logo

བོད་རིགས་བུ་མོ་ཆོས་སྐྱིད་སྒྲོལ་མས་ཡ་གླིང་མཆོང་རྒྱུག་འགྲན་བསྡུར་ཁྲོད་ཨང་གཉིས་པ་བླངས་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-05-11 ཀློག་གྲངས།:

བོད་རིགས་བུ་མོ་ཆོས་སྐྱིད་སྒྲོལ་མས་ཡ་གླིང་གི་མཆོང་རྒྱུག་འགྲན་བསྡུར་ཁྲོད་ཡང་གཉིས་པ་བླངས།
བོད་རིགས་བུ་མོ་ཆོས་སྐྱིད་སྒྲོལ་མས་ཡ་གླིང་གི་མཆོང་རྒྱུག་འགྲན་བསྡུར་ཁྲོད་ཨང་གཉིས་པ་བླངས།

     མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། ཟླ5བའི་ཚེས9ཉིན་གྱི་ས་དེའི་ཆུ་ཚོད7:30སྟེང་། ཡ་གླིང་གི་ན་གཞོན་མཆོང་རྒྱུག་འགྲན་བསྡུར་སྐབས་དང་པོ་ཁཱ་ཐར་རྒྱལ་ཁབ་ཏུ་སྤེལ་ཞིང་། མཚོ་སྔོན་ཞིང་ཆེན་ལུས་རྩལ་སློབ་གྲྭའི་སློབ་མ་ཆོས་སྐྱིད་སྒྲོལ་མས་སྨི5000ཅན་གྱི་འདུར་རྒྱུག་འགྲན་བསྡུར་ཁྲོད24′05″ཡི་གྲུབ་འབྲས་ལས་ཨང་གཉིས་པ་བླངས།
     རྒྱུས་ལོན་པ་ལྟར་ན། ཆོས་སྐྱིད་སྒྲོལ་མ་ནི་མགོ་ལོག་ཁུལ་རྨ་ཆེན་རྫོང་རྟ་བོར་གྲོང་རྡལ་གྱི་བོད་རིགས་བུ་མོ་ཞིག་ཡིན་ཞིང་། 2012ལོའི་ཟླ9བར་མཚོ་སྔོན་ཞིང་ཆེན་ལུས་རྩལ་སློབ་གྲྭའི་འདུར་རྒྱུག་རུ་ཁག་ཏུ་ཞུགས། ལོ17ལ་བུད་པའི་ཁོ་མོས་ཐེངས་གང་མང་ལ་འགྲན་བསྡུར་སྣ་ཚོགས་སུ་གྲུབ་འབྲས་ལེགས་པོ་བླངས་ཏེ་འདུར་རྒྱུག་ཁྱབ་ཁོངས་སུ་ཚང་མའི་མིག་དཔེར་གྱུར།  2014ལོའི་ཟླ8པར། ལི་ཉིན་བུམ་པའི་མཆོང་རྒྱུག་རྣལ་ཤུགས་རྣམ་གྲངས་ཀྱི་མཐོ་སྒང་ས་ཁུལ་རྩོད་འགྲན་ཁྲོད་སྤྱི་ལེ5དང་སྤྱི་ལེ10བཅས་རྣམ་གྲངས་གཉིས་སུ་ཨང་དང་པོ་བླངས། 2014ལོའི་ཟླ9བར་ཅི་ལིན་ཁྲང་པེ་རི་བོར་སྤེལ་བའི་རྒྱལ་ཡོངས་འདུར་རྒྱུག་དམིགས་འགྲན་དུ་ཨང་གསུམ་པ་བླངས། 2014ལོའི་ཟླ10བའི་ཚེས10ཉིན། སུའུ་ཀྲིག་ཏུ་སྤེལ་བའི་ཐའེ་ཧུའུ་ལ་བསྐོར་བའི་ཡུལ་སྐོར་བུམ་པའི་རྒྱལ་སྤྱིའི་འདུར་རྒྱག་དང་བགྲོད་འགྲན་ཁྲོད་ཨང་དང་པོ་གསུམ་དང་ཨང་གཉིས་པ་གཅིག་བླངས། 2014ལོའི་ཟླ10བའི་ཚེས16ཉིན། 2014ལོའི་རྒྱལ་ཁབ་ཨོ་རྩལ་འགྲན་ཚོགས་ཀྱི་ཆུ་ཚད་མཐོ་བའི་རྗེས་གྲབས་མི་སྣའི་འདུར་རྒྱག་སྣ་གཅིག་རྟེན་གཞིའི་སྦྱོང་བརྡར་ཁྲོད་ལེགས་སོན་ཏུ་བདམས།


འབྲེལ་ཡོད་འོས་སྦྱོར།