logo

གུང་ཧོ་རྫོང་གིས2023ལོའི་དཔྱིད་གསར་དུས་ཆེན་བསུ་བའི་མི་རིགས་མཐུན་སྒྲིལ་རྟགས་མའི་སྲོལ་རྒྱུན་མདའ་འཕེན་འགྲན་བསྡུར་མགོ་བརྩམས།

རྩོམ་པ་པོ།: ཡོང་ཁུངས།:མཚོ་ལྷོ་ཚགས་པར། དུས་ཚོད།:2023-02-03 ཀློག་གྲངས།:
       ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་གཏིང་ཟབ་བྱ་ཆེད། ཁུལ་བཙུགས་ནས་ལོ་འཁོར70ལོན་པར་དགའ་བ་འབུམ་གྱིས་བསུས་ཏེ་མི་རིགས་སྲོལ་རྒྱུན་རིག་གནས་སྔར་ལས་དལ་སྤེལ་དུ་བཏང་ལ། ལས་བྱེད་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་ནས་མི་རིགས་ལུས་རྩལ་ལས་དོན་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པ། སྤྱི་ཚོགས་ལུས་རྩལ་བྱེད་ནུས་འདོན་སྤེལ་བྱས་ཏེ་དམངས་ཡོངས་ཀྱི་མི་གཤིས་མཐོར་འདེགས་སུ་གཏོང་བ། ཁྱོན་ཡོངས་ནས་རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱིས་གྲོང་གསེབ་དར་སྤེལ་འཛུགས་སྐྲུན་ཁྲོད་གསར་གཏོད་དང་འབད་བརྩོན་བྱས་པའི་རྣམ་པ་དེ་མངོན་པར་བྱ་དགོས། ཟླ2པའི་ཚེས1ཉིན་གྱི་སྔ་དྲོར། གུང་ཧོ་རྫོང་གིས2023ལོའི་དཔྱིད་གསར་དུས་ཆེན་བསུ་བའི་མི་རིགས་མཐུན་སྒྲིལ་རྟགས་མའི་སྲོལ་རྒྱུན་མདའ་འཕེན་འགྲན་བསྡུར་དེ་གུང་ཧོ་རྫོང་གི་མདའ་འཕེན་ལུས་རྩལ་ར་བར་གཟབ་རྒྱས་ངང་འཚོགས།
       ཐེངས་འདིའི་སྲོལ་རྒྱུན་ལུས་རྩལ་མདའ་འཕེན་འགྲན་བསྡུར་ལ་གཞི་རིགས་གསུམ་གྱི་འགྲན་བསྡུར་རྣམ་གྲངས་ཡོད་ལ། དྲང་བདེན་དང་དྲང་བཞག སྤྱི་བསྒྲགས་བཅས་ཀྱི་རྩ་དོན་གཞིར་འཛིན་པ་དང་མཐུན་སྒྲིལ་དང་འཆམ་མཐུན། གསར་གཏོད་བཅས་དཀྱིལ་སྙིང་དུ་བཟུང་སྟེ། རྫོང་ཡོངས་ཀྱི་ཤང་གྲོང11རུ་ཁག56གི་མདའ་བ1120ཐེངས་འདིའི་འགྲན་བསྡུར་ལ་ཞུགས།
       ཐེངས་འདིའི་འགྲན་བསྡུར་བདེ་བླག་གིས་སྤེལ་བ་དེས་གུང་ཧོ་རྫོང་གི་སྲོལ་རྒྱུན་མདའ་འཕེན་ལུས་རྩལ་རྣམ་གྲངས་རྒྱུན་འཛིན་དང་འཕེལ་རྒྱས་སུ་བཏང་ལ། ལུས་རྩལ་རིག་གནས་ལ་སྙིང་སྟོབས་ཆེན་པོ་ཞིག་བསྩལ་ཏེ་སྲོལ་རྒྱུན་མདའ་འཕེན་ལུས་རྩལ་འགྲན་བསྡུར་དང་མི་གཞུང་བགྲོ་གླེང་ལ་སྟེགས་བུ་བསྐྲུན། ཛ་དྲག་གི་འགྲན་བསྡུར་ལས་མི་རིགས་རིག་གནས་ཀྱི་མཛེས་སྡུག་དེ་མངོན་ཡོང་བར་མ་ཟད། དམངས་ཡོངས་ཀྱི་ལུས་ཕུང་སྦྱོང་བརྡར་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཐུབ། དེ་ལས་གུང་ཧོའི་མཚར་སྡུག་གི་ལོ་རྒྱུས་རིག་གནས་ཀྱི་རྒྱབ་ལྗོངས་དང་གུང་ཧོའི་མི་དམངས་ཀྱི་མཐུན་སྒྲིལ། དཀའ་སྡུག་ལ་གཏོང་གཏད་ཐུབ་པའི་སྙིང་སྟོབས་དེ་མཚོན་ཐུབ། རྫོང་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ཀྱིས་མི་རིགས་ལུས་རྩལ་རིག་གནས་དར་སྤེལ་དུ་བཏང་ནས་མང་ཚོགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལ་རྒྱུན་མཐུད་དང་བདེ་ཐང་། འཆམ་མཐུན་འཕེལ་རྒྱས་བཅས་ཡོང་བར་སྐུལ་འདེད་བྱས་ཡོད།
འབྲེལ་ཡོད་འོས་སྦྱོར།