ཤི་ལོག་སྒྲོལ་མས་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སུ་གསེར་གྱི་རྟགས་མ་ཐོག་མ་བླངས།
རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2013-09-10
ཀློག་གྲངས།:
ཤི་ལོག་སྒྲོལ་མས་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སུ་གསེར་གྱི་རྟགས་མ་
ཐོག་མ་བླངས།(པར་རིས་ཡོང་ཁུངས། ཞིན་ཧྭ་དྲ་བ)
ཟླ9བའི་ཚེས8ཉིན། སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་རྒྱལ་སྤྱིའི་རྣམ་པའི་འཇུ་རེས་རྣམ་གྲངས་ཀྱི་སྐྱེས་མའི་རང་དབང་འཇུ་རེས་སྤྱི་རྒྱ63རིམ་པའི་འགྲན་བསྡུར་ཁྲོད། བོད་ལྗོངས་ཀྱི་ལུས་རྩལ་འགྲན་ཞུགས་པ་ཤི་ལོག་སྒྲོལ་མས་ཧུའུ་ནན་གྱི་འགྲན་ཞུགས་པ་ཀྲིག་ཆེན་ལས་རྒྱལ་ཏེ། བོད་ལྗོངས་འཐུས་ཚབ་རུ་ཁག་ལ་སྐབས་འདིའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སུ་གསེར་གྱི་རྟགས་མ་ཐོབ་ཐུབ་པ་བྱུང་ཞིང་། དེ་ནི་རྟགས་མ་ཐོག་མའང་ཡིན་པ་རེད།
ཤི་ལོག་སྒྲོལ་མས་སྐྱེས་འཇུ་རྩལ་འགྲན་བཞིན་པ།(པར་རིས་ཡོང་ཁུངས། ཞིན་ཧྭ་དྲ་བ)
འབྲེལ་ཡོད་འོས་སྦྱོར།