logo

ཧོང་ཁོང་དང་འབྲུག་ཡུལ་འཛམ་གླིང་གཟེངས་བུམ་གྲ་སྒྲིག་འདེམས་སྒྲིག་འགྲན་སྡུར་སྤེལ་བ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:ཀྲུང་གོའི་བོད་ལྗོངས་དྲ་བ། དུས་ཚོད།:2015-06-15 ཀློག་གྲངས།:

ཧོང་ཁོང་དང་འབྲུག་ཡུལ་འཛམ་གླིང་གཟེངས་བུམ་གྲ་སྒྲིག་འདེམས་སྒྲིག་འགྲན་སྡུར་སྤེལ་བ།
འབྲུག་ཡུལ་གྱི་ན་གཞོན་གྱི་རྐང་གྲུག་རུ་ཁག

     སྤྱི་ཟླ6པའི་ཚེས11ཡི་པེ་ཅིང་དུས་ཚོད8:00དུ། ཧོང་ཁོང་དང་འབྲུག་ཡུལ་འཛམ་གླིང་གཟེངས་བུམ་གྲ་སྒྲིག་འདེམས་སྒྲིག་འགྲན་སྡུར་ཁྲོད7:0གིས་འབྲུག་ཡུལ་རུ་ཁག་ཕམ། དེ་དང་མཉམ་དུ་གསར་དར་གྱི་རུ་ཁག་འདི་དང་འབྲེལ་བའི་གླེང་གཞི་གང་མང་བྱུང་། དེ་རིང(ཕྱི་ཟླ6པའི་ཚེས14)སིན་ནཱ་ལུས་རྩལ་ལེ་ཚན་དུ། འབྲུག་གཞུང་རྐང་གྲུག་རུ་གཙོའི་ལོ་རེའི་རོགས་དངུལ6200RMBདང་རྒྱག་ཐེངས་རེའི་བྱ་དགའ་དངུལ 450RMB ནས་བརྩི་བཞིན་ཡོད་ཚུལ་དང་། རྐང་གྲུག་པ་མང་ཤོས་ལས་ཞོར་ཡིན་པའི་གསར་འགྱུར་བཀོད་འདུག
     གསར་ལམ་དུ་འབྲུག་ཡུལ་གཞུང་གི་རྐང་གྲུག་པ་ལས་མང་ཤོས་ལས་ཞོར་རྐང་གྲུག་པ་ཡིན་ལ། འབྲུག་ཡུལ་རིམ་མཚུངས་མཉམ་འབྲེལ་གྱི་སྤྲོ་སྐྱིད་ཁང་གི་རྐང་གྲུག་པའང་ལས་ཞོར་བ་ཏག་ཏག་ཡིན། འོན་ཀྱང་འབྲུག་ཡུལ་གཞུང་གི་རྐང་གྲུག་པ་དག་གིས་སྤྲོ་སྐྱིད་ཁང་ནས་རོགས་དངུལ་ལེན་པར་མ་ཟད་རྒྱལ་ཁབ་ཀྱིས་ཀྱང་རོགས་དངུལ་སྟེར་གྱིན་ཡོད། རོགས་དངུལ་འང་གཅིག་མཚུངས་མ་ཡིན་ཏེ། 2015ལོའི་ཡར་སྔོན་དུ་ང་ཚོར་གསལ་བའི་ཨང་རྟགས་བརྒྱད་པ་ཅན་གྱི་རུ་གཙོ་ཡིས་རྒྱལ་ཁབ་རུ་ཁག་དང་སྤྲོ་སྐྱིད་ཁང་ནས་ལོ་རེར་རོགས་དངུལ་དམངས་སྒོར6200ལེན་ཐུབ། 2015ལོར་རྐང་གྲུག་པ་འདི་དག་གི་རོགས་དངུལ་ཚད་ཆེན་པོས་མཐོར་འདེགས་བྱུང་ཡོད་དེ། སིང་གྷ་ལ་དང་འགྲན་སྡུར་ཐེངས་གཉིས་བྱེད་པའི་ཁྲོད་ནས་རྐང་གྲུག་པ་ཚང་མར་ཆ་སྙོམས་ཐེངས་རེར་སྒོར450RMBདང་གཉིས་པོར་བསྡོམས་པས་སྒོར900RMBརེ་བབ་ཡོད་པ་དང་། འཛམ་གླིང་གཟེངས་བུམ་གྲ་སྒྲིག་འདེམས་སྒྲིག་འགྲན་སྡུར་ཁྲོད་རོགས་དངུལ་བྱ་དགའ་མཐོ་རུ་གཏང་རྒྱུ་ཡིན་སྐོར་ནས་བརྗོད་འདུག
     དེ་ལས་གཞན་གསར་ལམ་འདིར་མིག་སྔར་འབྲུག་ཡུལ་གཞུང་གི་རྐང་གྲུག་རུ་ཁག་རིགས་གསུམ་གྱིས་གྲུབ་ཡོད་དེ། གཅིག་ནི་གཞུང་གི་ལས་བྱེད་མི་སྣ་ཡིན་པར་མ་ཟད་རྒྱལ་ས་ཡུམ་བུ་ནས་ཡིན་པའི་འབྲུག་ཡུལ་གོང་མའི་མཁའ་འགྲུལ་ཀུང་སི་ཡི་གནམ་གྲུའི་ཁ་ལོ་བ་ཀརྨ་བཞིན་འདུས་ཚེ་རིང་ལྟ་བུའི་ཕོགས་ནི་དམངས་སྒོར1500ལྷག་རེད། རིགས་གཉིས་པ་ནི་གཞུང་གི་ལས་བྱེད་མ་ཡིན་པ་སྟེ།ཁེ་ལས་ཀྱི་ལས་མིའང་འདུ། འདི་དག་གི་ཕོགས་དམངས་སྒོར1200ལྷག་རེད། རིགས་གསུམ་པ་ནི་སློབ་ཆེན་པ་དང་སློབ་འབྲིང་སློབ་མ་རེད། ཡོང་སྒོ་ལོགས་སུ་མེད་པས་རྐང་གྲུག་བརྒྱབ་པ་ལས་ཐོབ་པའི་རོགས་དངུལ་ནི་ཁོ་ཚོའི་ཡོང་སྒོ་ཉག་གཅིག་ཡིན་སྐོར་དང་།
     ཀརྨ་མ་བཞིན་འདུས་ཚེ་རིང་ལས་གཞན་ལོ19ཅན་གྱི་གདོང་ལེན་པ་འཕྲིན་སྒྲོལ་རྒྱལ་མཚན་ནམ་མིང་གཞན་དུ"འབྲུག་ཡུལ་རའོ་ནར་དྷོ་ཆུང་བར"འབོད་པའི་ཨང་རྟགས་བདུན་པ་ནི་འབྲུག་ཡུལ་དུ་ཆེས་དགའ་བསུ་ཐོབ་པའི་རྐང་གྲུག་ལུས་རྩལ་པ་ཞིག་ཡིན་སྐད་འདུག་ལ། སྐབས་ཤིག་ལ་ཁོ་ཐེ་ལན་དི་ཨོའུ་ལིའུ་ནུབ་འབྲེལ་རུ་ཁག་ཏུ་ཟླ་གཅིག་རིང་ཚོད་སྦྱོང་བྱས་མྱོང་བ་དང་། ཁོའི་མཐའ་འདུལ་དང་གྲུག་ལེན་ནུས་པ་ཁྱད་དུ་འཕགས་ཚུལ་བཀོད་འདུག གཞན་ཡང་ད་ལོར་ལོ55ཡིན་པའི་ཉི་ཧོང་གི་རྩལ་འཁྲིད་གཙོ་བོ་ཀྲོའུ་སྒོམ་ཧྥན་ནན་ནི་ཉི་ཧོང་གྲུག་འབྲེལ་གྱིས་ཡ་གླིང་དུ་མངགས་པའི་སློབ་སྟོན་པ་དང་། ད་ལོའི་ཟླ་གསུམ་པར་འབྲུག་ཡུལ་ནས་ལས་འདི་དང་ལེན་རྗེས། ཟླ་དེར་རུ་ཁག་འདི་ཁྲིད་ནས་འཛམ་གླིང་གཟེངས་བུམ་གྲ་སྒྲིག་འདེམས་སྒྲིག་འགྲན་སྡུར་ཁྲོད་ཞུགས་ཐུབ་བྱུང་བ་རེད། འབྲུག་གཞུང་རྐང་གྲུག་པ་དག་གིས་ཁོའི་བཀོད་སྒྲིག་དང་ལེན་བྱས་པའང་འཛམ་གླིང་གཟེངས་བུམ་གྲ་སྒྲིག་འདེམས་སྒྲིག་འགྲན་སྡུར་ཁྲོད་ཞུགས་པར་འབྲེལ་བ་དམ་པོ་ཡོད་ཅེས་བྱུང་འདུག་ལ། དེ་ལས་གཞན་ཀྲོའུ་སྒོམ་ནས་རྐང་གྲུག་པ་སྒོ་སྲུང་གཙོར་བྱས་པའི་རྒན་པ་ཁ་ཤས་གཡུགས་ཏེ་གསོན་ཤུགས་ལྡན་པའི་རུ་ཁག་གསར་བ་ཞིག་བཙུགས་པའི་ཚུལ་བརྗོད་ཡོད།


འབྲེལ་ཡོད་འོས་སྦྱོར།