འབའ་རྫོང་གིས་རྐང་གྲུག་འགྲན་བསྡུར་སྐབས་དྲུག་པ་བསྡུས་པ།
རྐང་གྲུག་འགྲན་བསྡུར་བྱེད་པ།
འབའ་རྫོང་གིས་རྐང་གྲུག་འགྲན་བསྡུར་སྐབས་དྲུག་པ་བསྡུས་པ།
ཉེ་སྔོན། དམངས་ཡོངས་ཀྱི་ལུས་རྩལ་བྱ་འགུལ་འབྲས་ཡོད་ཀྱིས་གོང་འཕེལ་གཏོང་བ་དང་གོམ་གང་མདུན་སྤོས་ཀྱིས་དམངས་ཀྱི་ལུས་རྩལ་སྤུས་ཚད་མཐོར་འདེགས་སུ་གཏོང་བ། འབའ་རྫོང་གི་ཞིང་འབྲོག་མི་དམངས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བར། འབའ་རྫོང་རིག་གནས་ལས་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡིས་གཙོ་སྒྲུབ་དང་རྫོང་རྐང་རྩལ་སྤོ་ལོ་མཐུན་ཚོགས་ཀྱིས་རོགས་སྒྲུབ་པའི་རྐང་གྲུག་འགྲན་བསྡུར་སྐབས་དྲུག་པ་རྫོང་མི་རིགས་སློབ་འབྲིང་ནས་གཟབ་རྒྱས་ངང་བསྡུས། འགྲན་བསྡུར་ལ་བསྡོམས་པས་ཞིང་འབྲོག་མི་དམངས་ཁྲོད་རྩ་འཛུགས་བྱས་པའི་རྩ་འཛུགས་རུ་ཁག13ཡོད་པ་དང་། ཐེངས་འདིའི་འགྲན་བསྡུར་རེས་མེའི་ངང་འགྲན་བསྡུར་བྱས་པ་བརྒྱུད་ནས་རྟིང་རྩོད་འགྲན་བསྡུར་དགར་བ་དང་། ཟླ8པའི་ཚེས7ཉིན་ཡོངས་སུ་མཇུག་རྫོགས།
འགྲན་བསྡུར་ཁྲོད་འགྲན་ཞུགས་མི་སྣ་རྣམས་ཀྱིས་མཛའ་བརྩེ་དང་པོ་དང་འགྲན་ བསྡུར་གཉིས་པ་ཡིན་པའི་དགོངས་དོན་ལྟར་ནུས་ཤུགས་གང་ཡོད་དང་ཆོད་སེམས་བརྟན་པས་འགྲན་བསྡུར་བྱས་ཏེ་རུ་ཁག་སོ་སོའི་རང་ཉིད་ཀྱི་ནུས་ཤུགས་ངོམས་པར་བྱས། འགྲན་ཞུགས་མི་སྣས་ཕན་ཚུན་ལ་འགྲན་བསྡུར་བྱས་པ་མ་ཟད། བསམ་བློ་བརྗེ་རེས་དང་རྐང་གྲུག་ལ་སྔར་ལས་སྤྲོ་བ་རྒྱས་པ་དང་གོམ་གང་མདུན་སྤོས་སྒོས་མི་སྒེར་གྱི་སྣ་འཛོམས་སྤུས་ཚད་མཐོར་འདེགས་སུ་བཏང་བར་མ་ཟད། འབའ་རྫོང་གི་རྒྱ་ཆེ་བའི་ན་གཞོན་རྣམས་ཀྱི་ཧུར་བརྩོན་རང་བཞིན་དང་བསམ་བློའི་སྙིང་སྟོབས་དར་སྤེལ་གྱི་ཕྱོགས་ནས་རྣམ་པ་བཟང་བོ་མངོན།