logo

ཚེ་བརྟན་གཡུ་སྒྲོན་སོགས་ཀྱིས་རྒྱལ་སྤྱིའི་འགྲན་སྡུར་འདིའི་ཐོག་ཨང་དང་པོ་བླངས་འདུག

རྩོམ་པ་པོ།: ཡོང་ཁུངས།:ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུ དུས་ཚོད།:2023-02-14 ཀློག་གྲངས།:
       ཀྲུང་གོ་རི་འཛེག་མཐུན་ཚོགས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན།ས་གནས་དེ་གའི་དུས་ཚོད་ཚོད་སྤྱི་ཚེས11ཉིན། 2022ལོ་ནས2023ལོའི་བར་གྱི་གངས་ཤུད་རི་འཛེག་གི་གཞོན་ནུའི་འཛམ་གླིང་བུམ་པའི་ཡན་ལག་ས་ཚིགས་ཀྱི་འགྲན་སྡུར་ཐོག་མ་དབྱི་ཐ་ལིའི་བྱང་རྒྱུད་ཀྱི་ཨར་པི་སི་རི་བོའི་ཁེ་ལེ་ཝ་ཁོར་གྱི་གངས་ཤུད་ར་བར་འགོ་ཚུགས་ཡོད། འགྲན་བསྡུར་གྱི་ཉིན་དང་པོར་ཀྲུང་གོའི་རུ་ཁག་ལ་གསེར་གྱི་རྟགས་མ་གཉིས་དང་། དངུལ་གྱི་རྟགས་མ་གཅིག ཟངས་ཀྱི་རྟགས་མ་གཅིག་བཅས་ཐོབ་ཡོད།
ཀྲུང་གོའི་ལུས་རྩལ་པ་ཚེ་བརྟན་གཡུ་སྒྲོན(གཡོན)གྱིས་འགྲན་སྡུར་བྱེད་བཞིན་པ།
       ཐེངས་འདིའི་འགྲན་བསྡུར་གྱི་དུས་ཚོད་ཉིན་གཉིས་ཡིན་ཞིང་། ཀྲུང་གོ་དང་། ཨན་ཏོར། ཨོ་སི་ཁྲུ་རི་ཡ། སུའེ་ཙེར། ཧྥ་རན་སི་སོགས་རྒྱལ་ཁབ་དང་ས་ཁུལ12ཀྱི་འཛམ་གླིང་རྩེར་སོན་ལུས་རྩལ་པ120འགྲན་བསྡུར་ནང་ཞུགས་ཡོད་ཅིང་།དེའི་ཁྲོད་ཀྲུང་གོའི་རུ་ཁག་གི་ལུས་རྩལ་པ12ཡོད།
       སྤྱི་ཚེས11ཉིན་གྱི་མི་སྒེར་གྱི་ཕྱི་རོལ་རྣམ་གྲངས་ཀྱི་འགྲན་སྡུར་ཁྲོདU18ཚོགས་ཆུང་ནང་ཚེ་བརྟན་གཡུ་སྒྲོན་གྱིས་བུ་མོའི་འགྲན་བསྡུར་གྱི་ཨང་དང་པོ་བླངས་པ་དང་། U16ཚོགས་ཆུང་ནང་ཀུན་བཟང་རྣམ་རྒྱལ་དང་། དངོས་གྲུབ་ཚེ་རིང་གཉིས་སོ་སོས་སྐྱེས་པའི་འགྲན་བསྡུར་གྱི་གསེར་གྱི་རྟགས་མ་དང་། དངུལ་གྱི་རྟགས་མ་བླངས་པ། ནམ་མཁའ་བུ་ཁྲིད་ཀྱིས་བུ་མོའི་འགྲན་བསྡུར་གྱི་ཨང་གཉིས་པ་བླངས་ཡོད་པ་རེད།
       ཚེ་བརྟན་གཡུ་སྒྲོན་གྱིས། རྒྱལ་སྤྱིའི་འགྲན་སྡུར་ནང་ཞུགས་ཐེངས་དང་པོ་ཡིན་པས། དངངས་འཚབ་སྐྱེས་ཀྱི་འདུག་ལ། དགའ་ཚོར་ཡང་ཆེན་པོ་འདུག ཨང་དང་པོ་ཐོབ་ཐེངས་ཐོག་མ་ཡིན། མེས་རྒྱལ་གྱིས་གསོ་སྐྱོང་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། མུ་མཐུད་སྦྱོང་བརྡར་ཧུར་ཐག་བྱས་ནས་རྒྱལ་ཁབ་ཀྱི་ཆེད་དུ་གཟི་བརྗིད་བརྩོན་ལེན་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད།
       གཞན་ཡངU20ཚོགས་ཆུང་ནང་བསོད་ནམས་ཆོས་སྒྲོན་ལ་བུ་མོའི་འགྲན་བསྡུར་གྱི་ཨང་བཞི་པ་དང་། གཡུ་སྒྲོན་ལྷ་མོ་ལ་ཨང་ལྔ་པ། ཡོས་ཧྲེན་མའེ་ལ་ཨང་བདུན་པ་བཅས་ཐོབ་ཡོད་པ་དང་། བུ་མོ་ཨ་ཉི་བུ་མོའིU16ཚོགས་ཆུང་ནང་ཨང་བཞི་པར་སླེབས་ཡོད།
ཀྲུང་གོའི་ལུས་རྩལ་པ་བསོད་ནམས་ཆོས་སྒྲོན(གཡོན)གྱིས་འགྲན་བསྡུར་བྱེད་བཞིན་པ།
       གངས་ཤུད་རི་འཛེག་ནི2026ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་གསར་སྣོན་རྣམ་གྲངས་ཤིག་ཡིན་པ་དང་ཀྲུང་གོ་རི་འཛེག་མཐུན་ཚོགས་ཀྱིས་ན་ནིང་རྣམ་གྲངས་དེའི་ལུས་རྩལ་པ་འདེམས་སྒྲུག་བྱེད་པའི་ལས་དོན་སྤེལ་འགོ་ཚུགས་པ་དང་འབྲེལ་རྒྱལ་ཡོངས་ནས་ལུས་རྩལ་པ་འདེམས་འགོ་ཚུགས་ཡོད། ནུས་ཤུགས་ཚད་ལེན་དང་།ཆེད་དོན་ནུས་ཤུགས་འདེམས་སྒྲུག གངས་ཐོག་རྩལ་ནུས་སྦྱོང་བརྡར། འདེམས་སྒྲུག་འགྲན་བསྡུར་བཅས་བྱས་པ་བརྒྱུད། ན་ནིང་སྤྱི་ཟླ11པར་ཀྲུང་གོའི་རུ་ཁག་ཡོ་རོབ་ཏུ་སྦྱོང་བརྡར་དང་འགྲན་བསྡུར་ནང་ཞུགས་འགོ་ཚུགས་ཡོད།
       སྤྱི་ཚེས12ཉིན་ཐད་རྒྱུགས་མྱུར་ཚད་འགྲན་སྡུར་བྱ་རྒྱུ་ཡིན་པ་དང་། ཀྲུང་གོའི་རུ་ཁག་ཀྱང་འགྲན་སྡུར་དེར་ཞུགས་རྒྱུ་ཡིན་པ་རེད།
འབྲེལ་ཡོད་འོས་སྦྱོར།