྲངས།:

བོད་རིགས་རྐང་གྲུག་ལུས་རྩལ་པ་ཆུང་ཆུང
བོད་རིགས་རྐང་གྲུག་ལུས་རྩལ་པ་ཆུང་ཆུང་པདྨ་འཕྲིན་ལས།


བོད་རིགས་རྐང་གྲུག་ལུས་རྩལ་པ་ཆུང་ཆུང་གིས་རྐང་གྲུག་རྩེད་བཞིན་པ།

     མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ཨ་མྱེས་རྨ་ཆེན་རུ་ཁག་གི་རུ་གཙོ་པདྨ་འཕྲིན་ལས་ཀྱིས་བཤད་རྒྱུར། ང་ཚོར་ཐེངས་འདིའི་འགྲན་བསྡུར་དུ་ཨང་དྲུག་པ་ལས་ཐོབ་མེད་ནའང་། ཀྲུང་གོའི་རྐང་གྲུག་མཐུན་ཚོགས་ཀྱི་རྩེ་གྲའི་མཉམ་འབྲེལ་འགྲན་བསྡུར“མ་འོངས་སྐར་བུམ”གྱི་ཕུལ་བྱུང་ལུས་རྩལ་པ28ཀྱི་གྲས་སུ་ཚུད་ཅིང་། 2016ལོའི་ཟླ8པར་དབྱིན་ཀི་ལན་དུ་དུས་ཡུན་གཟའ་འཁོར་གཉིས་ཀྱི་གཅིག་བསྡུས་སྦྱོང་བརྡར་ལ་ཞུགས་དགོས་པ་ཡིན།
     2015ལོའི་ཁྲང་ཨན་ཧྥུ་ཐུ་ཀྲུང་གོའི་རྐང་གྲུག་མཐུན་ཚོགས་རྩེ་གྲའི་མཉམ་འབྲེལ་འགྲན་བསྡུར“མ་འོངས་སྐར་བུམ”ཞེས་པའི་ན་གཞོན་རྐང་གྲུག་ལེགས་འདེམ་འགྲན་བསྡུར་དེ་སྤྱི་ཟླ12པའི་ཚེས12ཉིན་ནས་ཚེས13ཉིན་བར་ཀོང་ཀྲིག་ཏུ་བསྡུས་ཤིང་། དུས་ཡུན་གཉིས་ཀྱི་རྟིང་རྩོད་འགྲན་བསྡུར་ཁྲོད་པེ་ཅིང་དང་། སུའུ་ཀྲིག  ཁྲང་ཁྲུན། ཀོང་ཀྲིག  ཧང་ཀྲིག  ཧྲང་ཧེ། ཅི་ནན། ནན་ཅིན་བཅས་ས་ཁུལ7དུ་ལེགས་འདེམ་བྱས་པའི་རུ་ཁག་དང་། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ན་གཞོན་རྐང་གྲུག་རུ་ཁག་བཅས་ཀྱིས་ཨང་དང་པོ་རྩོད་ཅིང་། འགྲན་བསྡུར་ལ་སློབ་ཆུང་རུ་ཁག་དང་དམའ་འབྲིང་རུ་ཁག་གི་ཨང་དང་པོ་དང་གཉིས་པ། གསུམ་པ་བཅས་ཡོད་པ་མ་ཟད། ཆེད་ལས་དཔྱད་ཞིབ་རུ་ཁག་གིས་ཕུལ་བྱུང་ལུས་རྩལ་པ28བདམས་ལ། དེ་མིན་མཉམ་འབྲེལ་དྲ་བས་བདམས་ཐོན་བྱུང་བའི་ལུས་རྩལ་པ་ཆུང་ཆུང2བསྣན་ཏེ་མི30ལས་གྲུབ་པའི་ཁྲང་ཨན་ཧྥུ་ཐུ་མ་འོངས་སྐར་བུམ་རུ་ཁག་ནི2016ལོའི་ཁྲང་ཨན་ཧྥུ་ཐུ་རྒྱལ་ཕྱིའི་ན་གཞོན་རྐང་གྲུག་གཅིག་བསྡུས་སྦྱོང་བརྡར་བྱ་འགུལ་དུ་ཞུགས་རྒྱུ་རེད།


འབྲེལ་ཡོད་འོས་སྦྱོར།