logo

༄༅།།སྐབས་བདུན་པའི་མཚོ་སྐོར་གློག་སྒུལ་རླངས་འཁོར་འགྲན་སློང་འགྲན་བསྡུར་ཁ་སང་དངོས་སུ་རླངས་འཁོར་གཏོང་འགོ་ཚུགས་པ།

རྩོམ་པ་པོ།:འབུམ་པ་རྒྱལ་གྱིས་བསྒྱུར།  ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ། དུས་ཚོད།:2020-07-24 ཀློག་གྲངས།:
འགྲན་ཞུགས་རླངས་འཁོར་འགྲེམས་སྟོན་བྱེད་པ།​​​​​​​སྤྱི་ཟླ7པའི་ཚེས23ཉིན། སྐབས་ཉེར་གཅིག་པའི་ཀྲུང་གོ·མཚོ་སྔོན་ལྗང་མདོག་འཕེལ་རྒྱས་མ་འཇོག་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོགས་འདུ་འགོ་ཚུགས་པ་དང་བསྟུན་ནས་མཚོ་སྔོན་པོ་སྐོར་བའི་གློག་སྒུལ་རླངས་འཁོར་འགྲན་སློང་འགྲན་བསྡུར་སྐབས་བདུན་པ་ཟི་ལིང་ཧའེ་ཧུའུ་ཁུལ་གསར་དུ་དངོས་སུ་རླངས་འཁོར་གཏོང་འགོ་ཚུགས་པ་རེད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའམ་ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ལྷན་ཀྲུང་དབྱང་གི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲེང་ཅན་པང་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ནམ་ཞིང་ཆེན་ཏང་ཨུའི་དྲུང་ཡིག་ཆེན་མོ་ཡུས་ཚུང་ལེ། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་མཱ་ཀྲི་ཝེ་དང་མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཞའོ་ཡུང་། དེ་སྔའི་བཟོ་འཕྲིན་པུའི་པུའུ་ཀྲང་གཞོན་པ་ལིའུ་ལི་ཧྭ་བཅས་རླངས་འཁོར་གཏོང་བའི་མཛད་སྒོར་ཞུགས་པ་དང་འབྲེལ་འགྲན་ཞུགས་རླངས་འཁོར་གཏོང་མཁན་ལ་གཟིགས་པ་རེད།
ཐེངས་འདིའི་འགྲན་བསྡུར་ཟླ7ཚེས23ཉིན་ནས་ཚེས26ཉིན་བར་ཟི་ལིང་དང་མཚོ་སྔོན་པོའི་མཐའ་འཁོར་དུ་གཉེར་རྒྱུ་ཡིན་པ་རེད། རླངས་འཁོར་གཏོང་བའི་མཛད་སྒོའི་རིང་གོམ་སྟབས་གཅིག་མཚུངས་ངང་འགྲན་བསྡུར་གྱི་ཞིབ་དཔྱད་ཚད་ལེན་བྱ་རྒྱུ་དང་། ཟི་ལིང་ནན་ཁྲོན་བཟོ་ལས་གླིང་དུ་གནས་པའི་མེ་ཡུས་ཟམ་ཆེན་གྱིས་ཆེད་ལས་དཔྱད་ཞིབ་ཚད་ལེན་རྣམ་གྲངས14ཡི་ཁྲོད་ཀྱི་སྒྲ་མེད་དང་། མྱུར་གཏོང་། བཀག་གཏོང་། ཁ་ལོ་སྒྱུར་བ།(ཕུར་བསྐོར་ཚོད་ལྟ) ཆུ་དང་འབྲེལ་བའི་རྣམ་གྲངས་ལྔ་ལ་ཡུལ་དངོས་སུ་ཞིབ་དཔྱད་ཚད་ལེན་བྱ་རྒྱུ་ཡིན་པ་རེད། ཟླ7ཚེས24ནས25ཉིན་བར་དུས་ཡུན་ཉིན2དང་ལམ་ཐག་སྤྱི་ལེ1015ཙམ་ཡོད་པའི་མཚོ་སྐོར་ཚད་ལེན་ཚོད་ལྟ་དང་དཔྱད་བསྡུར་གཏན་འབེབས་འགྲན་བསྡུར་བྱ་རྒྱུ་ཡིན་པ་དང་། ཚད་ལེན་ཚོད་ལྟ་གཙོ་བོར་བསྟུད་མར་བྱེད་པ་དང་། གྱེན་དུ་འཛེག་པ། མྱུར་དུ་རྒྱོང་བ། གློག་གྲོན་ཆུང་སོགས་ཀྱི་ནུས་པ་འདུས་ཡོད་པ་རེད།
གཤིས་ནུས་དཔྱད་འཇལ་འགྲན་བསྡུར།
ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་འགྲན་བསྡུར་གྱིས“Eསྔོན་འགྲོ·རྒྱང་སྐྱོད་ལམ་བུ་གསར་པ”བརྗོད་དོན་གཙོ་བོར་བྱས་ནས་ཕྱོགས་ཡོངས་ནས་ཞིབ་དཔྱད་ཚད་ལེན་ལམ་སྲོལ་རིམ་སྤོར་བྱས་པ་དང་། འགྲན་འཁོར་ཡོངས་ཀྱི་དཔུང་ཤུགས་སྒོ་འབྱེད་ཚད་ཐོན་ཚོགས་ཆུང་ཐོན་ཡུལ་གྱི་མྱུར་ཚད་འགྲན་བསྡུར་ཐེངས་དང་པོ་བྱས་པ་མ་ཟད་བྱ་དགའ་དཔྱད་འདེམས་ཀྱང་བྱས་པ་རེད། ཀྲུང་གོའི་གློག་སྒུལ་རླངས་འཁོར་ཕྱོགས་བསྡུས་རང་བཞིན་གྱི་ནུས་པ་འགྲེམ་སྟོན་སྟེགས་བུ་འཐུས་ཚང་དུ་གཏོང་བ་དང་ཆབས་ཅིག་འགྲན་བསྡུར་ལ་ཕྱི་རྒྱལ་གྱི་མ་དངུལ་སྤུས་རྟགས་ཀྱི་ཁས་ལེན་ཐོབ་པ་དང་། ཧྥུང་ཐེན་ཀྲུང་གོ་དཔྱད་འདེམས་འགྲན་བསྡུར་ནང་ཐོག་མར་ཞུགས་པ་དང་རླངས་འཁོར་ཆེ་གྲས་ཁག་གི་ཁེ་ལས་ཀྱིས་འགྲན་བསྡུར་དྲག་པོ་བྱེད་པ་རེད། གཞན་ཡང་གྲགས་ཅན་མི་སྣས“སྤྱི་ཕན་གཟུགས་བརྙན་ཕོ་ཉའི”གོ་མིང་གི་སྣེ་ཁྲིད་དེ་གླེང་གཞི་ཚ་ཤོས་མང་དུ་བཏང་བ་དང་། ལུས་རྩལ་གྱི་ཨང་དང་པོ་ཐོབ་མཁན་གྱིས“སྤྱི་ཕན་ཁྱབ་གདལ་ཕོ་ཉ”འཁུར་ནས་འགྲན་བསྡུར་ལ་རྩལ་འགྲན་གྱི་སྙིང་སྟོབས་དེ་བས་མང་བ་བསྣན་ཡོད་པ་རེད།
ཆུ་དང་འབྲེལ་བའི་རྣམ་གྲངས་འགྲན་བསྡུར།
འབྲེལ་ཡོད་འོས་སྦྱོར།