logo

མཚོ་ལྷོ་ཁུལ་གསེར་ཆེན་རྫོང་གིས་གསེར་ཆེན་བུམ་པའི་དམངས་ཁྲོད་མདའ་འཕེན་འགྲན་བསྡུར་སྤེལ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-02-11 ཀློག་གྲངས།:

      ཟླ2པའི་ཚེས9ཉིན་གྱི་སྔ་དྲོ། གཟབ་འཕྱོར་སྤྲས་པའི་རྒན་དར་གཞོན་གསུམ་ཀུན་ཆབ་ཆ་གྲོང་རྡལ་གྱི་བདེ་སྐྱིད་ཐང་དུ་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་གི2014ལོའི་དཔྱིད་གསར་དུས་ཆེན་གྱི་གསེར་ཆེན་བུམ་པའི་དམངས་ཁྲོད་མདའ་འཕེན་འགྲན་བསྡུར་ལ་གཟིགས་མོར་ཕེབས།
      གསེར་ཆེན་ས་ཁུལ་གྱི་དམངས་ཁྲོད་སྲོལ་རྒྱུན་མདའ་འཕེན་འགྲན་བསྡུར་ལ་དུས་ཡུན་རིང་བའི་ལོ་རྒྱུས་ལྡན་ཞིང་། ས་གནས་འདིའི་བོད་རིགས་མང་ཚོགས་ཀྱིས་དུས་ཆེན་གྱི་སྐབས་སུ་མེད་དུ་མི་རུང་བའི་བྱ་འགུལ་ཞིག་ཏུ་ངེས། རྒྱ་ལོ་ཚེས་གསུམ་ཉིན་ནས་སྡེ་བ་དང་སྡེ་བའི་དབར་གྱི་མདའ་འཕེན་འགྲན་བསྡུར་དེ་ཚེས་བཅོ་ལྔའི་བར་རྒྱུན་མཐུད་དེ་སྤེལ་བ་ཡིན།

      རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་མདའ་འཕེན་འགྲན་བསྡུར་ལ་སྐྱེས་པའི་དེང་རབས་མདའ་བ་དང་སྐྱེས་མའི་དེང་རབས་མདའ་བ་སོགས་རྣམ་གྲངས་གསུམ་དུ་གྲུབ་ཅིང་། གསེར་ཆེན་རྫོང་གི་ཡུལ་ཚོ་དང་གྲོང་རྡལ་སོ་སོའི་ཚབ་བྱེད་རུ་ཁག66ལ་ཉེ་བ་དང་། རུ་མི1100འགྲན་བསྡུར་དུ་ཞུགས་ལ། གསེར་ཆེན་རྫོང་རྫོང་གཏོགས་ལས་ཁུངས་དང་སྡོད་ཁུལ་སོ་སོའི་ལས་སྒྲུབ་མི་སྣ་དང་ཡུལ་ཚོ་དང་གྲོང་རྡལ་སོ་སོས་གྲུབ་པའི་རུ་ཁག12དང་རུ་མི72ཀྱི་སྐྱེས་མའི་མདའ་འཕེན་རུ་ཁག་ཀྱང་ཚེས12ཉིན་ཐེངས་འདིའི་དམངས་ཁྲོད་སྲོལ་རྒྱུན་མདའ་འཕེན་འགྲན་བསྡུར་དུ་ཞུགས་པ་ཡིན། དེ་དང་ཆབས་ཅིག་རྒྱ་ཆེ་བའི་རོང་འབྲོག་མི་དམངས་ཀྱི་རང་འགུལ་རང་བཞིན་དང་ཟབ་ཞུགས་རང་བཞིན་ལ་སྐུལ་བར། མཚོ་སྔོན་གསེར་ཆེན་འཛུགས་སྐྲུན་ལས་གཞི་ཚད་ཡོད་ཀུང་ཟིས་ཐེངས་འདིའི་འགྲན་བསྡུར་ལ་རོགས་དངུལ་ཕུལ།

      ཐེངས་འདིའི་འགྲན་བསྡུར་ནི་གསེར་ཆེན་རྫོང་མདའ་འཕེན་འགྲན་བསྡུར་སྤེལ་བ་ནས་བཟུང་འགྲན་ཞུགས་རུ་ཁག་ཆེས་མང་བ་དང་འགྲན་ཞུགས་རུ་ཁག་གི་སྤྱི་ཡོངས་ཆུ་ཚད་ཆེས་མཐོ་བ། བྱ་དགའ་ཆེས་མཐོ་བའི་དམངས་ཁྲོད་སྲོལ་རྒྱུན་གྱི་མདའ་འཕེན་འགྲན་བསྡུར་ཞིག་ཡིན།


འབྲེལ་ཡོད་འོས་སྦྱོར།