བོད་ལྗོངས་སུ་སྒོ་ཕྱིའི་ལུས་རྩལ་འགྲན་ཚོགས་སྐབས་དང་པོ་བསྡུས།
རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-10-10
ཀློག་གྲངས།:
ཟླ10བའི་ཚེས1ཉིན། བོད་ལྗོངས་ཀྱི་སྒོ་ཕྱིའི་ལུས་རྩལ་འགྲན་ཚོགས་སྐབས་དང་པོ་དང་བོད་ལྗོངས་རི་འཛེག་ཚོགས་ཆེན་སྐབས་བཅུ་གཉིས་པ་དེ་ལྷ་སའི་འདམ་གཞུང་རྫོང་ཡངས་པ་ཅན་གྲོང་རྡལ་གྱི་ཡངས་པ་ཅན་རི་འགོའི་སྦྱོང་བརྡར་གནས་གཞི་དང་མཐའ་འཁོར་རི་ཁུལ་དུ་སྤེལ་ཞིང་། དེར་ཁྱི་རྩེ་རི་བོའི་ཉེན་འཛེག་དང་། ཤོག་བུ་ལ་རི་བོའི་མང་ཚོགས་རང་བཞིན་གྱི་རྐང་བགྲོད་རི་འཛེག ཤོག་བུ་ལ་རི་བོའི་ལྕགས་རྟ་རི་ཕྱིའི་འགྲན་བསྡུར། ཡངས་པ་ཅན་སྒོ་ཕྱིའི་ལུས་རྩལ་རིག་གནས་དུས་ཆེན་སོགས་ལུས་རྩལ་རྣམ་གྲངས་དུ་མ་འདུས།
འབྲེལ་ཡོད་འོས་སྦྱོར།