logo

མཚོ་སྐོར་ལྕགས་རྟའི་འགྲན་བསྡུར་ད་ལོའི་ཟླ་འདིའི་ནང་སྤེལ་འགོ་རྩོམ་རྒྱུ་རེད།

རྩོམ་པ་པོ།: ཡོང་ཁུངས།:ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུ དུས་ཚོད།:2023-04-06 ཀློག་གྲངས།:
       ཉེ་སྔོན། 2023ལོའི་སྐབས་ཉེར་གཉིས་པའི་མཚོ་སྔོན་པོ་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟའི་འགྲན་བསྡུར་གྱི་ལྡོག་རྩིས་དུས་ཚོད་ཉིན100ལ་སླེབས་པའི་འགོ་ཚུགས་མཛད་སྒོ་དེ་མཚོ་སྔོན་ཟི་ལིང་དུ་སྤེལ་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྐོར་རྒྱལ་སྤྱིའི་ལྕགས་རྟའི་འགྲན་བསྡུར་སྐབས་ཉེར་གཉིས་པ་དེ་སྤྱི་ཟླ7ཚེས8ཉིན་ཟི་ལིང་དུ་འགོ་ཚུགས་མཛད་སྒོ་འཚོག་རྒྱུ་དང་། སྤྱི་ཟླ7ཚེས9ཉིན་ནས་ཚེས16ཉིན་བར་འགྲན་མཚམས8ལ་དབྱེ་ནས་འགྲན་བསྡུར་བྱ་རྒྱུ་རེད། སྒྲིག་འཛུགས་ཨུ་ལྷན་གྱིས་འཛམ་གླིང་གི་རིམ་པ་མཐོ་བའི་རྐང་འཁོར་རུ་ཁག20ཡས་མས་གདན་འདྲེན་ཞུས་ནས་འགྲན་བསྡུར་ནང་ཞུགས་རྒྱུའི་འཆར་གཞི་བཟོས་ཡོད།
       ཐེངས་འདིའི་མཚོ་སྐོར་ལྕགས་རྟའི་འགྲན་བསྡུར་གྱི་ལམ་ཐིག་དེ་འགྲན་བསྡུར་གྱི་དཀའ་ཚད་ཆེ་བ་དང་ས་བབ་མཐོ་བའི་ཁྱད་ཆོས་ཀྱི་རྨང་གཞིའི་ཐོག ལྗང་མདོག་དང་། མི་ཆོས་རིག་གནས། ཞི་མཐུན། ཉམས་ལེན་བཅས་ཀྱི་འགྲན་བསྡུར་གྱི་བརྗོད་བྱ་གཙོ་བོ་དེ་འགྲན་བསྡུར་སྒྲིག་འཛུགས་དང་བརྒྱུད་སྤེལ་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱ་རྒྱུ་རེད། མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་ཝང་ཞ་ཡིས། ང་ཚོས་ཚད་གཞི་མཐོ་པོ་དང་བླང་བྱ་ནན་པོ་རྒྱུན་འཁྱོངས་ཀྱིས་མཐུན་སྦྱོར་མཉམ་འགུལ་བྱས་ཏེ། གྲ་སྒྲིག་ལས་དོན་ཁག་བདེ་བླག་ངང་སྤེལ་རྒྱུའི་འགན་ལེན་བྱ་རྒྱུ་ཡིན་ཞེས་བཤད།
འབྲེལ་ཡོད་འོས་སྦྱོར།