ཁྲི་ཀ་རྫོང་དུ་རྒྱལ་ཡོངས་ཀྱི་འགྲན་བསྡུར་འདི་འདྲ་ཞིག་སྤེལ་གྱིན་འདུག
རྩོམ་པ་པོ།:
ཡོང་ཁུངས།:ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུ
དུས་ཚོད།:2023-05-18
ཀློག་གྲངས།:
ཟླ5ཚེས13ཉིན། 2023ལོའི་རྒྱལ་ཡོངས་གཞོན་ནུ་ལོ་ཆུང་གི་དྲག་རྩལ་ཐོར་རྒྱག་ལེགས་སྐྱེས་འགྲན་བསྡུར(གཞོན་ནུའི་ཚོ་ཆུང་དང་ན་ཆུང་ཚོ་ཆུང)དེ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་དུ་སྤེལ་འགོ་ཚུགས་པ་དང་། ད་ཐེངས་ཀྱི་འགྲན་བསྡུར་དུས་ཡུན་ནི་ཟླ5ཚེས13ནས་ཚེས22ཉིན་བར་ཏེ་ཉིན་བཅུ་ཡིན་པ་རེད།
ཤེས་རྟོགས་བྱུང་བ་ལྟར་ན། འགྲན་བསྡུར་ལ་བུད་མེད་ན་གཞོན་ཚོ་ཆུང་དང་། སྐྱེས་པ་ན་གཞོན་ཚོ་ཆུང་། བུད་མེད་ན་ཆུང་ཚོ་ཆུང་། སྐྱེས་པ་ན་ཆུང་ཚོ་ཆུང་བཅས་འགྲན་བསྡུར་ཚོ་ཆུང་བཞི་བཙུགས་ཡོད་ཅིང་། ཁག་གཉིས་སུ་བགོས་ནས་སྤེལ་ཡོད་པ་རེད། ཁག་དང་པོ་ནི་ཟླ5ཚེས10ཉིན་འབྱོར་ཐོ་བཀོད་པ་དང་། ཁག་གཉིས་པ་ཟླ5ཚེས15ཉིན་འབྱོར་ཐོ་བཀོད་པ་རེད། དེ་ཡང་ཡུན་ནན་དང་།བོད་ལྗོངས། ཧྲའན་ཞི། པེ་ཅིན། ཐེན་ཅིན་སོགས་རུ་ཁག42མཚོ་སྔོན་ཁྲི་ཀ་རྫོང་དུ་འཛོམས་ཏེ་རྒྱལ་ཡོངས་ཀྱི་གཞོན་ནུ་ལོ་ཆུང་གི་དྲག་རྩལ་ཐོར་རྒྱག་གི་མཚན་སྙན་མཐོ་ཤོས་རྩོད་བཞིན་ཡོད།
འགྲན་བསྡུར་གྱི་ཡུལ་དངོས་སུ་གཞོན་ནུ་ལོ་ཆུང་དྲག་རྩལ་པ་ཚོ་མཉམ་དུ་འཛོམས་ནས་ཨང་དང་པོར་མཐའ་མའི་གདོང་མཆོང་བྱས་པ་སྟེ། བདམས་ཐོན་པ་ཚོས་སྙིང་རུས་བསྐྱེད་ནས་ཕར་རྒོལ་བྱས་ཤིང་། བློ་རྩེ་གཅིག་ཏུ་བསྒྲིམས་ནས་ཁུ་ཚུར་ལ་གཞུ་རྩལ་འཛོམས་པ་དང་རྐང་རྩལ་ལ་བདེ་ལྕག་ལྡན་པའི་སྒོ་ནས་སོ་སོའི་རྩལ་ནུས་ཡོངས་སུ་མངོན་ཡོད་པས། ལྟད་མོ་བ་རྣམས་ཀྱི་ཡིད་དབང་ཅིག་ཅར་དུ་འཕྲོག་ཡོད།
ད་ཐེངས་ཀྱི་བྱེད་སྒོའི་དམིགས་ཡུལ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཤིང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་མཚོ་སྔོན་ཞིང་ཨུད་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་མཐའ་འཁྱོངས་དང་དམངས་ཡོངས་ལུས་སྦྱོང་ལ་ཞུགས་པའི་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ནས། མཚོ་སྔོན་ཞིང་ཆེན་གྱི་ལུས་རྩལ་ཐོན་ལས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་དང་། དྲག་རྩལ་ལུས་རྩལ་རྣམ་གྲངས་ཀྱི་སྣ་མང་ཅན་གྱི་ནུས་པ་དང་ཕྱོགས་བསྡུས་རིན་ཐང་མཐོར་འདེགས། མི་དམངས་མང་ཚོགས་དམངས་ཡོངས་ཀྱི་ལུས་སྦྱོང་ནང་ཧུར་ཐག་ཞུགས་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། སྤོབས་སེམས་ཆེན་པོ་དང་གཟུགས་པོ་ཐང་པོའི་སྒོ་ནས་འབྱོར་ཕྱུག་དང་ཤེས་དཔལ། ཞི་མཐུན་དང་མཛེས་སྡུག་ལྡན་པའི་མཚོ་སྔོན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ལེའུ་གསར་པ་རྩོམ་ཆེད་ལག་རྗེས་བཞག་ཡོད་པ་རེད།
འབྲེལ་ཡོད་འོས་སྦྱོར།