མཚོ་སྐོར་ལྕགས་རྟ་འགྲན་བསྡུར་གྱི་འགྲན་རིམ་དང་པོར་སི་ལོ་ཝུན་ཉིའི་འགྲན་ཞུགས་པས་ཨང་དང་པོ་བླངས།
2015ལོའི་རྒྱལ་སྤྱིའི་མཚོ་སྐོར་ལྕགས་རྟ་འགྲན་བསྡུར་བྱེད་པ།
2015ལོའི་རྒྱལ་སྤྱིའི་མཚོ་སྐོར་ལྕགས་རྟ་འགྲན་བསྡུར་གྱི་འགྲན་རིམ་དང་པོ་རུ་སི་ལོ་ཝུན་ཉིའི་འགྲན་ཞུགས་པས་ཨང་དང་པོ་བླངས།
2015ལོའི་རྒྱལ་སྤྱིའི་མཚོ་སྐོར་ལྕགས་རྟ་འགྲན་བསྡུར་གྱི་འགྲན་རིམ་དང་པོ་དེ་སྤྱི་ཟླ7པའི་ཚེས5ཉིན་གནའ་མཁར་ཟི་ལིང་ལ་བསྐོར་བ་ཐེངས་ཤིག་རྒྱག་པ་ཡིན་ལ། འགྲན་བསྡུར་རུ་ཁག22ཡི་འགྲན་ཞུགས་པ150ཡིས་ཆུ་ཚོད2ཀྱི་རིང་ཛ་དྲག་གིས་འགྲན་བསྡུར་བརྒྱུད་མཐར། སི་ལོ་ཝུན་ཉིའི་ཨེ་ཏི་ལེ་ཡ་མོར་རུ་ཁག་གི་མཱ་ཁི་ལེ་ཡ་ཁྱུང་ཞུང་གིས་ཆུ་ཚོད2དང་སྐར་མ29། སྐར་ཆ03ཡི་གྲུབ་འབྲས་ལས་འགྲན་རིམ་དང་པོའི་ཨང་དང་པོ་བླངས་པ་དང་། ཝུ་ཁི་ལན་གྱི་ཨ་མོར་ཝེ་ཐཱ་རུ་ཁག་གི་ཁཱ་ཝ་ཚི་དང་ཧོ་ལན་གྱི་ཕཱ་ཁི་ཧི་ཐར་རུ་ཁག་གི་ཀྲཱ་ནོ་ཏེ་གཉིས་ཀྱིས་སོ་སོས་ཨང་གཉིས་པ་དང་ཨང་གསུམ་པ་བླངས།
འགྲན་རིམ་དང་པོ་རུ་འགྲན་ཞུགས་པ་རྣམས་ཀྱིས་བསྡོམས་པས་བསྐོར་བ7བརྒྱབ་པ་དང་བསྐོར་བ་རེ་རེར་སྤྱི་ལེ17.32དང་ལམ་ཐག་ཡོངས་སུ་སྤྱི་ལེ121ཡོད། འགྲན་རིམ་འདིར་གདོང་རྒྱུག་བྱེད་གནས་གཉིས་ཡོད་དེ། སོ་སོ་ནི་བསྐོར་བ་གསུམ་པ་དང་བསྐོར་བ་ལྔ་བ་གཉིས་ཡིན།