ཐུན་ཏེ་རྫོང་གི་དམངས་ཡོངས་འཇའ་རིས་འགྲན་རྒྱུགས་དངོས་སུ་འགོ་བརྩམས་པ།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་ལྷོ་བོད་ཡིག་ཚགས་པར།
དུས་ཚོད།:2023-06-06
ཀློག་གྲངས།:
ལང་ཚོའི་གཟི་དཔལ་ངོམས། མ་འོངས་བསྙེག་ནས་རྒྱུགས།
ཐུན་ཏེ་རྫོང་གི་དམངས་ཡོངས་འཇའ་རིས་འགྲན་རྒྱུགས་དངོས་སུ་འགོ་བརྩམས་པ།
མང་ཚོགས་ཀྱི་དམངས་ཡོངས་ལུས་རྩལ་སྦྱོང་བརྡར་ཀྱི་ཧུར་བརྩོན་རང་བཞིན་ལ་སྐུལ་ལྕག་དང་མཐོར་འདེགས་སུ་བཏང་སྟེ། རྒྱ་ཆེའི་མང་ཚོགས་རྣམས་གནོད་མེད་བདེ་ཐང་སྦྱོང་བརྡར་བཅས་ཀྱི་ལུས་སྦྱོང་གི་འདུ་ཤེས་དར་སྤེལ་བྱེད་པ། 2023ལོའི་མཚོ་སྔོན་ཐུན་ཏེ“རྫོང་རི་བུམ་པའི”མཐོ་སྒང་རི་ཐང་རྐང་རྒྱུགས་འགྲན་བསྡུར་ནང་ཞུགས་པར་ངར་ཤུགས་བསྩོལ་ཆེད། ཟླ6པའི་ཚེས5ཉིན་ཐུན་ཏེ་རྫོང་གི“ཞིང་ལས་ཚོང་དོན་བུམ་པའི”དམངས་ཡོངས་ཀྱི་འཇའ་རིས་རྐང་རྒྱུགས་བྱ་འགུལ་དངོས་སུ་འགོ་བརྩམས་པ་རེད།
ཤེས་རྟོགས་བྱུང་བ་ལྟར་ན། ཐེངས་འདིའི་བྱ་འགུལ་གྱིས་རྫོང་ཐད་གཏོགས་དང་རྫོང་ན་སྡོད་པའི་ལས་ཁུངས་སོ་སོ། ཤང་དང་གྲོང་བརྡལ་བཅས་ཀྱི་བློ་མཐུན300ལྷག་ཙམ་གྱིས་ཡིད་དབང་ཅིག་ཅར་དུ་འཕྲོགས་ནས་དེའི་ཁྲོད་ཞུགས་པ་དང་། དེའི་དམིགས་ཡུལ་གཙོ་བོ་ནི་འཇའ་རིས་རྐང་རྒྱུགས་ཀྱི་རྣམ་པ་བརྒྱུད་ནས་རྒྱ་ཆེའི་ན་གཞོན་གྲོགས་པོ་ཚོར་ཧུར་བརྩོན་དང་། བདེ་ཐང་། གསོན་ཤུགས་དང་ལྡན་པའི་ལུས་རྩལ་ཁྲོད་དུ་ལུས་བདེ་སེམས་སྐྱིད་ཡོང་བར་འབོད་སྐུལ་བྱས་ཤིང་། ཐེངས་འདིའི་འཇའ་རིས་རྐང་རྒྱུགས་ལ་ཨང་རིམ་གྱི་དབྱེ་བ་དང་མྱུར་འགྲོས་ཀྱི་འགྲན་རྩོད་མེད་པར་ལང་ཚོའི་གཟི་དཔལ་ངོམས་པ་འདི་ཡིས་ཐུན་ཏེའི་ན་གཞོན་ཚོས་གསོན་ཤུགས་དང་ངར་སེམས་ལས་འཕྲོས་པའི་ངོ་མཚར་ལྟད་མོ་ཞིག་མངོན་པར་མཚོན་ཡོད།
བྱ་འགུལ་མཇུག་སྒྲིལ་རྗེས། འཇའ་རིས་རྐང་རྒྱུགས་གི་འགྲན་ཞུགས་པ་ཚོས་དྲུག་ལྔའི་འཛམ་གླིང་ཁོར་ཡུག་ཉིན་མོ་སྟེ། “ཆུ་རྒྱུན་དྭངས། མ་ཡུམ་གཙང་པོ་བསྲུང”ཞེས་པའི་དང་བླངས་ཞབས་ཞུ་ཁྲོད་ཞུགས་ནས་རུ་དཔུང་ཆེ་གྲས་དང་མཉམ་དུ་གད་སྙིགས་གཙང་སེལ་གྱི་བྱ་བ་སྤེལ་ཞིང་། ཐུན་མོང་གིས་བག་ཕེབས་སྣང་སྐྱིད་དང་། ལྗང་མདོག་ཐཱན་ཉུང་། ཤེས་དཔལ་སྐྱོན་བྲལ་བཅས་ཀྱི་འཚོ་བའི་འདུ་ཤེས་དང་འཚོ་བ་རོལ་སྟངས་དང་འགྲོགས་ནས་ལྗང་མདོག་འཕེལ་རྒྱས་དང་མི་དང་རང་བྱུང་ཁམས་ཞི་མཐུན་ལ་སྐུལ་འདེད་བཏང་སྟེ“དག་གཙང་ཐུན་ཏེ”ཡི་སྐྱེ་ཁམས་ཁོར་ཡུག་སྤུས་ལེགས་སུ་གཏོང་བར་ལང་ཚོའི་སྟོབས་ཤུགས་སྐྱེས་སུ་ཕུལ་བ་རེད།
འབྲེལ་ཡོད་འོས་སྦྱོར།