༄༅།།འབའ་རྫོང་གི་སྐབས་གཉིས་པའི''རྫོང་རུ་བུམ་པ་རྟགས་མའི”ཞིང་ཆེན་ཡོངས་ཀྱི་མི་རིགས་སྲོལ་རྒྱུན་མདའ་རྩེད་གདན་ཞུ་འགྲན་བསྡུར་སྤེལ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་ལྷོ་བོད་ཡིག་སྨྱན་གསར།
དུས་ཚོད།:2020-09-23
ཀློག་གྲངས།:



ཐེངས་འདིའི་འགྲན་བསྡུར་ཁྲོད་ཀོས་ནན་རྫོང་རླུང་རྟ་ན་གཞོན་མདའ་འཕེན་རུ་ཁག་ལ་ཨང་དང་པོ་དང་། ཐུན་ཏེ་རྫོང་འབའ་ལུང་ཤང་ཁ་སྒང་རུ་ཁག་གསུམ་པར་ཨང་གཉིས་པ། ཐུན་ཏེ་རྫོང་རྒྱལ་པོ་གོ་ཆེན་མདའ་འཕེན་རུ་ཁག་ལ་ཨང་གསུམ་པ། ཐུན་ཏེ་རྫོང་འབའ་ཡུལ་གསེར་གཞོང་མདའ་འཕེན་རུ་ཁག་ལ་ཨང་བཞི་བ་བཅས་ཐོབ་ཡོད། བྱ་དགའ་ཨང་དང་པོར་སྒོར20000.00 ཨང་གཉིས་པར་སྒོར15000.00 ཨང་གསུམ་པར་སྒོར10000.00 ཨང་བཞི་བར་སྒོར6000.00བཅས་གནང་བ་རེད།


ད་རག་བར་ཐུན་ཏེ་རྫོང་རྒྱལ་པོ་གོ་ཆེན་མདའ་འཕེན་རུ་ཁག་ཞིང་ཆེན་ནང་ཁུལ་གྱི་མདའ་རྩལ་འགྲན་བསྡུར་གང་རུང་ལ་ཞུགས་མྱོང་བར་མ་ཟད། ཁོ་ཚོས་གྲུབ་འབྲས་ཀྱང་མི་དམན་པ་བླངས་ཡོད།
ཐེངས་འདིའི་འགྲན་བསྡུར་གྱི་ཤན་འབྱེད་པ་དང་ལས་བཟོ་བ་སོགས་ཀྱང་རྒྱལ་པོ་གོ་ཆེན་མདའ་འཕེན་རུ་ཁག་གིས་ཚབ་ཞུགས་བྱས་ཏེ་བདེ་བླག་ངང་མཇུག་སྒྲིལ་བ་དང་ཁོ་ཚོས་ཐུན་ཏེ་རྫོང་གི་སྤྱི་ཚོགས་འཆམ་མཐུན་དང་མི་རིགས་མཐུན་སྒྲིལ། དཔལ་འབྱོར་འཕེལ་རྒྱས། དེ་མིན། བོད་ཀྱི་སྲོལ་རྒྱུན་མདའ་རྩལ་རིག་གནས་འདི་ཉིད་གོང་ནས་གོང་དུ་སྤེལ་བར་སྔར་ལས་ལྷག་པའི་སྒོ་ནས་ནུས་པ་བཏོན་དང་འདོན་བཞིན་ཡོད་པ་རེད།
འབྲེལ་ཡོད་འོས་སྦྱོར།