༄༅།།2020ལོའི་མཚོ་སྔོན(པདྨའི)མི་རིགས་སྲོལ་རྒྱུན་ཕུལ་བྱུང་མདའ་རྩལ་གདན་ཞུའི་འགྲན་སྡུར་སྐབས་དྲུག་པ་མགོ་ལོག་པདྨ་རྫོང་དུ་བསྡུས།
རྩོམ་པ་པོ།:དབང་རྒྱལ་ཚེ་རིང་། དཔལ་འཛོམས།
ཡོང་ཁུངས།:གངས་ལྗོངས་མེ་ལོང་དྲ་བའི་འཕྲིན།
དུས་ཚོད།:2020-09-28
ཀློག་གྲངས།:
2020ལོའི་མཚོ་སྔོན(པདྨའི)མི་རིགས་སྲོལ་རྒྱུན་ཕུལ་བྱུང་མདའ་རྩལ་གདན་ཞུའི་འགྲན་སྡུར་སྐབས་དྲུག་པ་མགོ་ལོག་པདྨ་རྫོང་དུ་བསྡུས།
སྤྱི་ཟླ9པའི་ཚེས25ཉིན། མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་དང་མགོ་ལོག་ཁུལ་མི་དམངས་སྲིད་གཞུང་། མཚོ་སྔོན་ཞིང་ཆེན་ལུས་རྩལ་སྤྱི་ཁྱབ་ལྷན་ཚོགས་བཅས་ཀྱིས་གཙོ་སྒྲུབ་གནང་ཞིང་། ཀྲུང་གུང་པདྨ་རྫོང་ཨུ་དང་པདྨ་རྫོང་མི་དམངས་སྲིད་གཞུང་། མཚོ་སྔོན་ཞིང་ཆེན་མདའ་འཕེན་ལུས་རྩལ་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་འགན་སྒྲུབ་གནང་པའི2020ལོའི་མཚོ་སྔོན(པདྨའི)མི་རིགས་སྲོལ་རྒྱུན་ཕུལ་བྱུང་མདའ་རྩལ་གདན་ཞུའི་འགྲན་སྡུར་སྐབས་དྲུག་པ་དེ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པདྨ་རྫོང་དུ་བསྡུས།
རྟ་ཐོག་རུ་ཁག
སྤྱིར་བོད་ཀྱི་མདའ་གཞུའི་ལོ་རྒྱུས་དང་མདའ་བཤད་སོགས་ནི་གླིང་སྒྲུང་དང་འབྲེལ་བ་ཆེས་ཆེར་མངའ་ཞིང་། མགོ་ལོག་ནི་ཀྲུང་གོའི་གེ་སར་རིག་གནས་ཀྱི་ཕ་ས་ཡིན་པ་དང་། པདྨ་ནི་མགོ་ལོག་ཁག་གསུམ་གྱི་ཕ་ཡུལ་ཡིན། གནའ་སྔ་མོ་ནས་མདའ་འཕེན་གྱི་ལོ་རྒྱུས་རྒྱུན་རིང་ཞིང་སྲོལ་རྒྱུན་གྱི་མདའ་འཕེན་རིག་གནས་སྔོག་འདོན་དང་དར་སྤེལ་བྱས་ཏེ་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་མདོག་གསུམ་པདྨའི་སྣང་བརྙན་བཞེངས་སྐྲུན་བྱས་ཏེ། རྫོང་ཡོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ལ་ནུས་པ་གལ་ཆེན་ཐོན་ཡོད།
གླིང་གི་དགྱེས་སྟོན་ཞེས་པའི་རིག་རྩལ་འཁྲབ་སྟོན་བྱེད་བཞིན་པ།
སྒེག་ལྡན་བུ་མོའི་མཛེས་ཉམས།
ཁྱད་པར་དུ་ཐེངས་འདིའི་སྲོལ་རྒྱུན་མདའ་རྩལ་གདན་ཞུའི་འགྲན་སྡུར་འདིས་རིག་གནས་ཀྱི་མཚོན་རྟགས་རྒྱ་བསྐྱེད་གཏོང་བ་དང་དམངས་ཡོངས་ཀྱི་ལུས་ཕུང་བདེ་ཐང་གི་འཕེལ་རྒྱས་ལ་ཤུགས་བསྣན་ནས། སྔར་ལས་ལྷག་པའི་སྒོ་ནས་པདྨའི་རིག་གནས་གནས་སྐོར་གྱི་ཤན་ཤུགས་མཐོར་འདེགས་སུ་གཏོང་བ་དང་པདྨའི་མཚན་སྙན་རྒྱ་བསྐྱེད་པ། ས་གནས་ཀྱི་ཐོན་ཁུངས་ལེགས་པར་སྤྱོད་པ། ལུས་རྩལ་ཐོན་ལས་དང་རིག་གནས་གནས་སྐོར་སོགས་མཉམ་འདྲེས་འཕེལ་རྒྱས་སུ་གཏོང་བའི་ཐད་སྣེ་ཁྲིད་ཀྱི་ནུས་པ་མི་དམན་པ་ཐོན་བཞིན་ཡོད།
སྒེག་ལྡན་བུ་མོའི་མཛེས་ཉམས།
བདེ་སྐྱིད་ཀྱི་ཕ་ཡུལ་ཞེས་པའི་རྡུང་ལེན་མཉམ་ལེན།
ཐེངས་འདིའི་འགྲན་སྡུར་སྟེང་ཞིང་ཆེན་ནང་ཁུལ་ནས་ཐོན་པའི་འགྲན་ཞུགས་རུ་ཁག36ལྷག་ཞུགས་ཡོད་ལ། འགྲན་སྡུར་འདི་ཉིད་དམངས་ཁྲོད་ཀྱི་མདའ་རྩལ་སྲོལ་ལུགས་ལྟར་སྤེལ་རྒྱུ་ཡིན་ཞིང་། བསྟུད་མར་ཉིན4ཡི་རིང་ལ་དྲང་བདེན་དང་དྲང་བཞག འདྲ་མཉམ་བཅས་ཀྱི་རྩ་དོན་གཞིར་བཟུང་ཏེ་སྐྱེས་པ་མི10ཅན་གྱི་དེང་རབས་གཞུ་འཁོར་ལོ་མའི་འགྲན་སྡུར་དང་སྐྱེས་པ་མི10ཅན་གྱི་ལྕགས་གཞུ་འགྲན་སྡུར། སྐྱེས་མ་མི5ཅན་གྱི་ལྕགས་གཞུ་འགྲན་སྡུར་བཅས་ཀྱི་རྣམ་གྲངས་དུ་མ་བརྒྱུད་མི་རིགས་རིག་གནས་རྒྱུད་འཛིན་དང་དར་སྤེལ། “མདོག་གསུམ་པདྨ། ཡུལ་འོང་བོད་ཡུལ”གྱི་མཛེས་སྡུག་གི་རྣམ་པ་གསར་བ་མངོན་པར་མཚོན་ཏེ། སྤྲོ་སེམས་དང་འཆམ་མཐུན། བདེ་འཇགས་བཅས་ཀྱིས་ལུས་རྩལ་ལས་དོན་འཕེལ་རྒྱས་ཐད་ཀྱི་འཚོལ་ཞིབ་དང་ཐབས་ལམ་གསར་པ་ཅིག་ཅར་མཚོན་ཡོད།
མདའ་རྩལ་འགྲན་སྡུར་དངོས་སུ་མགོ་བརྩམས་པ།
འབྲེལ་ཡོད་འོས་སྦྱོར།