༄༅།།ཆོས་དབྱིངས་སྐྱིད་ལ་ཏུང་ཅིན་ཨོ་རྩལ་འགྲན་ཚོགས་ཀྱི“ཞུགས་འཐུས་འཛིན་ཡིག”ཐོབ་འདུག
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:གངས་ལྗོངས་འཕྲིན་གསར
དུས་ཚོད།:2021-03-22
ཀློག་གྲངས།:
“དེ་རིང་ང་འཛམ་གླིང་གི་ཟིན་ཐོ་དམིགས་ནས་ཡོང་བ་ཡིན” ཟླ3པའི་ཚེས20ཉིན་འཛམ་གླིང་གཟེངས་རྟགས་འགྲན་སྡུར་གྱི་ཨང་དང་པོ་ལེན་མཁན་དབྱང་ཅ་ཡུས་ཀྱིས་ཆུ་ཚོད1དང་སྐར་མ23སྐར་ཆ49ཡི་ཐོག་ནས་བུད་མེད་ཀྱི་སྤྱི་ལེ20ཡི་འགྲོ་རྩལ་འགྲན་སྡུར་གྱི་འཛམ་གླིང་ཟིན་ཐོ་བཏོད་པ་རེད། ཨོ་རྩལ་འགྲན་ཚོགས་ཀྱི་ཨང་དང་པོ་ཐོབ་མཁན་ལིག་ཧུང་གིས་ཆུ་ཚོད1དང་སྐར་མ24སྐར་ཆ27གྱི་གྲུབ་འབྲས་ཐོག་ནས་རང་གིས་རྒྱུན་འཁྱོངས་བྱས་པའི་འཛམ་གླིང་གི་ཟིན་ཐོ་གསར་སྒྱུར་བྱས་ཏེ་ཨང་གཉིས་པ་བླངས། མཚོ་སྔོན་ནས་ཡིན་པའི་ཆོས་དབྱིངས་སྐྱིད་ཀྱང་མི་སྒེར་གྱི་གྲུབ་འབྲས་ཡག་ཤོས་ཏེ་ཆུ་ཚོད1དང་སྐར་མ24སྐར་ཆ45ཡི་ཐོག་ནས་ཨང་གསུམ་པ་བླངས་པ་རེད། མི་འདི་གསུམ་ལ་ཏུང་ཅིན་ཨོ་རྩལ་འགྲན་ཚོགས་ཀྱི“ཞུགས་འཐུས་འཛིན་ཡིག”ཐོབ་པ་རེད།
ཚེས20ཉིན་སྤེལ་བའི་ལྕགས་མི་རྟགས་མའི2021ལོའི་རྒྱལ་ཡོངས་ཀྱི་འགྲོ་རྩལ་གཟེངས་རྟགས་འགྲན་སྡུར་དང་ཨོ་རྩལ་འགྲན་ཚོགས་ཀྱི་འདེམས་སྒྲུག་འགྲན་སྡུར་ཐོག བུད་མེད་ཀྱི་སྤྱི་ལེ20ཡི་འགྲོ་རྩལ་འགྲན་སྡུར་དེ་འཛམ་གླིང་རིམ་པའི་ཆུ་ཚད་དུ་སླེབས་པ་དང་། ཨང་དང་པོ་དང་གཉིས་པ། གསུམ་པ་གསུམ་གྱིས་ཀྲུང་གོའི་རུ་ཁག་གི་ཚབ་བྱས་ནས་ཏུང་ཅིན་ཨོ་རྩལ་འགྲན་ཚོགས་ནང་ཞུགས་རྒྱུ་རེད། དབྱང་ཅ་ཡུས་ཀྱིས་སྔོན་མ་རྒྱུན་འཁྱོངས་ཐུབ་ཡོད་ལ། ལིག་ཧུང་དང་ཆོས་དབྱིངས་སྐྱིད། ལིའུ་ཞིག་སོགས་རྗེས་སུ་བསྟར་ཡོད། བར་ཐག་རིམ་བཞིན་ཆེ་རུ་ཕྱིན་པས་ཨང་དང་པོ་ནས་གསུམ་པས་འཛམ་གླིང་གི་ཟིན་ཐོ་བཏོད་རྒྱུ་ནི་ཡུལ་དངོས་ཀྱི་ལྟད་མོ་བ་ཚང་མའི་ཐུན་མོང་གི་རེ་སྒུག་ཏུ་གྱུར། མཐར་དབྱང་ཅ་ཡུས་དང་ལིག་ཧུང་གཉིས་པོས་འཛམ་གླིང་གི་ཟིན་ཐོ་བཏོད་ཅིང་། ཡར་སྔོན་གྱི་འཛམ་གླིང་གི་ཟིན་ཐོ་ནི་ལིག་ཧུང་གིས2015ལོར་བསྐྲུན་པའི་ཆུ་ཚོད1དང་སྐར་མ24སྐར་ཆ38ཡིན་པ་རེད།
དབྱང་ཅ་ཡུས་ཀྱིས་བཤད་རྒྱུར། དེ་རིང་རང་ཉིད་ལ་ཡིད་ཆེས་ཆེན་པོ་འདུག ངའི་ལྟོས་བཅས་ཀྱི་མྱུར་ཚད་སྡུག་པོ་མིན་པས། དབུགས་ཐག་རིང་ལ་གཟུགས་པོའི་བྱེད་ནུས་ཀྱང་ཆེ་རུ་འགྲོ། རང་ཉིད་ཀྱིས་ཏུང་ཅིན་ཨོ་རྩལ་འགྲན་ཚོགས་ཐོག་རྣམ་པ་འདི་རྒྱུན་འཁྱོངས་བྱས་ནས་གཟེངས་བསྟོད་རྟགས་མ་དང་གསེར་གྱི་རྟགས་མ་བརྩོན་ལེན་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཟེར། དབྱང་ཅ་ཡུས་ཀྱི་ངོས་ནས་བརྗོད་ན་ཀྲུང་གོའི་བུད་མེད་ཀྱི་སྤྱི་ལེ20ཡི་འགྲོ་རྩལ་འགྲན་སྡུར་གྱི་དངོས་ཤུགས་བརྟན་པོ་ཡོད་པས“བུད་མེད་ཀྱི་སྤྱི་ལེ20ཡི་འགྲོ་རྩལ་འགྲན་སྡུར་གྱི་གསེར་གྱི་རྟགས་མ་དེ་ཀྲུང་གོར་འཐོབ་པའི་ཡིད་ཆེས་ཆེན་པོ་གདའ།
དེ་རིང་གྲུབ་འབྲས་འདི་འདྲ་ལེན་ཐུབ་པ་ནི་བསམ་ཡུལ་ལས་འདས་པ་ཞིག་མ་རེད། ན་ནིང་ཚང་མས་ལོ་གཅིག་ལ་སྡུག་རུས་བྱས་ནས་དགུན་དུས་སྦྱོང་བརྡར་བྱས་ཡོད་པས། ནུས་པའི་ཐད་ནས་ཐོལ་བརྒལ་གསར་བ་འདི་ཅིས་ཀྱང་ཡོད་འོས། དེ་རིང་གི་ཨང་རིམ་འགོ་མ་ཚོས་རང་ཉིད་ཀྱི་གྲུབ་འབྲས་ཡག་ཤོས་བཏོད་དེ་ཀྲུང་གོའི་འགྲོ་རྩལ་འགྲན་སྡུར་རྒྱུན་ཆད་མེད་པར་མདུན་གྲལ་དུ་སླེབས་པ་གསལ་བཤད་བྱས་ཡོད་ཅེས་འཛམ་གླིང་གཟེངས་རྟགས་འགྲན་སྡུར་དང་ཨོ་རྩལ་འགྲན་ཚོགས་གཉིས་ཀའི་ཨང་དང་པོ་ཐོབ་མཁན་ལིག་ཧུང་གིས་འགྲན་སྡུར་ཚར་རྗེས་དེ་ལྟར་བཤད།
ལིས་ཡེ་ཨོ་རྩལ་འགྲན་ཚོགས་མཇུག་སྒྲིལ་རྗེས། ལིག་ཧུང་སྐབས་ཤིག་རིང་འགྲན་ར་དང་ཁ་གྱེས་ཏེ་ཨ་མ་བྱས་པ་རེད། བསྐྱར་དུ་ཐོན་རྗེས་ཁོ་མོའི་དམིགས་ཚད་ནི་རང་ཉིད་ལས་བརྒལ་རྒྱུ་དེ་རེད། སྟབས་ལེགས་པ་ཞིག་ལ་རང་ཉིད་ཀྱིས་ད་ལྟའི་བར་རྒྱུན་འཁྱོངས་ཐུབ་པ་དང་། དེ་རིང་ཡང་རང་ཉིད་མི་སྒེར་གྱི་གྲུབ་འབྲས་ཡག་ཤོས་བཏོད་ཐུབ་པ་བྱུང་། གོམ་པ་རེ་རེ་བཞིན་སྤོས་ནས་མཚམས་འདིར་ཐོན་པར་བློ་ཡིད་ཚིམ་ཡོད། ཏུང་ཅིན་ཨོ་རྩལ་འགྲན་ཚོགས་ཐོག་ང་ཚོར་ལོ་རྒྱུས་གསར་སྐྲུན་དང་འོད་སྟོང་འཕྲོ་བར་བྱ་རྒྱུའི་རེ་བ་ཡོད་ཅེས་བཤད། ལོ་དགུ་སོང་། ངས་ད་གཟོད་རང་ཉིད་མི་སྒེར་གྱི་ཟིན་ཐོ་བཏོད་ཐུབ་པ་བྱུང་། ཧ་ཅང་དགའ་པོ་འདུག་ཅེས་བཤད། ཆོས་དབྱིངས་སྐྱིད་ལ་ཡང་མི་སྒེར་གྱི་གྲུབ་འབྲས་བཟང་ཤོས་ཆུ་ཚོད1དང་སྐར་མ24སྐར་ཆ45ཡི་ཐོག་ནས་ཏུང་ཅིན་ཨོ་རྩལ་འགྲན་ཚོགས་ཀྱི“ཞུགས་འཐུས་དཔང་ཡིག”ཐོབ་ཡོད། ཁོ་མོའི་ངོས་ནས་བརྗོད་ན་གྲུབ་འབྲས་དེ་ནི་བསམ་ཡུལ་ལས་འདས་པ་ཞིག་ཡིན་ཞིང་། ཁོ་མོས་བཤད་རྒྱུར། ངས་དགུན་དུས་སྦྱོང་བརྡར་བྱེད་སྐབས་ཧ་ཅང་ནན་ཏན་བྱས་པ་ཡིན་པས་རང་ལ་ཡིད་ཆེས་ཆེན་པོ་འདུག ཏུང་ཅིན་ཨོ་རྩལ་འགྲན་ཚོགས་ནི་ངའི་མཐའ་མཇུག་གི་གོ་སྐབས་ཤིག་ཡིན་པས། ངས་ནུས་ཤུགས་ཡོད་རྒུ་འདོན་རྒྱུ་ཡིན་ཟེར།

འབྲེལ་ཡོད་འོས་སྦྱོར།