ཆོས་དབྱིངས་སྐྱིད་ཀྱིས་ཡང་བསྐྱར་དངུལ་གྱི་རྟགས་མ་ཞིག་བླངས།
རྩོམ་པ་པོ།:
ཡོང་ཁུངས།:ཉིན་རེའི་གངས་ལྗོངས།
དུས་ཚོད།:2023-05-08
ཀློག་གྲངས།:
བྱ་དགའི་རྟགས་མ་ལེན་བཞིན་པ།(གཡོན་ནས་གཡས་སུ་ཆོས་དབྱིངས་སྐྱིད་དང་དབྱང་ཅ་ཡུས་དང་དབྱང་ལིའུ་ཅིན།)
ཕོར་ཐི་ཀལ་གྱི་ས་གནས་དེ་གའི་དུས་ཚོད་ཀྱི་ཟླ5བའི་ཚེས6ཉིན། རྒྱལ་སྤྱིའི་མཆོང་རྒྱུག་འཕེན་གསུམ་གྱི་འདུར་རྒྱུག་འགྲན་སྡུར་གྱི་སྐོར་སྐྱོད་འགྲན་སྡུར་ཏེ་ལི་ཨོ་མཱ་ཡོ་ཨར་ས་ཚིགས་ཀྱི་འགྲན་སྡུར་ཁྲོད། མཚོ་སྔོན་ཞིང་ཆེན་ལུས་རྩལ་ལས་དོན་རུ་ཆེན་དང་པོའི་ལུས་རྩལ་པ་ཆོས་དབྱིངས་སྐྱིད་ཀྱིས་ཆུ་ཚོད1དང་སྐར་མ29དང་སྐར་ཆ11གི་གྲུབ་འབྲས་ཐོག་ནས་སྐྱེས་མའི་སྤྱི་ལེ20ཡི་འདུར་རྒྱུག་འགྲན་སྡུར་གྱི་ཨང2པ་བླངས་ཤིང་། ཨང་དང་པོ་དང་བར་ཐག་སྐར་ཆ1ལས་མེད་པ་རེད། དེ་ནི2023ལོར་རྒྱལ་སྤྱིའི་མཆོང་རྒྱུག་འཕེན་གསུམ་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཏན་འཁེལ་བྱས་པའི་འདུར་རྒྱུག་འགྲན་སྡུར་གྱི་གསེར་གྱི་རྟགས་མའི་འགྲན་སྡུར་གྱི་གྲས་ཤིག་ཡིན་ཞིང་། ཀྲུང་གོའི་རུ་ཁག་གི་མི7སྐྱེས་མའི་སྤྱི་ལེ20ཡི་འགྲན་སྡུར་ནང་ཞུགས་ཡོད་པ་རེད། མཐར་པེ་ཅིང་གི་དབྱང་ཅ་ཡུས་དང་མཚོ་སྔོན་གྱི་ཆོས་དབྱིངས་སྐྱིད། ཧྲའན་ཞི་ཡི་དབྱང་ལིའུ་ཅིན་བཅས་ཀྱིས་འགྲན་སྡུར་ཁྲོད་ཨང་དང་པོ་དང་གཉིས་པ། གསུམ་པ་བཅས་བླངས་ཡོད་པ་རེད།
རྒྱལ་ཁའི་འཛུམ་མདངས།
འགྲན་སྡུར་ཁྲོད་ཀྱི་ཆོས་དབྱིངས་སྐྱིད།
འབྲེལ་ཡོད་འོས་སྦྱོར།