བོད་ལྗོངས་ཀྱི་སྲོལ་རྒྱུན་ལུས་རྩལ་ཡར་ཀླུང་གཙང་བོའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་དུས་ཆེན་དུ་སྤེལ།
རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2015-09-29
ཀློག་གྲངས།:
མདའ་འཕེན་པ།
གླང་ཆེན་ས་གཤག
རྡོ་འགྱོགས།
སྤྱི་ཟླ9བའི་ཚེས26ནས་ཚེས30བར། ཡར་ཀླུང་གཙང་བོའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་དུས་ཆེན་དེ་བོད་ལྗོངས་ཉིང་ཁྲི་ས་ཁུལ་དུ་སྤེལ་ཞིང་། སྐབས་འདིའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་དུས་ཆེན་དུ་མི་ཡུལ་གྱི་དག་ཞིང་དང་མཚར་སྡུག་ཉིང་ཁྲི་ཞེས་པ་བརྗོད་བྱར་བཟུང་སྟེ་སྲོལ་རྒྱུན་མི་རིགས་ལུས་རྩལ་རྣམ་གྲངས་འགྲན་བསྡུར་དང་། གླུ་གར་འཁྲབ་སྟོན། བཟའ་བཏུང་མྱོང་རོལ། ཚོང་འབྲེལ་འགྲེམ་འཚོང་། བོད་ཀྱི་གསོ་རིག་གླེང་སྟེགས་སོགས་བྱ་འགུལ་རབས་དང་རིམ་པའི་ཁྲོད། སྲོལ་རྒྱུན་ལུས་རྩལ་རྣམ་གྲངས་འགྲན་བསྡུར་ལ་རྡོ་འགྱོགས་དང་། ཀོང་པོའི་མདའ་རྩེད། གླང་ཆེན་ས་གཤག་སོགས་མང་ཚོགས་ཀྱིས་ཆེས་དགའ་བསུ་བྱེད་པའི་བྱ་འགུལ་འདུས།
འབྲེལ་ཡོད་འོས་སྦྱོར།