logo

ཆོས་སྐྱིད་སྒྲོལ་མ་ཁ་ཐར་ཏེ་ཧའི་ཡ་གླིང་ན་གཞོན་མཆོང་རྒྱུག་འགྲན་སྡུར་ལ་ཞུགས་རྒྱུ་ཡིན་པ།

རྩོམ་པ་པོ།:མི་ཆུང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-04-30 ཀློག་གྲངས།:


མཚོ་སྔོན་ཞིང་ཆེན་གྱི་འདུར་རྒྱུག་ལུས་རྩལ་པ་ཆོས་སྐྱིད་སྒྲོལ་མ་ལགས།

      ལོ་ན17ལ་ཆགས་པའི་ཆོས་སྐྱིད་སྒྲོལ་མ་ལགས་ནི། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་རྟ་བོ་གྲོང་རྡལ་ནས་ཡིན་ཞིང་། 2013ལོའི་སྤྱི་ཟླ9བར་མཚོ་སྔོན་ཞིང་ཆེན་ལུས་རྩལ་ལས་རིགས་ལག་རྩལ་སློབ་གྲྭ་རུ་དགེ་རྒན་ཡུའུ་ཧུ་ཕིང་གི་འདུར་རྒྱུག་རུ་ཁག་ཏུ་ཞུགས། ཁོ་མོའི་ལྷན་སྐྱེས་ཀྱི་ནུས་རྩལ་དང་ཞུམ་མེད་ཀྱི་ལུས་རྩལ་སྦྱོང་བརྡར་ལ་བརྟེན་ནས་དུས་ཡུན་ཐུང་ངུའི་ནང་རུ་ཁག་ཡོངས་ལས་རྩེར་སོན་པས། ཞིང་ཆེན་ཕྱི་ནང་གི་འདུར་རྒྱུག་འགྲན་སྡུར་དུ་མའི་ཁྲོད་གྲུབ་འབྲས་བཟང་པོ་བླངས། ད་ལོའི་སྤྱི་ཟླ2པ་ནས་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་མཆོང་རྒྱུག་ལྟེ་གནས་ན་གཞོན་པུའུ་ནས་ཆེད་མངགས་ཀྱིས2015ལོའི་སྤྱི་ཟླ5བར་ཁ་ཐར་ཏེ་ཧ་ནས་བསྡུས་པའི་ཡ་གླིང་གི་ན་གཞོན་མཆོང་རྒྱུག་སྐྱེས་འབུལ་འགྲན་སྡུར་གྱི་འགྲན་ཞུགས་པར་བདམས།


མཚོ་སྔོན་ཞིང་ཆེན་གྱི་འདུར་རྒྱུག་ལུས་རྩལ་པ་ཆོས་སྐྱིད་སྒྲོལ་མ་ལགས།

      མིག་སྔར། ཆོས་སྐྱིད་སྒྲོལ་མ་ལགས་པེ་ཅིང་ཀྲུང་གོའི་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་སྦྱོང་བརྡར་རྟེན་གཞི་རུ། རྒྱལ་ཡོངས་ཀྱི་ཕྱོགས་ཡོང་འགྲན་ཞུགས་པ60ལྷག་དང་མཉམ་དུ་ཉིན་བཅོ་ལྔའི་རིང་ལ་སྦྱོང་བརྡར་བྱས་རྗེས། སྤྱི་ཟླ5བའི་ཚེས6ཉིན་ཀྲུང་གོའི་འཐུས་མིའི་ཚབ་བྱས་ཏེ་ཁ་ཐར་ཏེ་ཧའི་ཡ་གླིང་ན་གཞོན་མཆོང་རྒྱུག་སྐྱེས་འབུལ་འགྲན་སྡུར་ལ་ཞུགས་རྒྱུ་རེད།


འབྲེལ་ཡོད་འོས་སྦྱོར།