༄༅།།2020ལོའི་མཚོ་ལྷོ་ཁུལ་ཞིང་འབྲོག་པའི་ལུས་རྩལ་འགྲན་ཚོགས་དེ་ཚལ་རྔ་འགག་ཏུ་སྤེལ།
རྩོམ་པ་པོ།:ངེད་དྲ་བ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2020-09-23
ཀློག་གྲངས།:
སྤྱི་ཟླ9བའི་ཚེས22ཉིན། མཚོ་ལྷོ་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་དང་ཁུལ་ཞིང་ཕྱུགས་ཅུའུ། ཁུལ་ལུས་རྩལ་སྤྱི་ཁྱབ་ལྷན་ཚོགས་ཀྱིས་གཙོ་སྒྲུབ་གནང་བའི2020ལོའི་མཚོ་ལྷོ་ཁུལ་གྱི་ཞིང་འབྲོག་པའི་ལོ་ལེགས་དུས་ཆེན་དང་ལུས་རྩལ་འགྲན་ཚོགས་དེ་ཚལ་རྔ་མཚེའུ་ཡི་འགྲམ་དུ་སྤེལ་ཞིང་། ཐེངས་འདིའི་ལུས་རྩལ་འགྲན་ཚོགས་ནི་དུས་ཡུན་ཉིན་གསུམ་ཡིན་ལ། ཁུལ་ཡོངས་ཀྱི་རྫོང་ལྔའི་ཞིང་འབྲོག་པ200ལ་ཉེ་བ་ཐེངས་འདིའི་ལུས་རྩལ་འགྲན་ཚོགས་ལ་ཞུགས།
ཐེངས་འདིའི་ལུས་རྩལ་འགྲན་ཚོགས་ལ་མི་སྒེར་གྱི་རྣམ་གྲངས་དང་ཚོགས་པའི་རྣམ་གྲངས། འགྱིག བོད་ཀྱི་བཙིར་འགྱིག གླང་ཆེན་ས་གཤགས། འཁོར་ལོ་སྨི100ལ་སྐོར་བ། སྨི100ལ་འབྲུ་རིགས་འཁུར་བ། མི་ལྔ་ཅན་གྱི་མི་རིགས་མདའ་འཕེན། སྨི60ཡི་ཐན་འགོག་ཆུ་འཐེན་ལྗང་སྲུང་། མི12ཅན་གྱི་ཐག་འཐེན་འགྲན་བསྡུར་བཅས་ཡོད།
ཐེངས་འདིའི་ཞིང་འབྲོག་པའི་ལུས་རྩལ་འགྲན་ཚོགས་ཀྱི་དམིགས་ཡུལ་ནི་སྔར་ལས་ལྷག་པར་སྤྱི་ཚོགས་ཡོངས་ཀྱིས་ལུས་རྩལ་ལ་དོ་ཁུར་བྱེད་པའི་རྣམ་པ་ལེགས་པོ་ཞིག་གཏོད་པ་དང་། རྒྱ་ཆེ་བའི་ཞིང་འབྲོག་མང་ཚོགས་ཀྱི་ལུས་རྩལ་རིག་གནས་ཀྱི་བསམ་པའི་འཚོ་བར་སྐུལ་འདེད་གཏོང་བ། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་ལོ་ལེགས་དུས་ཆེན་དུ་ལུས་རྩལ་བྱེད་སྒོའི་སྤྲོ་སྣང་རོལ་མྱོང་བྱེད་ཐུབ་པའི་ཆེད་དུ་ཡིན།
འགོ་ཚུགས་མཛད་སྒོའི་སྟེང་། ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུའི་ཅུའུ་ཀྲང་རིན་བྷེས་ཤིས་ཚིག་གསུངས་པ་དང་ཤན་འབྱེད་པ་དང་ལུས་རྩལ་པའི་འཐུས་མིས་དམ་བཅའ་བཞག་པ་རེད།

འབྲེལ་ཡོད་འོས་སྦྱོར།