༄༅།།སི་ཁྲོན་ལི་ཐང་དུ་རྟ་རྒྱུག་འགྲན་བསྡུར་གྱི་བྱེད་སྒོ་སྤེལ་བ།
རྩོམ་པ་པོ།:ཀླུ་འབུམ་ཚེ་རིང་།
ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ།
དུས་ཚོད།:2020-06-09
ཀློག་གྲངས།:
ཟླ6པའི་ཚེས5ཉིན།“ཀྲུང་གོའི་བོད་རིགས་ཀྱི་རྟ་རྒྱུག་རིག་གནས་ཀྱི་ཕ་ཡུལ·ལི་ཐང”ཞེས་པའི་ཟླ6པའི་རྟ་རྒྱུག་འགྲན་བསྡུར་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལི་ཐང་རྫོང་དུ་བསྡུས་པ་དང་། བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་ནས་ཡོང་བའི་རྟ་པ64ལམ་ཐག་ཧྲིལ་པོར་སྤྱི་ལེ32ཡོད་པའི་བྲག་དཀར་ལྷ་རི་བསྐོར་བའི་རི་ཁུལ་འགྲན་བསྡུར་ནང་ཞུགས་པ་རེད། ཟླ6པའི་རྟ་རྒྱུག་ནི2020ལོའི་དཀར་མཛེས་ཁུལ་གྱི་རི་ཁུལ་ཡུལ་སྐོར་དུས་ཆེན་གྱི་ལི་ཐང་ཚོགས་ར་གཙོ་བོའི་གྲ་སྒྲིག་འཁྲབ་སྟོན་ཞིག་ཡིན་པ་དང་། དེ་དང་ཆབས་ཅིག“བརྒྱད་གཅིག”རྟ་རྒྱུག་དུས་ཆེན་གྱི་གྲ་སྒྲིག་འཁྲབ་སྟོན་ཡག་ཤོས་དེ་ཡིན་པ་རེད།
ཐེངས་འདིའི་རྟ་རྒྱུག་འགྲན་བསྡུར་གྱིས་སྲོལ་རྒྱུན་གྱི་ལམ་ཐག་ཐུང་བའི་འགྲན་བསྡུར་གྱི་རྣམ་པ་ལས་བརྒལ་ནས། རི་ཁུལ་རྒྱུག་ལམ་གསར་བ་བཟོས་ཏེ་དངོས་སུ་རྟ་རྩལ་གྱི་ཉམས་ཚོད་ལེན་བླངས་ཡོད། བརྒྱད་གཅིག་རྟ་རྒྱུག་ར་བ་ནས་རྒྱུག་འགོ་བརྩམས་ཏེ། གཞུང་ལམ227ནས་བྲག་དཀར་གནས་རི་བསྐོར་རྗེས་སླར་ཡང་འགོ་འཛུགས་སའི་བར་ཡིན། འགྲན་ལམ་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ32ཡོད་པ་དང་། དེའི་ནང་། རྩྭ་ཐང་དང་། རི་ཁུལ། ན་འདམ་སོགས་ཀྱི་གནས་ཚུལ་ལ་འགྱུར་ལྡོག་ཆེན་པོ་ཡོད་པས་འགྲན་བསྡུར་པར་རི་ཁུལ་རྟ་རྒྱུག་གི་མཛེས་བར་རོལ་མྱོང་བྱེད་དུ་བཅུག་ཡོད།
ཆུ་ཚོད་གཅིག་ཙམ་ཀྱང་མ་འགོར་བར་འགྲན་རྩོད་བྱས་མཐར། ཡུན་ནན་ཞིང་ཆེན་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ནས་ཐོན་པའི་རྟ་མཆོག་གྲགས་ཅན“རྟ་དམར་ཆུང་བར”ཨང་དང་པོ་ཐོབ་པས་སྒོར་ཁྲི་གཉིས་ཀྱི་བྱ་དགའ་ཆེན་པོ་ཐོབ་པ་དང་། ལི་ཐང་དང་ཉག་ཆུ་ནས་ཐོན་པའི་འགྲན་ཞུགས་པར་ཨང་གཉིས་པ་ནས་བཅུ་པའི་བར་གྱི་བྱ་དགའ་ཐོབ།
ན་ནིང་ནས་བཟུང་ལི་ཐང་རྫོང་གིས་ཕྱི་རོལ་གྱི་ལུས་རྩལ་རྣམ་གྲངས་གསར་དུ་བསྣན་ཏེ།“ལུས་རྩལ+ཡུལ་སྐོར”གྱི་འཕེལ་རྒྱས་འཐབ་ཇུས་སྔར་བས་གཏིང་ཟབ་ཏུ་བཏང་ནས་ཟླ5པ་ནས་ཟླ10པའི་བར་རྟ་རྒྱུག་འགྲན་བསྡུར་གྱི་བྱེད་སྒོ་ཐེངས་རེ་སྤེལ་བ་བརྒྱུད། རྟ་རྩལ་ལུས་རྩལ་ཁྱབ་གདལ་དང་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་བ་དང་། སླར་ཡང་འཛམ་གླིང་སྐྱེ་བོ་ཀུན་གྱི་ཡིད་དབང་བཀུག་ནས་ལི་ཐང་གི་སྐད་གྲགས་སྔར་བས་ཆེ་རུ་བཏང་བ་ཡོད་པ་རེད།
“ལི་ཐང་རྟ་རྒྱུག་ལུས་རྩལ་དེ་རྒྱུན་རྣམ་ཅན་དང་ཆུ་ཚད་མཐོ་བའི་འགྲན་བསྡུར་ཞིག་ཏུ་འགྱུར་བར་བརྩོན་ལེན་བྱ་ཆེད། ལི་ཐང་རྫོང་གིས་མི་ཆོས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཡོང་བར་སྐུལ་ཁྲིད་བྱ་རྒྱུ་ཡིན། ཞེས་ལི་ཐང་རྫོང་སློབ་གསོ་དང་ལུས་རྩལ་ཅུའུ་ཡི་འབྲེལ་ཡོད་འགན་འཁུར་པས་བཤད།

འབྲེལ་ཡོད་འོས་སྦྱོར།